ད་ལྟའི་དུས་ཀྱི་ང་རང་།

ཆོས་ཉིད་དབང་མོ།(ཡིད་ལྷུང) 琼迈文学网 2023-08-21

  འཇིག་རྟེན་འདི་ནས་ལམ་གང་ཞིག་འདེམས་ཀྱང་། མེ་ཏོག་དང་ཚེར་མ་མཉམ་སྐྱེས། མུན་པ་དང་འོད་སྣང་མཉམ་གནས་ཟེར་བ་ལྟར། དོན་གང་ཞིག་སྒྲུབ་རུང་མཇུག་འབྲས་རྒྱལ་ཕམ་གཉིས་ཀ་ཡོད་སྲིད་མོད། འོན་ཀྱང་ང་ནི་ཕམ་ཁའི་ངོས་ནས་སྐྱོ་བའི་མཆི་མ་ཁོ་ན་བཏོན་མཁན་ཞིག་དང་། ཕམ་ཁ་ལ་གདོང་གཏོད་ཀྱི་སྤོབས་པ་ཞེན་པའི་བུ་མོ་ཞིག་ཀྱང་ཡིན། ཡིན་ཡང་ང་རིམ་གྱིས་ཕམ་ཁའི་ཁྲོད་ནས་འཚར་ལོངས་ཀྱི་རྒྱུད་རིམ་མངོན་བཞིན་པ་འདྲ།

  དང་ཐོག་སློབ་གླིང་འདི་ཐོན་དུས་འབྱུང་འགྱུར་གྱི་རང་ཉིད་ལ་འཆར་གཞི་གང་མང་ཞིག་བཀོད་མྱོང་མོད། ད་ལྟ་སློབ་གླིང་འདི་དང་བྲལ་རན་དུས་སྔོན་གྱི་སྟོང་བསམ་དག་བྱིས་དུས་ཀྱི་རྨི་ལམ་བཞིན་གར་སོང་ཆ་མེད་དུ་གྱུར། དེ་དང་ནང་བཞིན་དང་ཐོག་ངའི་ཕམ་ཁ་ལ་གདོང་གཏད་དུས། ལས་དབང་ནི་ཆ་མི་སྙོམས་པའི་འཁྱོར་ཐིག་ཅིག་དང་། འབད་འབུངས་ལ་གྲུབ་འབྲས་ལེགས་པོ་ཞིག་ངེས་པར་དུ་ཐོབ་ཐུབ་པའི་ངེས་གཏན་ཡང་ཡོད་སྙམ། དེ་ནི་ནར་མ་སོན་པའི་བྱིས་དུས་ཀྱི་བསམ་བློ་ཞིག་དང་། ཕམ་ཁ་ལ་གདོང་གཏད་མ་མྱོང་བའི་མི་བུ་ཞིག་གི་བསམ་བློ་ཡང་ཡིན། སྤྱིར་རྒྱལ་ཁ་ཡོད་ཚད་གཞན་ལ་དབང་ཞིང་། ཕམ་ཁ་ཡོད་ཚད་རང་སྟེང་དུ་ལུས་དུས། ད་ནི་ཇི་ལྟར་བྱས་ཀྱང་ཕམ་ཁ་ལས་གཞན་མི་འདུག་སྙམ་ནས་ན་ཟུག་གིས་སེམས་ཆུང་གཉོམ་ལ། མིག་སྔར་ནི་མུན་ནག་དང་། འབྱུང་འགྱུར་ནི་རེ་མེད་ཀྱི་ཅོ་འདྲི་ཞིག ཡིན་ཡང་བསམ་བློ་ཞིག་བཏང་ན། རང་ཉིད་ཀྱི་འཆར་གཞི་དང་འབད་བརྩོན་གྱི་ཁ་ཕྱོགས་ལ་ནོར་འཁྲུལ་བྱུང་བའམ། ད་ལྟ་ནང་བཞིན་སྤྱི་ཚོགས་ལ་གདོང་ཇི་ལྟར་གཏད་དགོས་སྙམ་པའི་འདྲི་གཞི་ཞིག་ཡིན། བསམ་གཞིག་ནི་མཛུབ་སྟོན་གྱི་དགེ་རྒན་དང་། ལྷོད་ཆགས་ནི་ད་ལྟའི་ས་ལམ་ནང་ཆེས་བཟང་བའི་གྲོགས་པོ་ཡིན།

  དུས་ཚོད་ཀྱི་འགྲོས་འོག་ནས་ང་ནི་དབང་མེད་ཀྱི་རྟ་ཕོ་ཞིག་དང་འདྲ་བར་འབྱུང་འགྱུར་གྱི་ཁ་ཕྱོགས་བོར་ལ། ཀྱག་ཀྱོག་གི་ལམ་ཕྲན་ལ་དཀའ་སྡུག་གི་མནར་གཅོད་མང་རུང་། འབྱུང་འགྱུར་གྱི་འཚོ་བ་ལ་རེ་ཆེད་ཀྱི་མར་མེ་མ་གཟིམས།

  རྩོམ་སྒྲིག་པ། དབང་མོ།


 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ད་ལྟའི་དུས་ཀྱི་ང་རང་།

2023-08-21 ཆོས་ཉིད་དབང་མོ།(ཡིད་ལྷུང) ཀློག་གྲངས། མཆན ཡོད།

  འཇིག་རྟེན་འདི་ནས་ལམ་གང་ཞིག་འདེམས་ཀྱང་། མེ་ཏོག་དང་ཚེར་མ་མཉམ་སྐྱེས། མུན་པ་དང་འོད་སྣང་མཉམ་གནས་ཟེར་བ་ལྟར། དོན་གང་ཞིག་སྒྲུབ་རུང་མཇུག་འབྲས་རྒྱལ་ཕམ་གཉིས་ཀ་ཡོད་སྲིད་མོད། འོན་ཀྱང་ང་ནི་ཕམ་ཁའི་ངོས་ནས་སྐྱོ་བའི་མཆི་མ་ཁོ་ན་བཏོན་མཁན་ཞིག་དང་། ཕམ་ཁ་ལ་གདོང་གཏོད་ཀྱི་སྤོབས་པ་ཞེན་པའི་བུ་མོ་ཞིག་ཀྱང་ཡིན། ཡིན་ཡང་ང་རིམ་གྱིས་ཕམ་ཁའི་ཁྲོད་ནས་འཚར་ལོངས་ཀྱི་རྒྱུད་རིམ་མངོན་བཞིན་པ་འདྲ།

  དང་ཐོག་སློབ་གླིང་འདི་ཐོན་དུས་འབྱུང་འགྱུར་གྱི་རང་ཉིད་ལ་འཆར་གཞི་གང་མང་ཞིག་བཀོད་མྱོང་མོད། ད་ལྟ་སློབ་གླིང་འདི་དང་བྲལ་རན་དུས་སྔོན་གྱི་སྟོང་བསམ་དག་བྱིས་དུས་ཀྱི་རྨི་ལམ་བཞིན་གར་སོང་ཆ་མེད་དུ་གྱུར། དེ་དང་ནང་བཞིན་དང་ཐོག་ངའི་ཕམ་ཁ་ལ་གདོང་གཏད་དུས། ལས་དབང་ནི་ཆ་མི་སྙོམས་པའི་འཁྱོར་ཐིག་ཅིག་དང་། འབད་འབུངས་ལ་གྲུབ་འབྲས་ལེགས་པོ་ཞིག་ངེས་པར་དུ་ཐོབ་ཐུབ་པའི་ངེས་གཏན་ཡང་ཡོད་སྙམ། དེ་ནི་ནར་མ་སོན་པའི་བྱིས་དུས་ཀྱི་བསམ་བློ་ཞིག་དང་། ཕམ་ཁ་ལ་གདོང་གཏད་མ་མྱོང་བའི་མི་བུ་ཞིག་གི་བསམ་བློ་ཡང་ཡིན། སྤྱིར་རྒྱལ་ཁ་ཡོད་ཚད་གཞན་ལ་དབང་ཞིང་། ཕམ་ཁ་ཡོད་ཚད་རང་སྟེང་དུ་ལུས་དུས། ད་ནི་ཇི་ལྟར་བྱས་ཀྱང་ཕམ་ཁ་ལས་གཞན་མི་འདུག་སྙམ་ནས་ན་ཟུག་གིས་སེམས་ཆུང་གཉོམ་ལ། མིག་སྔར་ནི་མུན་ནག་དང་། འབྱུང་འགྱུར་ནི་རེ་མེད་ཀྱི་ཅོ་འདྲི་ཞིག ཡིན་ཡང་བསམ་བློ་ཞིག་བཏང་ན། རང་ཉིད་ཀྱི་འཆར་གཞི་དང་འབད་བརྩོན་གྱི་ཁ་ཕྱོགས་ལ་ནོར་འཁྲུལ་བྱུང་བའམ། ད་ལྟ་ནང་བཞིན་སྤྱི་ཚོགས་ལ་གདོང་ཇི་ལྟར་གཏད་དགོས་སྙམ་པའི་འདྲི་གཞི་ཞིག་ཡིན། བསམ་གཞིག་ནི་མཛུབ་སྟོན་གྱི་དགེ་རྒན་དང་། ལྷོད་ཆགས་ནི་ད་ལྟའི་ས་ལམ་ནང་ཆེས་བཟང་བའི་གྲོགས་པོ་ཡིན།

  དུས་ཚོད་ཀྱི་འགྲོས་འོག་ནས་ང་ནི་དབང་མེད་ཀྱི་རྟ་ཕོ་ཞིག་དང་འདྲ་བར་འབྱུང་འགྱུར་གྱི་ཁ་ཕྱོགས་བོར་ལ། ཀྱག་ཀྱོག་གི་ལམ་ཕྲན་ལ་དཀའ་སྡུག་གི་མནར་གཅོད་མང་རུང་། འབྱུང་འགྱུར་གྱི་འཚོ་བ་ལ་རེ་ཆེད་ཀྱི་མར་མེ་མ་གཟིམས།

  རྩོམ་སྒྲིག་པ། དབང་མོ།


 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།