ཆུང་དུས་ཀྱི་ལོ་སར་ཕྱིར་དྲན་པ།

མཛོད་འཕྲིན།(དཔལ་ཡུལ) 琼迈文学网 2023-03-01

  ཆུང་དུས་སུ་ལོ་སར་གྱི་དགའ་སྟོན་ནི་ཉི་མ་རེ་འགའ་ལས་མེད་པས། དུས་ཡུན་ཐུང་སྣང་དང་། རེབ་རྗེས་མའི་ལོ་སར་ཚེས་རྒྱུར་རེ་སྒུག་ཆེ་ཞིང་། ཡུན་ཧ་ཅང་རིང་སྣང་ཆེ་བ་ཡིན་དར།

  ང་ཚོའི་ཕ་ཡུལ་གྱིས་ལོ་སར་ནི་བོད་ལྗོངས་སྨན་རྩིས་ཁང་གི་རྩི་གཞི་ལྟར། བོད་ཟླ་དང་པོ་ཚེས་པ་ལ་ལོ་སར་ཟེར་ཞིང་། དེའི་གཡས་གཡོན་ཏེ། གནམ་གང་དང་། ཚེས་གཅིག ཚེས་གཉིས་སོགས་ཉིན་གསུམ་བཞི་ཙམ་ལས་རོལ་མི་དར།

  བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་གྲངས་ཡས་མས་ནང་། ནས་བཙོས་ཏེ་ཆང་བསྙལ་བ་དང་། སྦང་མ་བླངས་ནས་ཨ་རག་བཅད་པ་སོགས་ནི་དར་སྲོལ་ཆེ་ཞིང་། ལོ་སར་གྱི་གྲ་སྒྲིག་གམ་སྟ་གོན་ལྟ་བུའི་ཐོག་མ་དེ་ཡིན།

  དེ་ནས་ཚེས་ཉེར་བརྒྱད་ཉེར་དགུ་གང་རུང་ལ་ཁང་པའི་ཕྱི་ནང་ཀུན་ཏུ“དིག་རྒན་ཕྱགས”ཟེར་ནས་གཙང་སྦྲ་རྒྱས་ཆེན་ཞིག་བྱེད།

  ང་ཚོའི་ས་ནས་དགུ་ཐུག་འདི་བསྐོལ་སྲོལ་ཡོད་མོད། མཐའ་གཅིག་ཏུ་བོད་ཟླ་བཅུ་གཉིས་པའི་ཚེས་ཉེར་དགུའི་ཉིན་བསྐོལ་ནས་འཐུང་སྲོལ་དེ་ཆེར་མེད། དེ་བས་ཚེས་ཉེར་དགུའི་ཉིན་དགུན་བཤས་བྱས་པའི་སེམས་ཅན་དེའི་མགོ་སྲེག་ཅིང་། གདུས་ནས་དགུ་མགོ་གདུ་ཟེར།

  ཉིན་འདིར་དགོན་པ་དག་གིས་དགུ་འཆམ་དང་། གཏོར་མ་འཕེན་པ། དགུ་རྒྱག་པ། (ང་ཚོའི་དགོན་པའི་ནང་དགུ་འཆམ་བྱེད་རྒྱུ་མེད་མོད། སྐྱེས་པ་ཚོས་རྒྱན་གོས་ལུས་ལ་སྤྲས་ནས་བོའི་འཕེན་པ་སོགས་ངས་དྲན་མི་དྲན་སྐབས་ཡོད་དར་མོད། དུས་ཕྱིས་མེད། )དར་ནག་རྡེབ་པ་སོགས་དགུ་བཟློག་ཟེར་ནས་རྐྱེན་ངན་ཐབས་ཅད་བཟློག་པའམ་ལོ་རྙིང་ཕར་བསྐྱལ་བའི་ཆོ་ག་ཞིག་སྤེལ་ཅིང་། ཁྱིམ་ཚང་སོ་སོས་ཀྱང་དགོང་དྲོ་རྫ་གཡམ་ཞིག་གི་ནང་དུ་ཐལ་བ་རིལ་རིལ་དགུ་བཅས་ཤིང་། དེའི་མགོར་སོག་ཐུར་བཙུགས། ཟས་སྣ་དང་འབྲུ་སྣ་སོགས་རྫོང་འདེབས་སུ་བསྔོས་པའི་མདོས་སམ། བཟློག་པའི་རྟེན་འབྲེལ་ཞིག་འཕེན་དར་མོད། དེང་སྐབས་དེ་འདྲ་བྱ་མཁན་ཡང་དཀོན་པར་སྣང་།

  རྩི་གཞི་ལྟར་བྱས་ན་གནམ་གང་ཉིན་འདི་ལོ་རྙིང་གི་ཐ་མ་ཡིན་ཡང་། ལོ་རྙིང་བསྐྱལ་བའི་ཆོ་ག་ཕལ་ཆེར་ཉེར་དགུའི་ཉིན་བྱས་ཟིན་པས། གནམ་གང་ཉིན་བསང་ཤུག་འཐུ་རྒྱུ་ཙམ་ལས་དམིགས་བསལ་གྱི་ལས་ཀ་གཞན་མེད། འོན་ཀྱང་ཁྱིམ་ཚང་རེ་འགས་གནམ་གང་ཉིན་ནས་ལོ་སར་རོལ་འགོ་ཚུགས་ཀྱི་ཡོད་ལ། དེ་ལ་ལོ་སར་སྔོན་བསུ་ཟེར། དེང་སྐབས་ལོ་སར་སྔོན་བསུ་ཟེར་དུས་དཔྱིད་གསར་དུས་ཆེན་ལ་རོལ་བ་སོགས་ལས། ང་རང་ཆུང་དུས་སུ་ང་ཚོའི་སར་དཔྱིད་གསར་དུས་ཆེན་དང་། སྤྱི་ལོའི་ལོ་སར་ཟེར་བ་སོགས་རོལ་མ་དགོས་ནམ་ཙམ་ཡིན་ཡང་ཤེས་ཀྱི་མེད་ལ། ལོ་སར་ནི་ལོ་གཅིག་ནང་གི་དུས་གཅིག་ཁོ་ནར་ངེས་འཛིན་ཅིང་། དེར་སྔོན་བསུའི་ཐ་སྙད་ཡོད་ཀྱང་གནམ་གང་སྟེ། སྔ་ཕྱི་ཉིན་ཙམ་ལས་ཟླ་བ་འགའི་དབྱེ་ཁྱད་ཡོད་མི་དར།

  གནམ་གང་ཉིན་གྱི་ཕྱི་དྲོ་ཙམ་ལ་བསང་ཤུག་ཅུང་ཙམ་རེ་འཐུ་དགོས་ཏེ། ཚེས་གཅིག་ཉིན་གྱི་ཞོགས་པ་བསང་གཏང་དགོས་པས་ཡིན། འོན་ཀྱང་འགའ་རེས་ཚེས་གཅིག་ཉིན་གྱི་ཞོགས་པ་སྔ་མོ་ལངས་ནས་བསང་ཤུག་འཐུ་རུ་འགྲོ།

  ཚེས་གཅིག་གི་ཞོགས་པ་ཐོ་རེངས་ཙམ་ལ་སྐྱེས་མ་ཚོ་ཡར་ལངས་ནས་གསེར་ཆུ་དངུལ་ཆུ་ལེན་གྱི་འགྲོ་དགོས། དེར་གསེར་ཆུ་དངུལ་ཆུ་ཟེར་རུང་། དོན་དུ་ལོ་གཅིག་གི་ཆུའི་འགོ་མའམ། ཕུད་དེ་བླངས་ཤིང་། རྟེན་འབྲེལ་སྒྲིག་པ་ཡིན་ས་རེད།

  “ཚེས་གཅིག་ངུས་ན་ཚེ་གང་ངུ། ཚེས་གཅིག་སྐྱིད་ན་ཚེ་གང་སྐྱིད།”ཟེར་ནས་ཚེས་གཅིག་གི་ཉིན་མོར་ངེད་ཅག་བྱིས་པ་ཚོ་ལ་ངུ་ཁ་ལེན་བྱེད་དམ། བཤད་སྲོལ་དེ་འདྲ་ཞིག་ཡོད་དར།

  ཚེས་གཅིག་གི་ཞོགས་པ་སྔ་པོ་མལ་ལས་མ་ལངས་ན་ལོ་རྒན་རྒྱལ་པོས་གནོན་ཡོང་དང་། ཚེས་གཅིག་གི་བྱ་བ་དེ་དག་མིའི་ཚེ་གཅིག་གམ། ལོ་གཅིག་ལ་བཟང་ངན་གྱི་རྟེན་འབྲེལ་ལྟར་འགྲོ་སྲོལ་ཡོད་ཟེར་ནས། དེ་ལ་གཏམ་བཟང་ངན་ཡན་ཆད་ལ་འཛེམ་བྱ་ལྟ་བུ་བྱ།

  ཚེས་གཅིག་གི་ཞོགས་པ་ཉི་རྩེ་ས་ལ་ཕོག་མ་ཕོག་ཙམ་ལ་བསང་གཏོང་ཞིང་། ཁྱིམ་དུ་ཐབ་ནང་ཆུ་གཙང་བྲན་བསང་ཤུག་བུས་ནས། ཐབ་བསང་དང་། ཁང་པའི་གཡས་གཡོན་གང་རུང་ངམ། ཞིང་སའི་ནང་དུ་བསང་ར་སྟབས་བདེ་རེ་ལས་ནས་ཆུ་གཙང་བྲན་ཏེ། བསང་ཕུད་ཀྱི་ཡོད་མོད། དུང་འབུད་པ་སོགས་ནི་བྱ་མི་དར། ཁྱིམ་ཚང་རེ་རེས་བསང་རེ་ཕུད་ཀྱི་ཡོད་པས་བསང་དུད་ཀྱིས་གནམ་ས་སྦྲེལ་བ་ལྟར་ཡུལ་གྲོང་བལྟམས་ཤིང་། བསང་ཤུག་གི་དྲི་ངད་ཀྱིས་གང་སར་ཁྱབ་འགྲོ།

  བསང་དེ་ཡང་ལོ་སར་གྱི་རྣམ་པ་མཚོན་སྟངས་ཤིག་ཡོད་ཚོད་རེད་དེ། བསང་དུད་ཀྱིས་རི་ལུང་བཀང་ཏེ། དྲི་བསུང་གིས་ཡོངས་སུ་གང་དུས་ད་ལོར་ལོ་སར་གྱི་རྣམ་པ་ཞིག་འདུག་ཅེས་ལོ་སར་དང་ཚེས་གཅིག་གི་རྣམ་པ་བོར་ནས་ཡུན་རིང་སོང་བའི་དགའ་སྣང་ལྟ་བུ་རྒན་པ་ཚོས་ཡང་ཡང་བཤད་ཀྱི་འདུག

  ང་ཚོའི་ས་ནས་དུད་ཁྱིམ་གཉིས་གསུམ་རེ་ཕན་ཚུན་མགྲོན་བྱ་རེས་སྒོས་ལོ་སར་རོལ་གྱི་ཡོད་དར་སྟེ། ང་རང་ཆུང་དུས་ངེད་ཀྱི་གཉེན་ཉེ་དང་ཁྱིམ་མཚེས་སུ་གྱུར་པའི་ངའི་ཨ་ཕའི་ཨ་སྲུ་ཚང་དང་། ངེད་ཁག་གཉིས་ཉི་མ་རེ་རེ་བྱས་ནས། ལོ་སར་མགྲོན་ལ་ཕར་འགྲོ་ཚུར་འོང་བྱས་ཏེ་ལོ་སར་གཏོང་བ་ཡིན། དེ་དུས་དག་ལ་ཕ་ཡུལ་དུ་ཆང་རག་འཐུང་སྲོལ་དར་བས་ཁོང་ཚོ་རྒན་རབས་པ་ཚོས་ཨག་བསྐོལ་(ཨ་རག་བསྐོལ་བ་སྟེ། མར་ཁུ་བཞུས་ཤིང་རྩ་ཐག་ཆོད་རྗེས། རྩམ་པ་ཅུང་ཙམ་བཏབ། ཨ་རག་དཀར་པོ་བླུགས་ཏེ་བསྐོལ་ཞིང་། འཁོལ་ནས་ཡང་ཡང་བདུས་རྗེས། འཐུང་ན་ངར་དང་ལྡན་ལ། ལུས་པོར་ཡང་བཟང་ཟེར། ངའི་ཨ་ཕ་ལགས་ཀྱིས་ཚེ་ཕྱེད་ཙམ་ལ་འདི་ལྟར་འཐུང་བ་རེད།)དང་། གཞོན་པ་ཚོས་ལྦུ་ཆང་དང་། བུད་མེད་ཚོས་ཆང་དཀར་འཐུང་། བྱིས་པ་ཚོས་མངར་ལྡན་གྱི་བཏུང་བ་དག་འཐུང་བ་ཡིན། ང་ནི་རྗེས་མ་སྟེ་མངར་ལྡན་གྱི་བཏུང་བ་འཐུང་མཁན་གྱིས་གྲས་སུ་ཡིན་མོད། ལོ་བཅུ་བཅུ་གཅིག་ཟིན་མ་ཟིན་པའི་ལོ་དེར་ཡིན་པ་ཡོད། ལྦུ་རག་རེ་ཙམ་འཐུང་ཁུལ་བྱས་ཤིང་། མགྲོན་འགྲོ་ས་ཚང་གིས“མྱི་ཁུས་ལྦུ་རག་འཐུང་གི་རེད”ཟེར་ནས་ཁ་བཅད་དེ་སྔུན་དུ་བཞག་དུས། ང་རང་གཞོན་པ་ཞིག་ཡིན་སྣང་གི་སྐྱིད་སྣང་ཉི་ཚེ་བ་རེ་སྐྱེས་མྱོང་།

  སྐབས་དེ་དག་ལ་དགོང་མོ་སླར་ཁྱིམ་དུ་ལོག་འདོད་མེད་ཅིང་། དེ་བ་ཚང་སར་ཞག་འདུག་བྱེད་འདོད་ཅི་ལས་ཆེ་ཡང་། སྤུན་མཆེད་གཉིས་(གཉིས་ཀ་ང་ལས་ལོ་ཆུང་།)ཁོང་གཉིས་ཀྱང་འདུག་དགོས་ཟེར་ནས་མི་ཐུབ་པས། དགོང་དྲོ་ཡས་མས་ལ་ཡར་བུད་སོང་ཁུལ་གྱིས་ཁོང་ཚང་གི་བང་(བང་བ་སྟེ། སྔཐང་ཤིང་ཕྲ་མོའི་མཐའ་གཉིས་སུ་སྐེད་ཉག་འཐེན་ནས་བརྩིགས་པའི་ཁང་མིག་གྲུ་བཞི་མ་ཞིག་གམ། ཐང་ཤིང་སྦོམ་པོའི་གཞུང་ནས་བཤགས་རྗེས་མཐའ་གཉིས་སུ་སྐེད་ཉག་འཐེན་ནས་བརྩིགས་པའི་ཁང་མིག་གྲ་བཞི་མ་ཞིག་ཡིན། )ཐོག་གམ་འོག་ཁང་ནང་གང་རུང་དུ་འཇབ་ཏེ་སྐུང་རྒྱུ་ལོན་ན་ད་གཟོད་འདུག་རྒྱུ་རགས་པ་ཡིན།

  ལྦི་རག་འཐུང་ནས་གཞོན་གྲལ་འཚང་དུས་དང་། བང་ཐོག་འཇབ་ནས་ཁྱིམ་མཚེས་ཚང་དུ་སྡོད་དུས་སོགས་ནི། སེམས་པ་ལྷོད་གཡེང་ངང་ཉི་མ་རེ་རེའི་མགོ་རྔ་རྩེད་མོ་དང་། མཚར་སྣང་གིས་སྐྱེལ་ཐུབ་ན་སེར་སྣ་མེད་ཅིང་། ཉིན་གང་ཐལ་བ་དང་གད་ཁུང་། ཡང་ན་སྲན་ཞིང་ནང་ནས་ཟད་ཀྱང་། ཕྱི་རོལ་དང་རྒྱང་རིང་དུ་སེམས་འཁོར་མྱོང་མེད་པ་འདྲ།

  དེ་ལྟར་ཆུང་དུས་ཀྱི་ལོ་སར་ཐེངས་རེ་ཅི་འདྲའི་ཡུན་རིང་ཞིང་། རེ་སྒུག་ཆེ་བ། དེ་འདྲའི་ཆོབ་ཚ་བའི་དུས་སྟོན་ཞིག་ཡིན་མོད། ད་ཚོད་ཀྱི་ན་སོ་འདིར་སླེབས་དུས། ལོ་སར་ཐེངས་རེ་ནི་ཁ་འཁོར་རག་བར་ནས་ཚེས་ཤིང་། ལོ་ཡི་འཁོར་མོ་རེ་མིག་རྡེབ་དབང་ཙམ་མམ། སྐད་ཅིག་ཉིད་དེ། མདོར་ན་ཚེས་མགྱོགས་ལ། ནམ་རྩ་དུས་ཚོད་གར་སོང་ཡང་མི་ཤེས་པའི་ཚོད་དུ་འདུག

  ད་ཚོད་ལ་ལོ་སར་རེ་རེ་ཚེས་དུས་ཁས་ལེན་མི་འདོད་པ་ནི། ལོ་ན་གཅིག་གིས་ཆེ་རུ་སོང་བ་དང་། ཆུང་ནས་ཐོབ་རེ་ཆེ་བའི་ན་གཞོན་གྱི་གོ་ཐོབ་ལས་རིམ་པ་གཅིག་གིས་རྒྱང་དུ་ཕྱིན་པ་དེ་རེད།

                                                  ཆུ་མོ་ཡོས་ལོའི་ལོ་སར་སྐབས་བྲིས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཆུང་དུས་ཀྱི་ལོ་སར་ཕྱིར་དྲན་པ།

2023-03-01 མཛོད་འཕྲིན།(དཔལ་ཡུལ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།