དྲ་ལམ་བདུང་ལེན་འགྲན་བསྡུར་ལས་འཕྲོས་ཏེ་རང་གི་ལྟ་བ་གླེང་བ།

ཚེ་ཤིས་ལྷ་དོན།(ཨ་མཆོག) 琼迈文学网 2022-12-11

  ད་སྐབས་དྲ་རྒྱའིབཀོལ་སྤྱོད་སྟབས་བདེ་ཅན་དང་དྲ་རྒྱ་རང་སྟེང་གི་རིན་ཐང་རིན་པ་ཅན་དུ་གཏོང་བའི་ཆེད། འཕྲིན་ཕྲན་དང་མགྱོགས་འཕྲིན། འཁྱུག་དབྱངས་སོགས་སྨྱན་བྱད་མ་ལག་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་ན། མི་སྒེར་བ་སོ་སོ་འཕྲིན་སྟེགས་ཀྱི་བདག་པོའམ་སྨྱན་བྱད་པ་གང་མང་ལ་འགྱུར་ཀྱིན་ཡོད་པ་དང་། རང་ཅག་ཁ་བ་ཅན་གྱི་མྱི་རྣམས་ཀྱང་དེ་བཞིན་དུ་དྲ་སྒང་ལ་བུད་ནས་ཉིན་མཚན་གཏོང་མཁན་ཇེ་མང་དུ་གྱུར་ཏེ་དྲ་དཔོན་ཞེས་བའི་ཐ་སྙད་གསར་བ་འདིའི་བདག་པོར་གྱུར། དེའི་མུར་བདུང་ལེན་དང་རྩེད་རིགས། ཞབས་བྲོ། སྒྲུང་གཏམ། ཤགས་འགྱེད་ལ་སོགས་རང་ག་བའི་འཇོན་ཐང་ཅི་ཡོད་ངོམས་པའི་ཚོད་ལྟ་རང་བཞིན་གྱི་བརྒྱུད་རིམ་ཅིག་བྱུང་རྗེས། དེ་གའི་རྒན་དར་གཞོན་གསུམ་ལས་ཅུང་མགོ་བདེའི་རིགས་སུ་གྱུར་པ་དག་གིས་ནང་ལོགས་ཀྱི་ཐད་གཏོང་བ་ཚོ་ལ་དཔེར་བལྟས་ནས་ཚོང་ཙག་ཙིག་རྒྱག་རྒྱུ་དང་ཕན་ཚུན་PKརྒྱག་པ་ཞེས་བའི་མཐེ་བོང་གནམ་སློང་གི་ཚ་རླབས་ཤིག་བསླངས། དེ་ལས་དེ་དག་གིས་ཕན་ཁེ་རག་སྟེ་ངོམ་སོ་རྒྱ་ཆེར་བྱེད་པ་དང་ལྷན་དུ་མི་བུ་རང་ཚུགས་མེད་པ་མང་པོ་ཞིག་གི་སེམས་ལ་ཚ་གཟེར་ཆེན་པོ་བརྒྱུགས་ཏེ། PKལས་ངོ་ཚ་འཛེམ་མེད་ཀྱི་ལས་ཡ་མཚན་པ་ཏག་ཏག་བྱས། དེའི་ཤུགས་རྐྱེན་ནམ་སྒོར་རྡོག་འགའ་རེ་བླངས་རྗེས་རང་ཡུལ་ནས་འདུག་བདེ་མ་བྱུང་བ་ཚང་མ་རྒྱ་ནང་ལ་བཞུར། རྒྱ་ནང་ནས་ཀྱང་རྒྱ་ཆོ་མེད་རེ་དང་སྦྲགས་དེ་ནང་ལོགས་རང་སའི་ཁྲོམ་དུ་ཚོང་ཐབས་བྲལ་བའི་ཅ་ལག་སྤུས་ཞན་རིགས་མང་པོ་ཞིག་མནའ་དང་ཀི མཐེ་བོང་དང་ངུ་ལབ་སོགས་འཁྲབ་སྟོན་འཇིགས་སུ་རུང་བ་དག་དག་གི་ཕྱག་ལེན་ལ་ཁེན་ཏེ་བོད་ཡུལ་ཀུན་ལ་བསྐྱལ། ད་ལྟ་རྫུན་གྱི་རྔ་མ་བུད་དེ་ཁ་ལས་ཉམས་པ་དང་ཚོང་ལམ་མནའ་ཡིས་བསྒགས་ཏེ་ཁེ་མ་རག་པ་སྐོར་ཞིག་གིས་མི་གྲངས་གོང་འཕེལ་གྱི་ཆེད་དཀྲོལ་ལེན་འགྲན་སྡུར་ལ་བབ་བཅོལ་ཏེ་མི་གྲངས་འཕེལ་ཐབས་དང་ཚོང་རྒྱག་པའི་རླུང་རླབས་ཤིག་སླར་ཡང་བསླངས། དེ་ལས་འཕྲོས་ཏེ་ལ་གཞས་འགྲན་སྡུར་དང་། ཡག་འགྲན། ཤོམ་འགྲན། གྱེར་འགྲན་སྣ་ཚོགས་པ་སྤེལ་བ་དང་བསྟུན། རང་རང་གི་ལྟ་བ་དང་ཕྱོགས་ཞེན་གྱི་དབང་གིས་རྒྱུ་འབྲས་དྲང་བཞག་ཡིན་མིན་དང་དཀྲོལ་ལེན་ལག་ཆར་གྱུར་ཚུལ་སོགས་ཀྱི་གླེང་གཞི་རབ་དང་རིམ་པ་འབྱུང་གིན་པས་ན། རང་ཡང་དེའི་ཁྲོད་ལ་ཞུགས་ནས་རང་གི་ལྟ་བ་ཞིག་གླེང་འདོད་སོང་། དེས་ན་དེའི་ཁྲོད་རང་ཉིད་དུངས་ཞེན་ཟབ་སའི་དཀྲོལ་ལེན་འགྲན་སྡུར་བརྗོད་བྱར་བཟུང་སྟེ་བསམ་ཚུལ་ཅུང་ཙམ་སྤྲོ་བར་བྱའོ།

  རིག་གནས་རིན་ཐང་ཅན་ཞིག་རིན་པ་ཅན་དུ་འགྱུར་དགོས་ན་ནི་ཀྱག་ཀྱོག་དང་རྩོད་ཉོག་གི་བརྒྱུད་རིམ་ཅིག་འགྲིམ་དགོས་པ་རྩོད་མེད་ཡིན་པ་ནང་བཞིན། ད་ལྟའི་དམངས་སེམས་ལ་གྲག་འགུལ་རྟབ་རྟབ་པོར་སློང་བྱེད་དང་། ལྷོད་གཡེང་གི་དུས་ཚོད་ཡོངས་རྫོགས་དཀྲོལ་ལེན་ལ་བཅོལ་བའི་བར་སྐབས་འདི་འདྲ་ཞིག་ལ་མཚོན་ན། དཀྲོལ་ལེན་གླེང་ན་ཉན་སྤྲོ་ལ། བདུང་ལེན་དང་དཀྲོལ་ལེན་གྱི་ཐ་སྙད་བརྩད་ན་ཁ་ངོ་དམར་པོ་འགྱུར་བའི་དུས་མང་མོད། རྩོད་ཉོག་གི་བར་ནས་ཁས་ལེན་དགོས་པ་ཞིག་ནི་ད་ལྟའི་དྲ་འགྲན་འདི་དག་གིས་དཀྲོལ་ལེན་རིན་པ་ཅན་དུ་བསྒྱུར་བ་དངོས་རེད། བྱ་དགའ་ཅི་ཙམ་མཐོ་བ་དེ་ཙམ་གྱིས་གཙོ་སྒྲུབ་པ་ཚོས་འགྲན་ཞུགས་པར་ཆ་རྐྱེན་བརྩི་ཐུབ་པ། ཆ་རྐྱེན་ཅི་ཙམ་བརྩིས་པ་དེ་བཞིན་དཀྲོལ་ལེན་ལ་གླུ་ཚིག་གསར་བ་དང་དབྱངས་རྟ་གསར་བའི་རྒྱན་འདོགས་ཐུབ་པ་དེའང་གོང་འཕེལ་ཅིག་ཏུ་བརྩི་འོས་ལ། འདིར་གླེང་གཞིར་གྱུར་བའང་སྨོས་ཅི་དགོས། སྤྱིར་བདུང་ལེན་དང་དཀྲོལ་ལེན་གྱི་ཐ་སྙད་ནི་རྩོད་དགོས་པ་ཅི་ཡང་མ་ཡིན་ཏེ། བདུང་ལེན་ནི་ངག་ཐོག་ལ་རྒྱུན་འབྱམས་སུ་སོང་བའི་སྐད་དང་དཀྲོལ་ལེན་ནི་ཡིག་སྐད་དུ་སྤྱད་པས་འཐུས་པ་སྟེ། འཕྲིན་ཕྲན་དང་སྐད་འཕྲིན་ཀྱི་ཐ་སྙད་གཉིས་བཞིན་ཡིག་དག་གཉིས་སུ་སོ་སོ་སྤྱོད་བདེ་བ་དེ་འདྲའོ། བདུང་ལེན་དྲ་ཚོང་བ་དག་གི་ལག་ཆར་གྱུར་ཡོད་མེད་ཐད་ནས་གླེང་ན། ལག་ཆ་རེད་དེ། དེ་ཚོའི་དམིགས་ཡུལ་ཚོང་ཡིན་པ་ནི་བསྙོན་དུ་མེད་ནའང་། དེ་ཚོས་ཚོང་ཞིག་རྒྱག་ཐུབ་པའི་རེ་བ་ཞིག་མ་བཅངས་ན་འདི་འདྲའི་བྱ་དགའ་བརྗིད་པོ་ཞིག་འཇོག་དཀའ་བ་དང་། བྱ་དགའ་ཆེན་པོ་འདི་འདྲ་མེད་ན་རྡུང་ལེན་རིན་པ་ཅན་དུ་དེ་བས་བསྒྱུར་ཐབས་མེད། རང་ཅག་ཀུན་ལ་ཐུན་མོང་གི་སྐྱོན་ཆ་ཞིག་ཡོད་པ་ནི་གླུ་བ་ཆེ་གེ་མོས་གཞས་གསར་བ་ཞིག་བཟོ་རྒྱུར་རྒྱུ་དངོས་གང་མང་བཀོལ་ནས་ཀུན་གྱི་གཟིགས་མོར་བཀྲམ་ན། དེའི་རྒྱུ་དངོས་ཚེགས་སྡུག་ལ་བསམ་ནས་རྒྱབ་སྐྱོར་གྱིས་འཛད་སྤྱོད་གཏོང་མཁན་ཧ་ཅང་ཉུང་ཞིང་། དྲང་བདེན་སྨྲ་བ་དང་ཚོང་ལས་པར་སྡིགས་པར་དགའ་བ་ཕལ་མོ་ཆེའི་བརྙན་སྡེར་རྫུན་མ་དང་ཟེར་སྡེར་རྫུན་མ་འདེམས་ཏེ་གླུ་བ་དེས་གཞས་ལ་བཏང་བའི་འགྲོ་སོང་ཙམ་རག་མི་ཐུབ་པའི་གནས་སུ་གཏོང་བ་འདི་དང་། ཐ་ན་འཕྲིན་སྟེགས་སུ་གཞས་རེར་སྒོར་མོ་གཅིག་རེ་བྱས་ཏེ་ཉན་འཚོང་མངགས་ནའང་ཉོ་མཁན་སྐར་མ་འཛོམས་མདོག་ཟོལ་གྱིས་ཁྲ་ཁྲ་ཐོར་ཐོར་ལས་མི་འདུག་པ་དངོས་ཡིན། དེས་ན་དཀྲོལ་ལེན་རིན་པ་ཅན་དུ་གྱུར་བ་ལ་ངོ་སོ་བསྟོད་པ་ལས་དམོད་མོ་མང་དགོས་དོན་ཆུང་བར་སྙམ། དེ་དག་ལ་དངུལ་རག་ན་ད་གཟོད་འུ་ཅག་གིས་གཞས་གསར་སྤུས་ཀ་ཅན་རེར་ཉན་བཏུབ། རྫུན་མ་འདེམས་སོང་ཞེ་ན་དངུལ་རང་ལག་ཡིན་པས་མི་དགའ་བ་མང་ན་ཐང་མོད། ཚོང་གི་རྩ་དོན་ནི་ཁེ་ཕན་དང་ཁེ་ཕན་གྱི་རྟེན་གཞི་ནི་ཉོ་མཁན་ཡིན་པ། ཉོ་མཁན་མེད་ན་བཙོང་མཁན་མེད་ལ། དེ་བཞིན་རྫུན་མ་མི་ཉོ་ན་དེ་ལྟར་ཚོང་མཁན་མེད་པ་གཞར་དུ་ངེས་དགོས། བདུང་ལེན་པ་ཚོར་དྲ་འགྲན་ལ་ཞུགས་མི་ཉན་ཚུལ་གླེང་བ་དག་ནི་ཕལ་ཆེར་དཀྲོལ་ལེན་རིག་གནས་འཕེལ་རྒྱས་དང་། བདུང་ལེན་པ་ཚོའི་གནས་བབ་ལ་འདང་དེ་འདྲ་རྒྱག་ཐུབ་མེད་པ་དག་རེད། བདུང་ལེན་པར་གར་སྟེགས་ཅི་ཙམ་མང་ན་དེ་ཙམ་གྱིས་དཀྲོལ་ལེན་རིག་གནས་ཡར་རྒྱས་སུ་འགྲོ་ལ། དོགས་སློང་དང་རྩོད་ཉོག་ཅི་ཙམ་མང་ན་དེ་ཙམ་གྱི་སྤུས་ཀ་ཇེ་ལེགས་སུ་འགྲོ་བ་དངོས་པོ་དར་བའི་ཆོས་ཉིད་རེད། དེ་བས་དཀྲོལ་ལེན་འགྲན་སྡུར་དགའ་བས་བསུ་བ་དང་བདུང་ལེན་ལ་དགའ་ན་ཞིབ་གྱིས་གསན་ནས་བདུང་ལེན་ཡར་རྒྱས་ལ་གཞོགས་འདེགས་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་རེད་སྙམ། དྲ་ལམ་བདུང་འགྲན་ལ་བལྟ་དུས་མི་ཕལ་མོ་ཆེའི་དྲ་བའི་རྫུན་འཚོང་གིས་བསྐྱེད་པའི་ཁོང་ཁྲོ་ཞིག་ཞེ་ལ་ཉར་དེ་ཉན་གྱིན་འདུག དེ་ནི་དཔྱད་འདེམས་པའི་ཞབས་མཆན་དུ་4477རྒྱག་པ་དང་། སུ་ཞིག་དྲང་བདེན་མ་རེད་དང་གང་གིས་ཅང་མི་ཤེས་ཟེར་བ། ཅ་ལག་གད་སྙིགས་རེད་ཅེས་པ་སོགས་ཀྱིས་ཤེས་ཐུབ། དེ་དག་ནི་ཞབས་མཆན་པའི་སེམས་ཚོར་ནང་བཞིན་དྲང་བདེན་མིན་པ། ཡང་ན་ཅང་མི་ཤེས་བ། དངོས་པོ་རྫུན་མ་སོགས་ཡིན་པ་བདེན་ནི་སྲིད། འོན་ཀྱང་ང་ཚོ་ལྟ་མཁན་དག་གིས་ངེས་བར་མཁྱེན་དགོས་པ་ཞིག་ལ་དྲང་བདེན་ནི་ལྟོས་འཇོག་གི་ཐ་སྙད་ཅིག་དང་། མི་ཤེས་པ་ནི་ཚད་བཀག་གི་ཆ་ཞིག དངོས་པོ་རྫུན་མ་ནི་རང་གིས་མ་ཉོས་ན་ཆོག་པ་ཞིག་དང་རང་འཁོར་གྱི་ཉེ་བོ་དག་ལ་མ་ཉོ་བར་སྐུལ་ན་ཆོག་པ་ཞིག་ཡིན་པ་སེམས་ལ་ངེས་པར་གསལ་དགོས་སྟེ། དྲ་ལམ་བདུང་འགྲན་ལ་བལྟས་པ་ཙམ་གྱིས་དངོས་པོ་ཡིན་གཅིག་མིན་གཉིས་ཉོ་དགོས་པའི་ཆ་རྐྱེན་ནི་བཞག་མི་འདུག་ན། གཞན་གྱིས་དུས་ཚོད་ཉོ་ཚོང་ལ་བེད་སྤྱད་ནས་སུན་པོ་བཟོས་ན་དེར་འུ་ཚོར་ཐེ་གཏོགས་ཀྱི་དབང་ཆ་གང་ཡང་མེད་དོ།། མ་གཞི་ནས་ཁོ་ཚོས་བྱ་དགའི་དངུལ་དེ་འདྲ་འཇོག་དོན་ཀྱང་ཚོང་གི་དུས་ཚོད་ཉོ་འདོད་པ་དེ་རེད་ལ། དེ་ནི་དཔེར་ན་རང་མགྲོན་ལ་སོང་ན་ཇ་ནམ་ལྡུད་གནས་མོའི་ལག་ཡིན་པ་ནང་བཞིན་ནོ། འདིའང་ཤེས་དགོས། དེ་མིན་གཟུགས་མེད་ཀྱི་ཁོང་ཁྲོ་ཞིག་གིས་རང་གི་སེམས་ཚོར་སྡུག་པོར་བཏང་སྟེ་བདུང་ལེན་ལ་ཉན་པའི་སྤྲོ་བ་བརླག་ན་རང་སྡུག་རང་ལ་གཏད་པ་ཧ་མ་གོ་བ་ལས་ཅི་ཡང་མིན། དེ་བཞིན་བདུང་ལེན་བསྐྱར་ལེན་མང་དྲགས་པ་དང་། གངས་ལྗོངས་ཁུ་བྱུག་ལ་རྩིས་ཐང་མ་བཞག་པ། དཔྱད་འདེམས་པའི་སྡེའི་གཞུང་ལུགས་ཀྱི་རྒྱབ་ཤ་སྲབ་པ་སོགས་ཀྱི་ཐད་ནས་གླེང་ན། དེ་ལ་བདེན་པའི་ཆ་མཆིས་སྲིད་ནའང་། བསྐྱར་ལེན་གྱིས་གཞས་དེ་ལ་དགའ་བ་ར་སྤྲོད་པ་དང་། རོལ་མོ་ནི་རོལ་བྱ་སྟེ། སྤྱི་བའི་མྱོང་རོལ་ལ་བསྐུར་བའི་སྒྱུ་རྩལ་གྱི་ངོ་བོ་ངོ་ཟིན་ན། རྩིས་ཐང་གི་སྒམ་དུ་འཇུག་པ་ཙམ་ལས་ཡང་ལེན་བསྐྱར་ལེན་བྱས་ན་ནི་དར་ཁྱབ་ལ་ཕན་པའང་རྟོགས་དགོས། བསྐྱར་ལེན་མང་དྲགས་ན་གོང་འཕེལ་མེད་པར་མཚོན་པ་བདེན་དུ་ཆུགས་ཀྱང་། རང་རེའི་བདུང་ལེན་པའི་སྡེ་སྤྱི་ལ་རོལ་མོའི་ཤེས་བྱ་དང་རིག་གནས་ཡོན་ཚད་ཚད་ག་འདྲ་ཞིག་ཡིན་པའང་བརྗེད་མི་ཉན། དེ་ཡང་ཁོང་ཅག་ལ་ཡོན་ཚད་མེད་ཅེས་དམའ་ཕབ་པ་མིན་ཏེ། ཁོང་ཅག་གི་ཞན་པའི་ཆ་འདིས་བདུང་ལེན་ལ་འགྱུར་མེད་ཀྱི་བརྩེ་དུང་བཅངས་བའང་བཟང་བའི་ཆ་ཡིན་པར་ངེས་བ་རྙེད་དགོས་ལ། རང་ཅག་གི་དགོན་སྡེའི་རིག་གནས་ཀྱི་ཚད་བཀག་གི་རྐྱེན་པས་རོལ་དབྱངས་ཀྱི་རྨང་གཞིའི་ཤེས་བྱར་སྦྱངས་སའི་གནས་དཀོན་པ་ལའང་ཁས་ལེན་འོས། དེ་བཞིན་རང་ཅག་ཁ་ཡོད་ངག་ཡོད་དག་གིས་ནམ་རྒྱུན་གཞན་ལ་ལྟ་བའི་མིག་དེ་རང་ལྟའི་མེ་ལོང་དུ་བསྒྱུར་ནས་རང་ཉིད་རང་རིག་གནས་ཀྱི་ཅི་ཞིག་ལ་འབྱར་ཡོད་པ་དང་ཅི་ཞིག་ཟིན་ཡོད་པ་སོགས་ལ་རང་ཕྱོགས་སུ་དཀར་མེ་བཀར་ན་བཟང་ངོ་།། དཔྱད་འདེམས་ཐད་ནས་གླེང་ན་དང་པོར་གཙོ་སྒྲུབ་པས་ཐོག་མའི་རྨང་འདིང་དུས་སུ་དེར་བསྟུན་གྱི་འཆར་གཞི་ཞིག་དང་དཔྱད་འདེམས་དང་ལེན་བྱས་པ་དག་ལ་རང་རང་གི་བསམ་ཚུལ་ཅིག་ཡོད་ཤག་ཤག་ཡིན་ཏེ། ལས་གང་ཞིག་བསྒྲུབ་ན་རང་ཚོད་ཀྱི་བསམ་བློ་ཞིག་གཏོང་སྲིད་པ་དང་། ལག་ལེན་སྐབས་སུ་འཆར་གཞི་ནང་ལྟར་མ་སོང་བ་ཡོད་འོས་པ་དང་དཔྱད་འདེམས་སྐད་ཆ་བག་ཡངས་སུ་བརྗོད་མི་ནུས་པ་དང་བརྗོད་མི་རུང་བ་ཡོད་སྲིད་པ་འང་རྟོགས་དགོས། འོན་ཀྱང་རང་གི་རེ་བ་འམ་བརྗོད་འདོད་པ་ནི་དྲ་ལམ་དཔྱད་་འདེམས་པའི་ཚུལ་བཟུང་ཟིན་པ་དག་ལ་ཡོན་ཚད་ཡོད་མེད་དང་ངག་རྩལ་ལྡན་མིན། གནད་ལ་ཕོག་མིན་དང་དཔྱད་འདེམས་ནུས་མིན་མ་ཡིན་པར། རྗེས་ཕྱོགས་གཙོ་སྒྲུབ་པ་ཚོས་དཔྱད་འདེམས་ཆེད་མི་གསུམ་བཙལ་བའི་རྨང་གཞིའམ་མི་གསུམ་ལས་མང་བ་གོ་སྒྲིག་བྱ་འཆར་ཡོད་ཚེ། དེའི་ཁྲོད་དུ་བརྡ་སྤྲོད་དང་ཐ་སྙད་དག་ཆ་སོགས་རིག་གནས་ཀྱི་ཆུ་ཚད་ཅུང་མངའ་བ་ཞིག་ཆེད་དུ་རྡུང་ལེན་གྱི་ཚིག་ལ་ལྟ་མཁན་དུ་གདན་ཞུ་དང་དབྱངས་ཀྱི་གཞུང་ལུགས་ལ་ཅུང་མཁས་པ་ཞིག་ཆེད་དུ་དབྱངས་རྟ་ལ་ལྟ་མཁན་དུ་གདན་ཞུ་བྱས། སོ་སོ་འཆད་ལ་མཁས་ན་དེ་བས་བརྒྱན་ཅིང་། དེའི་སྟེང་དུ་ད་གཟོད་རྡུང་ལེན་པ་མིང་ཅན་ཞིག་གདན་དྲངས་ཏེ་དཔྱད་འདེམས་ཀྱི་གདན་སྟེང་མནན་ན་ལེགས་ཆ་ཧ་ཅང་མང་པར་སྙམ། དེ་ལྟ་ན་དཔྱད་འདེམས་པ་ཚོར་རང་འཁྲིའི་དམིགས་ས་དང་མཉམ་འཇོག་ས་ཁྱད་པར་བ་རེ་གཏན་འཁེལ་ཡོད་པས། དེའི་ཐད་ཆེད་དམིགས་ཀྱི་དཔྱད་བརྗོད་སྤེལ་ན་སྤེལ་བདེ་བ། སྐར་མ་ཐོབ་ཚད་ལ་དམིགས་འབེན་གསལ་བ། རྡུང་ལེན་པ་མིང་ཅན་གྱིས་དེར་བསྟུན་གྱི་རང་གི་སེམས་ཚོར་དང་ཉམས་མྱོང་རང་བཞིན་གྱི་བསམ་ཚུལ་རེ་བརྗོད་ན་ཡིད་ལ་འབབ་སླ་བ་སོགས་ཀྱི་ཁྱད་ཆོས་ཡོད་པ། དམིགས་ས་གསལ་ན་དེ་བཞིན་དུ་མ་འདང་ས་དང་མི་འགྲིག་ས་བཅའ་བར་ཕན་པ་སོགས་ཀྱི་ནུས་བ་འདོན་ཐུབ་པས་དེ་ལྟ་བུར་ནི་དཀྲོལ་ལེན་རིག་གནས་དར་རྒྱས་སུ་གཏོང་ཆེད་འགྲན་སྡུར་བསྡུ་བཞིན་ཡོད་ཅེ་ན་གླེང་ཆོག་ཆོག་གི་ངོམས་སོ་ཡོད་པར་འདོད་དོ།།

  གོང་ལས་འཕྲོས་ཏེ་རང་ཅག་གི་ངག་རྩོམ་རིག་གནས་དང་དམངས་སྲོལ་རིག་གནས་ཐད་ལ་མཉམ་འཇོག་དགོས་པར་འདོད་པ་རེ་གླེང་ན། བྱ་དངོས་གང་ཞིག་དར་ཞིང་རྒྱས་ཚེ་དེའི་ཞོར་དུ་དྲུད་པའི་མི་དགེ་བའི་ཆ་རེ་འབྱུང་སྲིད་པ། དེ་ལ་དེར་བསྟུན་གྱི་ཚད་བཀག་ཀྱང་དགོས་ངེས་ཅན་ཡིན་པས། ད་ལྟ་ང་ཚོའི་མི་རིགས་འདི་དུས་ཚོད་ཀྱི་འདུ་ཤེས་མེད་པ་ལས་ཡོད་པ་དང་། རང་དོན་གཙོ་གཉེར་གྱི་སྒུལ་ཤུགས་ཆུང་བ་ནས་ཆེ་རུ་སོང་བའི་དུས་གསར་མི་གསར་གྱི་གནས་བབ་དམིགས་བསལ་བ་འདི་འདྲ་ཞིག་ལ་ཐོན་པ་ན། གཞོན་པ་ཚོ་རོལ་དབྱངས་ཀྱི་གཤོག་པར་འཐམ་སྤྲོ་བ་དང་འཐམ་ནས་ནས་ཀྱང་གནའ་བོའི་རིག་གནས་ལས་ཐུག་ཉན་ས་དང་མི་ཉན་ས་ཚང་མར་གཞོན་པའི་སྣང་བས་དམར་འཐམ་འདྲ་ཞིག་བྱས་པ་དང་། རང་སྐད་རང་ཡིག་ལ་འཇུག་པའི་སྒོ་ཅུང་དོག་པར་ཤོར་བ་ལ་སྟེས་དབང་གིས་འཕྲད་པས་སམ། ངག་རྩོམ་རིག་གནས་ཀྱི་གབ་རྒྱན་དང་ངོ་ཚའི་བསམ་བློ་གསལ་བར་མ་མཐོང་བར་འུད་ཀྱིས་ཤོར་ནས། ད་ལྟའི་གླུ་དབྱངས་ཕལ་མོ་ཆེ་ནི་ལ་གཞས་གླུ་དབྱངས་ཀྱི་ཁོངས་སུ་འགྲོ་བ་དང་། དེ་ཀོ་ལ་གཞས་དང་ངོ་ཚའི་རིག་གནས་སུ་ངོས་མ་ཟིན་པར་རི་གླུ་ཁྱིམ་ནས་ལེན་ཅིང་། གར་སྟེགས་གང་ཆེ་དང་ལོ་སར་དགོང་ཚོགས་ནས་ལེན་པ་སོགས་ཧ་ལས་པའི་ཚོད་དུ་གདའ། འདི་ཡང་རང་གི་རིག་གནས་ཀྱི་མཛེས་པར་དོ་སྣང་མ་བྱས་པའི་ཉེས་སྐྱོན་ཞིག་ཡིན་ན། རིག་གནས་སྣ་མང་ཅན་དང་ཐུན་མོང་དང་ཐུན་མིན་གྱི་རིག་གནས་ལ་དགའ་ཞེན་ཡོད་པ་དག་གིས་རང་ནུས་ཅི་ལྕོགས་ཀྱིས་དེ་དག་ལ་ས་ཚིགས་ཆུ་མཚམས་རེ་ཡོད་མེད་ཀྱི་དོགས་སློང་དང་ཅོ་འདྲི་རེ་ཅིས་ཀྱང་གཏོང་དགོས་བའི་ཚད་དུ་སླེབས་འདུག་སྙམ། ད་ལྟ་དཀྲོལ་ལེན་རིག་གནས་གཞུང་ལུགས་ཅན་དང་ཆེད་ལས་ཅན་དུ་གཏོང་དགོས་པའི་འབོད་སྐུལ་གཏོང་མཁན་མང་བ་ན། བོད་རང་གི་ངག་རིག་སྒྱུ་རྩལ་གྱི་ཐུན་མོང་མ་ཡིན་པའི་འགུག་རྟ་དབྱངས་རང་དབང་ཅན་ནམ་དཀྱེལ་ཡངས་ཅན་ལ་ཆེད་ལས་ཅན་གྱི་ར་རྒྱབ་ན་ཕན་པ་ལས་གནོད་པ་ཆེ་མི་ཆེ་དང་། ད་ལྟའི་འཕེལ་ཕྱོགས་བཞིན་ཡི་གེའི་སྦྱོར་ཀློག་ཤེས་ཙམ་དུ་གླུ་ཚིག་བསམ་བསམ་འདོད་འདོད་དུ་འབྲི་བ་དང་བྲིས་ནས་ཀྱང་ངོ་སོའམ་ངོམས་སོ་ཞིག་གིས་བདུང་ལེན་པ་གང་ཞིག་གིས་ལེན་པར་རེ་བ། བདུང་ལེན་པས་ཀྱང་རྒྱུ་སྲུང་ངམ་ངོ་སྲུང་གང་གི་བསམ་བློ་ཡིས་དེར་བླང་དོར་གྱི་བློ་མིག་ཅི་ཡང་མི་གཏོད་པར་སྣང་མེད་དུ་ལེན་པ། དྲས་སྒྲིག་དང་པར་བསྐྲུན་པས་ཀྱང་སྒྲ་ལེན་དང་བརྙན་འཇུག་གི་སྐབས་སུ་ནོར་འཕྱུག་དང་འོས་མིན་སོགས་ལ་ཐེ་གཏོགས་ཅི་ཡང་མི་བྱ་བར་གླ་ཆ་ཙམ་པོར་མགོ་སྒུར་སྒུར་གཉའ་ཞུམ་ཞུམ་བྱས་ཏེ་བཞེངས་བསྐྲུན་ཁོ་ན་བྱས་ན་དེ་ནི་རིག་གནས་ལ་རྩིས་ཐང་བཞག་པ་ཡིན་ནམ། བརྩི་འཇོག་ལ་ཁག་བཀལ་ནས་ཡོད་ཚད་སོར་བཞག་བྱས་ན་བརྩི་འཇོག་ངོ་མ་ཞིག་ཡིན་མིན་ཐད་ལ་བསམ་བློ་གཏོང་དགོས་ཀྱིན་འདུག ཤ་ཚའི་གཏམ་ལ་སྙན་པོ་མེད་པས་མི་ཞིག་གི་འབྲི་ནོར་ལེན་ནོར་སོགས་ལ་དག་བཅོས་བྱས་ཚེ་དང་ལེན་མི་ལེན་གྱིས་དཀའ་ལས་ལ་ཐུག་སྲིད་ཅིང་། ད་སྐབས་གཞོན་སྐྱེས་མང་པོ་མ་གཞི་ནས་ཡོ་བསྲང་དང་ལེན་ལ་མི་སྤྲོ་བའང་ངེས་ཅན་ཡིན་མོད། རང་སྐད་རང་ཡིག་ལ་ཤ་ཚ་ན་ཕོག་ཐུག་བཟོ་བར་སྐྲག་ན་ག་ལ་རུང་། དེའི་རིགས་ཀྱིས་བདུང་ལེན་གྱི་ཚིག་གི་ཆ་དང་དབྱངས་ཀྱི་ཆ་ནས་བོད་རང་གི་ཐུན་མོང་མ་ཡིན་པའི་ངོ་ཚའི་རིག་གནས་ལ་ཕོག་ཐུག་གཏོང་གི་ཡོད་དམ་མེད། གླུ་ཚིག་ཡིག་ནོར་ཅན་གྱིས་ཡིག་རྨོངས་ཀྱི་ཉན་པོ་དང་ལྟ་མཁན་དག་ལ་དེ་ལས་རྨོངས་པའི་ཡིད་བརྙན་ངན་པ་ཅིག་བསྐྲུན་གྱིན་ཡོད་དམ་མེད། པར་བསྐྲུན་དང་དྲས་སྒྲིག་ལ་ཞུ་དག་གི་དགོས་པ་དང་རང་གི་རིག་གནས་སྲུང་སྐྱོབ་ལ་འགན་འཁྲིའི་འདུ་ཤེས་ཤིག་དགོས་མིན་སོགས་ལ་བསམ་ཚེ། རང་འཁྲིའི་འགན་བླངས་ནས་ནོར་བཅོས་ཡོ་བསྲང་གནངས་ན་དེ་ནི་རིག་གནས་ལ་རྩིས་ཐང་བཟུང་བ་རེད་མ་གཏོགས། ད་བར་དུ་དེའི་ཐད་ནས་རྩོམ་སྒྲིག་པ་དང་འཁྲབ་ཁྲིད་པ་གང་མང་ཞིག་གིས་མྱི་བཟང་བཅའ་རྒྱུ་དང་རང་དམན་སར་འཇོག་རྒྱུ་མང་དྲགས་པས་གླུ་བ་མིང་གྲགས་ཅན་ཡིན་ནོ་ལོ་དག་གིས་གར་སྟེགས་སྣ་མང་ནས་རི་གླུ་དང་ལ་གླུ་བླངས་བླངས་རྐྱེན། ད་ལྟ་གཞོན་སྐྱེས་མང་དག་ཅིག་གིས་དེ་ཀོ་འཛེམས་བྱ་རུའང་མ་རྟོག་པར་བཟའ་མི་འཛོམས་ས་དང་སྡེ་མི་འཚོགས་ས་ནས་འབྲོག་མོ་སྙིང་ལ་རྗེ་བོ་གསེངས་མཐོར་བླངས་ཏེ་ངོ་ཚར་གཏུགས་པའི་གཏམ་རྒྱུད་སྣ་ཚོགས་ཐོས་རྒྱུ་བཟོས་ཡོད་པའང་འགན་ཡོད་དུས་འགན་མ་བླངས་བའི་མཇུག་འབྲས་རེད། དེ་བས་འདི་དག་ནི་རང་ཅག་གིས་ངེས་པར་དུ་ཉམས་འཇོག་དགོས་བ་ཤ་སྟག་ཡིན་པར་སྙམ། རྒྱུ་རྐྱེན་དེ་འདྲ་ལ་དམིགས་ནས་སྤྱི་བའི་བདུང་ལེན་དང་སྒེར་ཉན་བདུང་ལེན་གྱི་དབྱེ་བ་བགར་ཅིང་། བདུང་ལེན་ལས་ལ་གཞས་བདུང་ལེན་ཁ་བཀར། གླུ་དབྱངས་ཀྱི་ཆ་ནས་ཀྱང་ཐུན་མོང་བའི་གླུ་དབྱངས་དང་ལ་གཞས་གླུ་དབྱངས་རིགས་བགར། ཚིག་གི་ཆ་ནས་ནི་དྲན་མ་དྲན་དང་། ཆུང་འདྲིས་དང་བྱམས་པ། དྲན་ནས་ཉི་མ་མ་སོང་བ། མཚན་མོའི་གཉིད་ཀྱང་བོར་བ། རྒྱ་ཞྭ་ལིས་མོ་ཅན། འབྲོག་མོ་སྙིང་ལ་རྗེ་བོའི་རིགས་ལ་ས་མཚམས་ཆུ་ཚིགས་དབྱེ། དབྱངས་རྩོམ་སྐབས་སུ་དབྱངས་ཀྱི་རམ་འདེགས་ཀྱི་ཚིག་ཡ་ལ་ཅན་དང་ཨ་རོགས་ཅན། སྙིང་ལ་རྗེ་པོའི་རིགས་བཀོལ་སྤྱོད་ལ་དབྱེ་བ་འཇོག་པ་སོགས་བྱས་ན་རང་གི་ངག་རྩོམ་རིག་གནས་ཀྱི་རིན་ཐང་ངོས་ཟིན་པ་དང་། སྲུང་སྐྱོབ་ལ་ཕན་པ་བླ་ལྷག་ཆེ་བ་ལས། ཆེད་ལས་ཅན་དང་ངེས་པ་ཅན་དུ་བསྒྱུར་ན་ལེགས་ཆ་ཡོད་མོད། རྒྱའི་གཞས་པ་དང་དབྱངས་པ་གྲགས་ཅན་ལིས་ཅཱན་李健ཞེས་པ་དེ་རྒྱལ་ཡོངས་དམངས་གླུ་འགྲན་སྡུར་ཞིག་ཏུ་བོད་གཞས་ཀྱི་འགུག་རྟའི་རང་དབང་གི་མཛེས་པར་ཧ་ལས་སྟེ་དེ་ལ་བོད་རྟ་藏腔ཞེས་པའི་བརྡ་ཆད་གསར་བ་ཅིག་བཞག་པའང་དཀྱེལ་ཡངས་རང་དབང་ཅན་གྱི་སྒྱུ་རྩལ་མ་ལག་འདི་གཞུང་ལུགས་ཅན་དང་ཆེད་ལས་ཀྱི་ར་སྐོར་ལ་བསྡུས་ནས་འཆི་ལམ་དུ་རྫོངས་བར་འཚེར་སྣང་སྐྱེས་བ་ཡིན་པར་འདོད། གཞུང་ལུགས་དང་ངེས་པ་ནི་ཕྱོགས་གཞན་ཞིག་ནས་གླེང་ན་བཀག་རྒྱ་ཞིག་ཡིན་པའང་ཁས་ལེན་དགོས་ན། གོང་འཕེལ་ལ་དམིགས་ནས་ཉམས་དམས་སུ་འེ་གཏོང་ལ་བསམ་བློ་གཏོང་དགོས་ཡོད། ད་སྐབས་འབྲོག་སྐྱུར་གྲོང་འགྲིམ་དང་ཞིང་སྐྱུར་ནགས་འཛུགས། འབྲོག་སྡེ་གསར་བ། ཞིང་སྡེ་གསར་བ། ཡུལ་སྐོར་སྡེ་བ། ལྗོངས་རྒྱུ་ས་ཁུལ་སོགས་འགྲིམ་འགྲུལ་སྟབས་བདེ་ཅན། རིག་གནས་ཐུན་མོང་ཅན། ལྟ་བ་གཅིག་གྱུར་ཅན་ལ་སོགས་པའི་གཞུང་ཕྱོགས་ཀྱི་ལས་སྒོ་རབ་དང་རིམ་པ་སྤེལ་བའི་ཤུགས་ཀྱིས་ངོ་བོ་སོ་ན་གནས་བའི་རིགས་དང་། འཛེམ་བྱའི་རིག་གནས། དཀྱེལ་ཡངས་ལྟ་བ། ཐ་ན་ས་ཆེན་པོའི་རོལ་དབྱངས་ཏེ་བྱ་བྱེའུ་ཡི་སྐད་སྙན་དང་། ཆུ་སྒྲ། རླུང་སྒྲ གཤོག་སྒྲ་ལྟ་བུ་སོགས་ནི་ས་ལ་བསྟིམས་པ་ཇི་བཞིན་དུ་ཉམས་རྒུད་སོང་བ་མིག་མཐོང་ལག་ཟིན་རེད། གནས་བབ་འདི་འདྲའི་འོག་ནས་གནའ་བོའི་རིག་གནས་སྲུང་སྐྱོབ་ཞེས་པ་གཞུང་ལུགས་ཅན་དང་ཆེད་ལས་ཅན་དུ་དམིགས་ན་ཕན་པ་ཡོད་མེད་མི་གསལ་ལོ།། དེ་སྐད་འུར་མཁན་དག་གིས་ཀྱང་ད་ལྟའི་དུས་གསར་རིག་གནས་ཀྱི་སྣེ་ཅུང་ཙམ་ཟིན་ཡོད་པར་བསྙོན་དུ་མིན་མོད། གནའ་བོའི་རིག་གནས་ཀྱི་རིན་ཐང་ངོ་ཟིན་ཡོད་མེད་ལ་ཐེ་ཚོམ་ཆེ། མིའི་ཤེས་པ་ལ་མཐའ་དང་ཚད་ཡོད་པས། གསར་བ་ལེན་དུས་རྙིང་བ་མི་ཟིན་པ་དང་། རྙིང་བར་འཐམ་དུས་གསར་བ་མི་ལོན་པར་བདག་གིས་ནི་ཁས་ལེན་ནོ།། དེ་ཡང་རང་རིགས་ཀྱི་སྒྱུ་རྩལ་ཆེད་ལས་བ་རིག་པའི་རལ་གྲི་ཕྱག་ཏུ་བསྣམས་ཡོད་སྙམ་པ་དག་གིས་ནི་རོལ་དབྱངས་ལྡིང་ཆར་རལ་གྲི་ལག་ཐོགས་ལྟ་བུའི་འཇོན་ཐང་ཡ་མཚན་པ་བཞག་པ་མཐོང་དཀོན་པ་དང་། ཚོར་ཤེས་རྐྱང་རྐྱང་གིས་དཀྲོལ་ལེན་ཅེས་ཨ་མདོའི་རིག་གནས་རྐྱང་པ་ཞིག་ཏུ་ངོས་འཛིན་པ་གང་ཤེད་ཀྱིས་བཏེགས་ཏེ་སྤྱི་ཚོགས་ཧྲིལ་བོའི་སྒང་ནས་མགོ་བོ་མཐོ་རུ་བཀྱག་པས་ཅི་ཞིག་མཚོན་ནོ།།

  མང་པོ་མདོར་དྲིལ་ན། རང་རང་ས་ན་རང་འཁྲིའི་འགན་འཁུར་ཏེ། འགྲན་སྡུར་ཡོད་པ་དང་། དོགས་སློང་ཡོད་པ། ཚིག་དང་དབྱངས་ལ་བདག་པོ་ཡོད་པ། ཡོད་ཚད་དམངས་ཁྲོད་ཅེས་བའི་ཡིག་འབྲུ་གཉིས་ཀྱིས་གཞན་གྱི་ངལ་རྩོལ་ལ་རྡོག་བརྫིས་མི་གཏོང་བ། ཡར་རྒྱས་ཆེད་ཡིག་ནོར་དང་སྡེབ་ནོར་ལ་རང་ལྟ་རེ་སྨྲ་སྤོབས་པ། དྲས་སྒྲིག་དང་རྩོམ་སྒྲིག གཙོ་སྒྲུབ་དང་འཁྲབ་ཁྲིད་གང་ཐད་ནས་གབ་རྒྱན་དང་ངོ་ཚའི་རིག་གནས་ཀྱི་དབྱེ་བ་ལ་གདོང་གཏུག་སྟེ། ཐུན་མོང་དང་ཐུན་མིན་གྱི་ས་ཚིགས་ཆུ་མཚམས་འཇོག་པ། ཤེས་ཡོན་པ་དང་དཔལ་འབྱོར་བ་ཚང་མས་བདུང་ལེན་པ་ཞེས་པ་དག་ལ་མིད་ཐག་རྐྱང་རྐྱང་ལས་ཅི་ཡང་མི་འདུག་ཅེས་འཕྱ་སྨོད་དང་དམའ་འབེབས་མི་བྱ་བར་ཁོ་ཚོའི་རྣམ་དཔྱོད་དང་ཚོར་ཤེས། བདུང་ལེན་གྱི་དད་མོས་ལ་བསྟོད་བསྔགས་དང་། ཁ་ཡོད་ལག་ཡོད་ཀྱིས་དེ་དག་ལ་གང་ནུས་ཅི་ཐུབ་ཀྱི་རོགས་རེ་སྦྲན་ནས་དཀྱུས་གཅིག་གིས་ངག་རིག་སྒྱུ་རྩལ་གྱི་ལག་པ་འདིར་འཇུས་ནས་དམངས་རྩོམ་རིག་གནས་ཡར་རྒྱས་གོང་སྤེལ་ལ་འབད་ཅིང་འབུངས་བར་སྨོན་ཞེས་ཞུ་བའོ།།

                              ༢༠༢༢ ༡༢ ༡༡ཉིན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དྲ་ལམ་བདུང་ལེན་འགྲན་བསྡུར་ལས་འཕྲོས་ཏེ་རང་གི་ལྟ་བ་གླེང་བ།

2022-12-11 ཚེ་ཤིས་ལྷ་དོན།(ཨ་མཆོག) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།