སེམས་ཀྱི་མིག་ཆུ།--བོད་ཀྱི་རྩོམ་པ་པོ་སྐལ་བཟང་ཚེ་བརྟན་ལ་རྗེས་དྲན་ཞུ་བ།

ཁྱུང་ཐར་རྒྱལ།(རྩེ་ཁོག) 琼迈文学网 2022-12-04

  དང་པོ།

  ལོ་རབས་བརྒྱད་ཅུ་བ་ནི་རྒྱལ་ཡོངས་ཀྱི་ས་གནས་སོ་སོ་དང་འདྲ་བར། བོད་ཡུལ་མདོ་དབུས་ཁམས་གསུམ་དུའང་རྩོམ་རིག་གསར་རྩོམ་གྱི་ཚ་རླབས་ཤིག་འཕྱུར་ཡོང་། ལྷག་པར་དུ《བོད་ཀྱི་རྩོམ་རིག་སྒྱུ་རྩལ》དང་《སྦྲང་ཆར》《ཟླ་ཟེར》《གངས་དཀར་རི་བོ》སོགས་དུས་དེབ་ཆར་རྗེས་ཀྱི་ཤྭ་མོ་ལྟར་བརྡོལ་བས་བོད་ཀྱི་རྩོམ་རིག་གི་ཞིང་ས་གཤིན་པོར་ལོ་ལེགས་སྙེ་མའི་གསེར་རླབས་ཀུན་ནས་འཕྱོ་བར་གྱུར།

  སྐབས་དེར་སྐུ་ཞབས་དོན་གྲུབ་རྒྱལ་སོགས་བོད་ཡིག་གིས་ཐད་ཀར་འབྲི་བའི་རྩོམ་པ་པོའི་དཔུང་སྡེ་ཞིག་གསར་དུ་ཆགས་པར་མ་ཟད། ཨ་ཁུ་ཡི་དམ་ཚེ་རིང་སོགས་རྒྱ་ཡིག་གི་ལམ་ནས་འབྲི་བའི་བོད་ཀྱི་རྩོམ་པ་པོའི་དཔུང་སྡེ་ཞིག་ཀྱང་གཞི་ནས་ཆགས་སོང་། འདིར་གླེང་བར་བྱ་བའི་རྩོམ་པ་པོ་སྐལ་བཟང་ཚེ་བརྟན་ནི་ཕྱི་མའི་སྐོར་འདིར་གཏོགས།

  དེ་དུས་ང་ཚོ་རྩོམ་དགའ་སྐོར་ཞིག་གིས《སྦྲང་ཆར》སོགས་དུས་དེབ་ལག་ལ་ཅི་ཡོང་ལྟ་ཀློག་བྱེད་ཀྱིན་ཡོད་པས། རྒན་སྐལ་བཟང་ཚེ་བརྟན་ལགས་ཀྱི་བརྩམས་ཆོས་ལ་འང་དེ་དུས་བག་ཆགས་བཞག་ཡིན། ང་ལ་མཚོན་ན་ཁོང་གི་རྩོམ་ཐོག་མ་བཀླགས་པ་ནི《སྦྲང་ཆར》དུས་དེབ་སྟེང་བཀོད་པའི《འདས་དོན》ཞེས་པ་དེ་ཡིན་ལ། སྒྱུར་མཁན་སུ་ཡིན་ད་ལྟ་ཡིད་ལ་དྲན་གྱི་མི་འདུག དེའི་རྗེས་ནས《ཟླ་ཟེར》སྟེང་བཀོད་པའི་སྒྲུང་གཏམ《སྐལ་བཟང་མེ་ཏོག་ལྷམ་མེར་བཞད》དང་《དབྱར་རྩྭ་དགུན་འབུ》བརྙན་འཕྲིན་ཟློས་གར《ལྷོ་ནས་ལྡང་བའི་རླུང་》《སུ་རུའི་མེ་ཏོག》སོགས་སྐལ་བཟང་མིག་གི་དགའ་སྟོན་དུ་གྱུར། ཁོང་གི་བརྩམས་ཆོས་དག་ལ་འཚོ་བའི་རྨང་གཞི་ཟབ་ཅིང་རྗོད་བྱེད་ཀྱི་ཚིག་སྦྱོར་བདེ་ལ་ཟོར་ཡང་བས་བཀླགས་པ་ཙམ་གྱིས་ཡིད་ཀྱི་རྩིག་ངོས་སུ་རི་མོར་བརྐོས་པ་ལྟར་བརྗེད་དུ་མེད་པའི་ཚོད་དུ་གྱུར།

  ཡིན་ནའང་། ང་རང་ཁོང་ལ་དངོས་སུ་མཇལ་བའི་དུས་ནི 2020 ལོའི་དགུན་སྨད་ཅིག་ཡིན། སྐབས་དེར་ང་ཚོའི་རྫོང་དཔོན་ཀུན་གྲུབ་ཚེ་རིང་གིས་ཕྱོགས་ཡོངས་ནས་རྩེ་ཁོག་དྲིལ་སྒྲོག་བྱེད་པའི་དཔེ་ཆ་ཞིག་གསར་རྩོམ་བྱེད་དགོས་པའི་གྲོས་གཞི་བཏོན། དཔེ་ཆ་དེ་ནི་ཕལ་ཆེར་མདོ་སྨད་ཡོངས་སུ་མིང་དུ་གྲགས་པའི་ས་གནས་དཔའ་བོ་ནོར་མགོ་འཇིགས་སེར་ཟེར་བ་གཞུང་རྐང་དུ་བཞག་སྟེ་འབྲི་རྒྱུ་དང་། རྫོང་མི་དམངས་སྲིད་གཞུང་གིས་ཆེད་དུ་དེའི་སྐོར་རྒྱུན་ལས་གྲོས་ཚོགས་ཤིག་བསྡུས་ཏེ་ཞིབ་རྒྱས་ཀྱིས་བཀོད་སྒྲིག་ཀྱང་བྱས། རྫོང་དཔོན་གྱིས་སྔར་ནས་རྒན་སྐལ་བཟང་ཚེ་བརྟན་ལ་གྲོས་མོལ་བྱས་ཡོད་ཅིང་རྒན་ལགས་ཀྱི་དེབ་འདི་ཁོང་གིས་འབྲི་བར་ཁས་ལེན་གནང་འདུག དེ་བས་གྲོས་ཚོགས་ཀྱིས《 རྩེ་ཆུ་ཚགས་པར》གྱི་གཙོ་སྒྲིག་པ་ཚེ་རིང་རྡོ་རྗེ་དང་། རྫོང་རིག་གནས་ཁང་གི་འགོ་བ་མཁར་ལོ་རྒྱལ་དང་ངེད་གསུམ་པོ་རྒན་ལགས་ལ་དཔེ་ཆ་དེའི་རྒྱུ་ཆ་འཚོལ་བར་བཀོད་སྒྲིག་བྱས། དེ་ནས་ང་ཚོས་ཀྱང་རང་རང་ལ་ལས་བགོས་ཡོད་པའི་སྒོ་ནས་བྱ་བ་བསྒྲུབ་འགོ་བརྩམས་པ་ཡིན། ང་ཚོ་ཕལ་ཆེར་ཉིན་ཉི་ཤུ་ལྷག་ལ་ནོར་མགོ་འཇིགས་སེར་གྱི་ཕ་ཡུལ་དམེ་ཤུལ་སྡེ་བར་ཉུལ་ཞིང་། སྐབས་དེའི་ནོར་མགོ་འཇིགས་སེར་ལ་འབྲེལ་བ་ཡོད་ཅིང་། ནོར་མགོ་འཇིགས་སེར་གྱི་གཏམ་རྒྱུད་ཐོས་མྱོང་པའི་མི་སྣ་རྒན་དར་གཞོན་གསུམ་ལ་བཅར་འདྲི་བྱས། དེའི་ནང་རང་ལོ་བརྒྱད་ཅུར་བུད་པའི་མི་སྣ་གསུམ་དང་དེ་མིན་ཕལ་ཆེ་བ་རང་ལོ་བདུན་ཅུའི་ནང་ཡོད། བསྡོམས་པས་མི་སྣ་ཉི་ཤུ་ལྷག་ལ་བཅར་འདྲི་བྱས་པའི་ཟིན་བྲིས་ཡོད་ཚད་ལ་དག་སྒྲིག་ཅི་ཡང་མ་བྱས་པར་ཁོང་ལ་ཕུལ། ཟིན་བྲིས་དེ་ལ་ཕལ་ཆེར་ཤོག་ངོས་བདུན་ཅུ་ལྷག་ཡོད།

  གཉིས་པ།

  སྤྱི་ལོ 2020 ལོའི་ཟླ 11 ཚེས 2 ཉིན་ང་ཚོ་རྒྱུ་ཆ་འཚོལ་བསྡུ་ཚན་ཆུང་(དོན་དུ་མི་གསུམ་ལས་མེད)ཆེད་དུ་ལན་ཇུ་རུ་སོང་སྟེ་ཁོང་ལ་དངོས་སུ་རྒྱུ་ཆའི་སྐོར་ནས་ཡར་ཞུ་བྱས། ཁོང་བཟའ་ཟླ་གཉིས་ཀྱིས་སྔ་མོ་ནས་ཟ་ཁང་ཅུང་ཆེ་བ་ཞིག་བཀོད་སྒྲིག་བྱས་ཡོད་ཅིང་ཟ་མའང་ང་ཚོ་མཐོ་སྒང་ནས་ཡོང་བ་ཚོར་འཕྲོད་པ་ཏག་ཏག་འདེམས་འདུག་ལ། ང་ཚོས་ཇི་ལྟར་བཤོལ་ཀྱང་མ་ཁོགས་པར་རྩིས་ཀྱང་ཁོང་གིས་བརྒྱབ། ཁོང་ལ་མི་ཆེན་བཅོ་བ་དང་མཁས་མདོག་སྟོན་པའི་གཤིས་ཀ་དེ་འདྲ་མེད་པར་ཧ་ཅང་འགྲོགས་བདེ་གཤིབ་བདེ་ཞིག་འདུག་ལ། སྐད་ཆ་ཅི་ཡོད་ཐད་ཀར་བཤད་ཅིང་འཛེམ་དོགས་ཅི་ཡང་མི་བྱེད། ཡུད་ཙམ་ནས་ཁོང་གིས་ངའི་གན་ན་ཆང་དགའ་ཞིག་ཡོད་པས། དེ་རིང་ཚང་མས་བྲོ་བར་ཅིག་མྱོང་ཟེར་ནས་མཁར་ལོ་རྒྱལ་གྱིས་ཁོའི་འགྲོ་རོགས་བྱས་ཏེ་སོང་། ཕྱིར་སླེབས་དུས་ང་ཚོས་མཐོང་མ་མྱོང་བའི་ཆང་དཀར་ཞིག་དང་ཁོང་གིས་གསར་དུ་བརྩམས་པའི《ལྡེའུ་ཇོ་སྲས》དང་《ལེང་ཇུའི་གྲོས་མོལ》སོགས་དེབ་རྒན་གསུམ་ཁྱེར་ནས་ཡོང་། བརྩམས་དེབ་རེ་རེའི་སྟེང་ལ་ཁོང་གི་མཚན་བྱང་བཀོད་ཅིང་སྒེར་གྱི་ཐམ་ཀས་མནན་ཏེ་ང་ཚོ་མི་རེར་རྗེས་དྲན་དུ་གནང་། ཁོང་གི་བརྩམས་ཆོས་འདི་དག་དུས་གཏན་གྱི་རྗེས་དྲན་དུ་གྱུར་འགྲོ་བ་སུ་ཞིག་གི་ཡིད་ལ་འཆར་ཨང་། ང་ཚོས་ཁོང་གི་ཆང་དཀར་གྱི་ཁ་ཕུད་དེ་ཁོང་ལ་མཆོད་ཁ་འཕེན་དུ་བཅུག་རྗེས་ཆང་ཕོར་གསུམ་ཁོང་ལ་དྲངས་པ་ཡིན། ཁོང་གིས་དེ་ལ་ཡང་མཆོད་ཁ་ཞིག་འཕངས་ཏེ“ ང་རང་ཆང་ལ་ཞེ་དྲག་དགའ་བོ་ཡོད། ཡིན་ཡང་ད་སྐབས་ལུས་ཕུང་ཅུང་མི་བདེ་བས་གནས་སྐབས་སུ་འཐུང་གི་མེད”ཟེར་བས་ང་ཚོས་ཀྱང་ནན་བཤད་མ་བྱས། དེའི་འཕྲོར་ང་ཚོའི་ཀྲུའུ་རེན་ཚེ་རིང་རྡོ་རྗེ་ནས་ཀྱང་སྨན་ཞིག་འཐུང་གིན་ཡོད་པས་འཐུང་རྒྱུ་མིན་ཟེར་བས་དེ་ལའང་ནན་བཤད་མ་བྱས། ཁོང་གི་ཆང་དེ་དེ་ལྟར་མཁར་ལོ་རྒྱལ་དང་ངེད་གཉིས་ཀྱི་བགོ་སྐལ་དུ་གྱུར་བས་ངེད་གཉིས་གཞན་གྱིས་མི་ཐོས་པར་བྱས་ཏེ“ཆང་འདི་འཐུང་པའི་བསོད་ནམས་ལྷ་ཡིས་བྱིན”ཟེར་བཞིན་ཚང་མ་གཙང་དག་བྱས།

  དགོང་མོ་ཁོང་གིས་ང་ཚོར་ཁ་བརྡ་མང་པོ་ཞིག་བྱས་བྱུང་། ཚོར་བ་ཞིག་ལ་ཁོང་ས་གནས་ཀྱི་ལོ་རྒྱུས་སྐོར་ལ་ཧ་ཅང་ཆ་རྒྱུས་ཡོད་པར་མ་ཟད། ཁོང་གི་ཕྱག་ན་དེའི་སྐོར་གྱི་རྒྱུ་ཆ་མང་པོ་འདུག་ཨང་སྙམ་པ་ཞིག་བྱུང་།

  ཁོང་གིས་བཤད་པ་ལྟར་ན་ཁོང་ནི་མ་གཞི་རེབ་གོང་གི་མི་ཡིན་ཞིང་ཆུང་དུས་བླ་བྲང་ཕྱོགས་ན་ཨ་ཅེ་ཞིག་ཡོད་པ་དེའི་བགོས་སྐལ་དུ་གྱུར་བས་སློབ་གྲྭ་སོགས་དེ་ནས་འགྲིམ་པ་དང་རིམ་བཞིན་དེ་ནས་བྱ་བར་ཞུགས་ཏེ། ད་རག་བར་དུ་སློབ་ཁྲིད་མི་སྐྱོང་གི་བྱ་བས་མི་ཚེ་འདས་ཞེས་གླེང་། ད་ལྟ་གཞན་ལ་ངོམ་རྒྱུ་ཞིག་ཡོད་པ་ནི་སློབ་དཔོན་ཆེན་མོ་ཞེས་པའི་མིང་སྐམ་འདི་ཡིན་ཞེས་ཀུ་རེ་བྱེད།

  ཁོང་རང་ཉིད་ལའང་ནོར་མགོ་འཇིགས་སེར་སྐོར་གྱི་རྒྱུ་ཆ་འམ་བཤད་རྒྱུན་འགའ་རེ་ཡོད་ཟེར་ལ། གནས་སྐབས་སུ་ཁྱོད་ཚོ་ཕྱིར་སོང་ནས་ངལ་གསོ་གྱིས་དང་རྒྱུ་ཆ་གསར་བ་རེ་མཁོ་གལ་བྱུང་ན་དུས་ལྟར་ཁྱོད་ཚོར་བརྡ་རྒྱག་ངེས། དེ་དུས་ཡང་ཁྱོད་ཚོར་དཀའ་ལས་ཤིག་གཏོད་དགོས་རྒྱུ་རེད་ཟེར།

  ཁོང་གིས་དེང་རབས་ཀྱི་སྐད་འཕྲིན་སོགས་བཀོལ་སྤྱོད་མི་བྱེད་ལ་སྒེར་གྱི་ཡིག་ཟམ་ཀྱང་མི་འདུག རྩོམ་ཡིག་དག་ཀྱང་ཐོག་མར་ལག་པས་བྲིས་རྗེས་གཞན་ལ་གཏགས་སུ་བཅུག་པ་ཤ་སྟག་རེད། དེ་དུས་ཁོང་དགུང་ལོ་དོན་དྲུག་ཡིན་ཟེར། ཁོང་གི་སྙིང་སྟོབས་འདི་དང་བརྩོན་པ་འདིར་ཧ་མི་ལས་པ་སུ་ཞིག་ཡོད་དམ། ཕྱི་ཉིན་ང་ཚོ་ཕྱིར་ལོག་ཡོང་དུས་འུ་ཅག་རང་ལོ་དོན་དྲུག་ལ་བསྡད་པའི་དབང་དུ་བཏང་ཡང་ཡི་གེ་ཞིག་རིག་རྒྱུ་ཕར་ཞོག ཐ་ན་སྤྱོད་ཁང་ཀྱང་བཙལ་ནས་རྙེད་རྒྱུ་མ་རེད”ཅེས་རང་རང་ལ་ཀུ་རེ་བྱས།

  གསུམ་པ།

  སྤྱི་ལོ 2021 ལོའི་ལོ་སར་ཚར་ནས་ཕྱིར་ཚང་མ་ལས་ཚོགས་སུ་ཞུགས། ཉིན་གུང་ཞིག་ལ་མཁར་ལོ་རྒྱལ་གྱིས“ཁོམ་པ་ཨེ་ཡོད། ཡོད་ན་མཉམ་དུ་དྲོས་ཇ་ཞིག་འཐུང་བར་འགྲོ རྒན་ལགས་ཀྱིས་རྩོམ་གྱི་ཐོག་མའི་མ་ཕྱི་གྲུབ་འདུག ངས་ཚར་འགའ་དེབ་གཟུགས་སུ་དཔར་ཡོད”ཟེར། ངས་དེ་འདྲའི་མགྱོགས་པ་ལ། ཕལ་ཆེར་མང་པོ་ཞིག་བྲིས་ཡོད་རྒྱུ་མ་རེད། གང་ལྟར་ཤོག་ངོས་ཉིས་བརྒྱ་ཙམ་ལོངས་ན་འགྲིག་འདུག་སྙམ། ངེད་གཉིས་མཉམ་དུ་ཟ་ཁང་ཞིག་ཏུ་སོང་ཞིང་ཁོས “འདི་ནོར་མགོ་འཇིགས་སེར་རེད”ཅེས་ངའི་ལག་ཏུ་དེབ་རྒན་ཞིག་བཞག་བྱུང་། དེབ་དེའི་དཔར་ཤོག་ལ་ཤོག་བུ A4 སྤྱད་ཡོད་ལ་དེབ་ཀྱི་མཇུག་ཏུ་བལྟས་པར་ཤོག་ངོས་དྲུག་བརྒྱ་ལྷག་འདུག ང་རང་ཡ་མཚར་སོང་། ཁོང་དགུང་ལོ་འདི་འདྲ་མཐོ་བར་ད་དུང་འདི་འདྲའི་སྤོབས་པ་ཞིག་དང་བརྩོན་འགྲུས་ཤིག་གང་ནས་བྱུང་བ་ཡིན་ནམ་སྙམ།

  ཉིན་འགའི་རྗེས་སུ་རྫོང་རིག་གནས་ཁང་ནས་དེབ་འདིའི་ཞུ་དག་དང་བསྐྱར་བཅོས་ཀྱི་སྐོར་ཚོགས་འདུ་ཆུང་ཆུང་ཞིག་བསྡུས། རྩེ་ཁོག་རྫོང་ཐོག་ན་ཡོད་པའི་ཤེས་ཡོན་པའི་སྡེ་རུ་འབོད་པའི་མི་སྣ་བདུན་བརྒྱད་ཙམ་གདན་འདྲེན་བྱས་ཏེ། མི་རེར་དེབ་རེ་ཕུལ་ཞིང་ཟླ་ངོ་གཅིག་གི་རིང་ལ་བལྟས་ཚར་དགོས་ཤིང་ད་དུང་བསམ་འཆར་འགའ་རེ་འདོན་དགོས་པའི་རེ་བ་བཏོན། ཕྱིས་སུ་ང་ཚོ་རང་གི་བསམ་འཆར་འདི་དག་གཅིག་བསྡུས་བྱས་ཏེ་ཁོང་ལ་དངོས་སུ་ཡར་ཞུ་ཐེངས་ཤིག་བྱེད་འཆར་ཡོད་ཀྱང་གློ་བུར་དུ་གང་སར་རིམས་ནད་མཆེད་པས་ངལ་བ་འབྲས་མེད་དུ་གྱུར། ལས་གྲོགས་མཁར་ལོ་རྒྱལ་གྱིས་ང་ཚོས་བཏོན་པའི་རེ་བ་དང་བསམ་འཆར་དག་རྒན་ཁོང་གི་ནང་མི་བརྒྱུད་དེ་ཞུ་འབུལ་བྱས་པར་ཁོང་གིས“ཧ་ཅང་ཡག་པོ་འདུག བློ་སྐྱེད་མི་དམན་པ་ཐོབ་བྱུང་། ང་རང་གནས་སྐབས་སུ་ལུས་ཕུང་ཅུང་མ་བདེ་བར་སྨན་ཁང་དུ་ཡོད་མོད། སྨན་ཁང་ལས་བུད་རྗེས་ཁྱོད་ཚོའི་རེ་བ་ལྟར་བསྐྱར་བཅོས་བྱེད་ཁོ་ཐག་ཡིན”ཞེས་གསུངས་སོང་ཟེར།

  སྒྲུང་གཏམ་དག་ཏུ“གློ་བུར་དུ། དེ་ནས་ཡང་གློ་བུར་དུ”ཞེས་གློ་བུར་དུ་ཧ་ཅང་མང་པོ་ཞིག་གློ་བུར་དུ་འབྱུང་བ་ནང་བཞིན། ལས་གྲོགས་མཁར་ལོ་རྒྱལ་གྱིས་ང་ལ་གློ་བུར་དུ་ཁ་པར་ཞིག་ཐོན།

  “རྒན་ལགས་མེད་སོང་ཟེར་བ་ཨེ་བདེན་ནམ”ཟེར།

  “རྒན་སུ”ངས་ཧ་ཅང་གཟབ་ནན་གྱིས་གཏིང་འདྲི་ཞིག་བྱས།

  “རྒན་སྐལ་བཟང་ཚེ་བརྟན་ལགས། དྲ་ཐོག་ན་དེ་འདྲ་ཞིག་འུར་གྱིན་འདུག”ཟེར།

  ངས་ཤི་སྐད་ཞིག་ལ་མི་བདེན་རྒྱུ་ཅི་ཡོད་སྙམ་བཞིན་དྲ་རྒྱ་ཉུལ་བ་ན་གཏམ་ངན་དེ་ཤོག་བུ་རླུང་ཁུར་ཞིག་དང་འདྲ་བར་གང་སར་བསྒྲགས་ཚར་འདུག

  ངའི་སེམས་སུ་ཅི་ཡིན་མི་ཤེས་པའི་སྨུག་སྤྲིན་ཞིག་འཐིབས་པའི་མུར་ཚོད་ཚོད་ལ་སུ་ཞིག་གི་སྟེང་དུ་འཚིག་པ་ཟ་བ་ལྟར་སེམས་ཁམས་ཧ་ཅང་མི་སྐྱིད་པར་གྱུར། དགོང་མོ་དེར་ངས་མཆོད་མེ་རྐང་གཅིག་བཞག་པ་དང་མ་ཎི་ཚར་འགའ་བཏོན་ཏེ་སློབ་དཔོན་ཆེན་མོ་ཁོང་ལ་སྙིང་ཁོངས་རུས་པའི་གཏིང་ནས་ལམ་འཇུག་བྱས།

  བདེ་བར་བཞུད་ཅིག་སློབ་དཔོན་ལགས། ཁྱེད་ཀྱི་ཆེད་དུ་ཇི་འདྲའི་སློབ་མ་མང་པོ་ཞིག་དང་ལས་གྲོགས་མང་པོ་ཞིག ད་དུང་གཉེན་ཉེ་དང་ཀློག་པ་པོ་ཇི་འདྲའི་མང་པོ་ཞིག་གིས་སྐྱབས་འཇུག་དང་སྨོན་ལམ་འདེབས་བཞིན་ཡོད་ཨང་།

  ཁྱེད་རང་ཞིང་མཆོག་ག་ལ་བ་དེར་བདེ་བར་བཞུད་ཅིག ཚེ་ཚེ་རབས་རབས་སུ་ཁྱེད་རང་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ཞིང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་ནམ་ཡང་མི་འབྲལ་བར་གྱུར་ཅིག །

                                                                            2022ལོའི་ཟླ་12 པའི་ཚེས་4་ཉིན་རྩེ་ཁོག་ནས།

རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སེམས་ཀྱི་མིག་ཆུ།--བོད་ཀྱི་རྩོམ་པ་པོ་སྐལ་བཟང་ཚེ་བརྟན་ལ་རྗེས་དྲན་ཞུ་བ།

2022-12-04 ཁྱུང་ཐར་རྒྱལ།(རྩེ་ཁོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།