ཟླ་འོད་འོག་གི་རྔུལ་ཟླ་ཟལ་མོ་སྒང་། 

ཅོག་རོ་ཀུན་དགའ་རྣམ་རྒྱལ།(རྫ་སྟོད) 琼迈文学网 2023-12-05

  ད་ལྟ་ང་རང་མདོ་ཁམས་ཆུ་བཞི་སྒང་དྲུག་གི་སྟོད་རྒྱུད་ཅིག་ན་ཡོད།འདི་ནས་ལྷོ་ཟླ་སྔོན་མོའི་མགོ་ཁུངས་ཆུ་མགོ་བཀྲ་ཤིས་འཁྱིལ་བའི་བར་རྒྱང་ཐག་རིང་པོ་མེད་ཅིང་།མི་ལོ་མང་པོའི་གོང་དུ་ཆོས་རྒྱམ་དྲུང་པ་རིན་པོ་ཆེ་ཡང་འདི་དང་ཉེ་བའི་འབྲོག་ཐང་ཞིག་ཏུ་སྐུ་འཁྲུངས་པ་སྐད།རྒྱ་མཚོའི་ངོས་ལས་མཐོ་ཚད་ལྔ་སྟོང་ཡན་ཟིན་པའི་མཐོ་སྒང་གི་ས་སྲོད་ནི་ཧ་ཅང་འཁྱགའཁྱག་དྲགས་པས་བྱང་ཐང་གི་སྤང་གཞུང་ན་རྨིག་རྗེས་བཏོད་པའི་རི་དྭགས་གཅིག་ཀྱང་མཐོང་ལམ་དུ་མངོན་མ་སོང་།སྨག་ནག་གི་སྤར་མོ་རིམ་བཞིན་རྔུལ་ཟླ་ཟལ་མོ་སྒང་གི་རི་ལུང་ཐང་གསུམ་དུ་བརྐྱངས།མིང་མི་ཤེས་པའི་རྒྱང་རིང་གི་རི་བོ་དག་ཀྱང་མག་མོག་ཏུ་གྱུར་ནས་ཐལ།སེམས་པའི་གཏིང་རིམ་ན་རུམ་པའི་སྐྱིད་སྡུག་གི་ཚོར་བ་ཟབ་མོ་དག་རྒྱ་མཚོའི་རླབས་ཕྲེང་བཞིན་སྣང་བའི་རྩེ་མོ་རུ་ཐོན།གྲོགས་པོ་གཉིས་པོས་དབྱངས་སྙན་མོ་ཞིག་ངག་ལ་བཀུག་ཏེ་གྲེ་བ་བདེ་མོས་རྒས་ཤིང་འཁོགས་པའི་གླུ་རྙིང་དག་ཡང་ཡང་ལེན་གྱིན་འདུགང་ལ་མཚོན་ན་ཉན་པར་སྤྲོ་བའི་གླུ་དབྱངས་རེ་རེའི་རྒྱབ་ན་བརྗེད་པར་དཀའ་བའི་འདས་དོན་ཞིག་བོར་མེད་དུ་ཉར་རྒྱུ་འདུགལྟོས་དང་།གཡས་ཀྱི་རི་བོའི་རྒྱབ་ནས་བཅོ་ལྔའི་དུང་ཟླ་དཀར་པོ་ག་ལེར་སྣང་ལམ་དུ་མངོན་སོང་།ཟལ་མོ་སྒང་སྟོད་ཀྱི་ཟླ་བ་ནི་ང་ཚོ་དང་ཁ་ཐག་ཧ་ཅང་ཉེ་ཞིང་སྐས་ཞིག་ཡོད་ན་ཟླ་བའི་སྟེང་དུ་འཛེག་ཐུབ་བམ་སྙམ་པའི་ཚོར་བ་ཞིག་སྐྱེ་ཡོང་གིན་འདུགཕ་གའི་ཟླ་འོག་གི་རི་བོའི་མིང་ལ་ཅི་ཞིག་ཟེར།རི་འདབས་ཀྱི་མཚེར་ས་དེ་སྙིང་དུ་སྡུག་པའི་བུ་མོ་སུ་ཞིག་གི་གནས་ཚང་ཡིན།ང་རང་ཉན་པར་སྤྲོ་བའི་ཟླ་འོད་འོག་གི་ཆུང་འདྲིས་ཞེས་པའི་གླུ་དབྱངས་དེ་ཡང་ཟལ་མོ་སྒང་གི་བུ་མོ་ཞིག་ལ་ཆེད་དུ་བླངས་པ་ཡིན་ནམ།འབྲི་ཟླ་ཟལ་མོ་སྒང་ངམ་རྔུལ་ཟླ་ཟལ་མོ་སྒང་དུ་འབོད་པའི་སྒང་ཆེན་དེ་ནི་མདོ་ཁམས་བྱང་ངོས་སུ་ཡོད་ལ།སྨད་ཀྱི་ཆུ་བོ་ཆེན་པོ་བཞི་ཡང་རི་རྒྱུད་འདིའི་གཡས་གཡོན་ནས་བཞུར་ཏེ་ཤར་ལྷོའི་ཡུལ་གྲུ་ཆེན་པོ་རྣམས་སུ་འབབ་པར་བྱེད།དབུ་ནག་མིའུ་འདྲ་ཆགས་ལས།སྒང་ཆེན་ཕག་མོ་ཉལ་བ་འདྲ།།སྒང་ཕྲན་ཕྲུག་གུས་ནུ་བ་འདྲ།།ཞེས་པའི་སྒང་ཆེན་དེ་ཟལ་མོ་སྒང་དང་།སྒང་ཕྲན་དེ་སྒང་གཞན་ལྔ་པོར་སྦྱར་ན་སྒང་དྲུག་གི་ས་ཁམས་ཆགས་ཚུལ་ངོས་ནས་ཧ་ཅང་འབྱོར་བར་སྣང་ངོ་།།

གཅིག རྫ་ཆུའི་མགོ་ཁུངས་ཆུ་མགོ་བཀྲ་ཤིས་འཁྱིལ་བ།

  གྲོགས་པོ་དགྲ་ཟོར་མངའ་རིས་ནས་དབུས་གཙང་བརྒྱུད་དེ་མདོ་ཁམས་བྱང་ངོས་སུ་འབྱོར།ངེད་གཉིས་སྔར་ནས་ཁ་ཆད་ཡོད་པ་བཞིན་རྨ་འབྲི་རྫ་གསུམ་གྱི་ཆུ་མགོར་ཐེངས་གཅིག་འགྲོ་གྲབས་བྱས།ལོ་འདིར་ང་རང་རྫ་ཆུའི་མགོ་ཁུངས་ལ་ཉེ་བའི་སློབ་ཆུང་ཞིག་ཏུ་དབྱིན་ཇིའི་དགེ་རྒན་ཞིག་གི་མིང་ཙམ་ཁུར་ནས་ཡོད།ཁོང་འགྲོ་རོགས་ཤིག་དང་བསྡེབས་ཏེ་ང་སར་ཐོན་དུས་ཅུང་ཟད་མི་ཁོམ་པའི་དུས་སུ་ཁེལ་མོད།བྱ་བ་རྣམས་བསྐྱུར་ཏེ་རྫ་ཆུའི་ཆུ་མགོ་བཀྲ་ཤིས་འཁྱིལ་བའི་ཕྱོགས་སུ་སོང་།རྫ་ཆུའི་མགོ་ཁུངས་ནི་གདང་ལ་རི་རྒྱུད་ཀྱི་བྱང་ངོས་སུ་ཡོད་ཅིང་།རྫ་ཆུ་ལ་རྫ་དཀར་དང་རྫ་ནགལྕི་ཆུ་སོགས་ཆུ་ལག་མང་པོ་ཡོད།ཡོངས་གྲགས་ཀྱི་རྫ་ཆུའི་ཆུ་མགོ་དངོས་ནི་བཀྲ་ཤིས་འཁྱིལ་བ་ཡིན།རྫ་ཆེན་ཡུལ་ཚོ་ནས་ལ་དགུ་ལུང་བཅུ་བརྒལ་ཏེ་བྱང་དུ་དུས་ཚོད་གསུམ་ཙམ་ཕྱིན་ན་ད་གཟོད་གནས་དེར་ཐོན་ཐུབ།མཐའ་བཞི་གངས་རི་ར་བས་ཡོངས་སུ་བསྐོར་ཞིང་།ཡངས་ཞིང་རྒྱ་ཆེ་བའི་ཐང་སྟོང་སྐྱ་མོ་ཞིག་གི་སྟོད་ངོས་ན་འཁྱག་པས་བསྡམས་པའི་ན་མཚོ་མང་པོ་ལྟེམ་མེར་འཁྱིལ་བ་ནི་ཆུ་མགོ་བཀྲ་ཤིས་འཁྱིལ་བ་ཡིན།བདག་གི་སློབ་མ་ཚོས་བཤད་ན་དབྱར་དུས་སུ་མཚོ་འགྲམ་དུ་ངང་པ་དང་ཆུ་བྱ་སོགས་ཁྱུ་དང་ཆུ་བྱས་ཏེ་འཚོ་ཞིང་།ནོར་ནག་མང་པོ་ཐང་ཆེན་དུ་གྲམ་པས་མཛེས་ཞིང་ལྟ་ན་སྡུག་པ་ཞིག་ཡོད་ཟེར།དགུན་དུས་ཀྱི་བཀྲ་ཤིས་འཁྱིལ་བ་ནི་མི་རྣམས་ཀྱིས་བཤད་པ་བཞིན་དེ་འདྲའི་མཛེས་ཤིང་སྡུག་པ་ཞིག་མ་རེད།རྩྭ་སེར་རླུང་གིས་སྒུལ་ཞིང་རླུང་བུའི་སྒྲ་ལ་སྐྱོ་ངག་བསྲེས།དེའི་ཐོག་ལ་གྲོགས་པོ་དགྲ་ཟོར་གྱིས་པི་ཝང་ཆག་རོ་མ་དེ་དཀྲོལ་ཤེས་ལ་མ་ཤེས་པའི་ངང་ཕར་འཐེན་ཚུར་འཐེན་བྱེད་ཡོང་དུས་སེམས་ལ་སྐྱོ་བ་ལྷག་མ་ཞིག་བསྣན་ཡོང་།ཆུ་བོའི་མགོ་ཁུངས་ན་ཇོ་གུར་ཆེན་པོ་ཞིག་ཕུབ་འདུགབོད་མི་རྣམས་ལ་སྔར་ནས་རྡོ་བྱང་འཇོག་པའི་སྲོལ་དེ་ཙམ་མེད་པས་དར་ལྕོག་ནི་གནས་མིག་ངོས་འཛིན་སྤྱད་ཀྱི་རྟགས་ཤིག་ཡིན་པ་འདྲ།རྫ་ཆུའི་སྟོད་རྒྱུད་ཀྱི་མི་ཚོས་ཆུ་མགོ་བཀྲ་ཤིས་འཁྱིལ་བའི་གཡས་གཡོན་ལ་བྱང་པ་ཞེས་འབོད།ཁ་ཕྱོགས་ཀྱིས་ཡུལ་ངོས་འཛིན་པ་ནི་གནའ་ནས་བོད་ཀྱི་སྲོལ་ཞིག་སྟེ།ཤར་པ་དང་ལྷོ་པ་ཞེས་པའི་གདགས་གཞི་ཡང་དེ་ལ་བརྟེན་ནས་བྱུང་བའོ།།ཆུ་མགོ་ནས་ཕྱི་ཇ་བྱས་རྗེས་སྔར་ལམ་དུ་ལོགཉི་མ་ནུབ་ཏུ་ལྷུང་།བཅོ་ལྔའི་ཟླ་བ་མཁའ་རུ་ཚེས།ལྷགས་རླུང་འུར་འུར་དུ་ལྡང་།སྐར་མ་ཁྲ་ཚོམ་ཚོམ།རྔུལ་ཟླ་ཟལ་མོ་སྒང་གི་གནམ་ས་ནི་ཡུགས་གཅིག་ཏུ་སྦྲེལ།མདུན་དུ་ཤེད་ཀྱིས་རྒྱུགས་ན་ཟླ་བའི་ཐོག་ཏུ་ཐོན་ཨི་འགྲོ་སྙམ་པ་བྱུང་།

གཉིས། འབྲི་ཆུའི་ལྷོ་ཡི་མགོ་ཁུངས།

  སྙིང་ཁུ་མའམ་ཉང་བློ་གྲོས་རབ་གསལ་ནི་རྫ་སྟོད་ས་གནས་ཀྱི་མཁས་པ་ཞིག་ཡིན།ཁོ་བོའི་གྲོགས་པོ་གཟུ་བོ་ཡང་ཐོན་འདུགདེའི་ཐོག་ལ་རྒན་པོ་སྐུ་བླ་ཞོགཁོང་རྣམས་ཀྱི་སྣེ་ཁྲི་འོག་གྲོགས་དགྲ་ཟོར་དང་ངེད་ལྔ་དགེ་རྒྱལ་རྫ་སྟོད་ཀྱི་ཡུལ་ནས་ཝ་རེད་ཅེས་པའི་རི་བོ་ཆེན་པོ་དེ་བརྒལ་ནས་ལྕི་ཆུའི་ཆུ་གཞུང་གཤགས་ཏེ་གྱེན་དུ་སོང་ན་སྤུག་གཞུང་དུ་འབྱོར།ལྕི་ཆུ་འདི་རྫ་ཆུའི་ཆུ་ལག་ཆེན་པོ་ཞིག་ཏེ་ར་ཚ་ཁར་སླེབ་དུས་ཝ་མོ་ལ་བརྒྱུད་ནས་འབབ་པའི་ངོམ་ཆུར་འདྲེས།དེ་ཆབ་མདོར་རྫ་ཆུ་དང་བསྡོངས་ནས་བཞུར་བ་ཡིན།སྤུག་གི་རྒྱལ་བོ་ལ་ནི་གནའ་བོའི་དབུས་ལམ་གྱི་ས་མིག་གལ་ཆེན་ཞིག་ཡིན་ཞིང་།ཚོང་དཔོན་ནོར་བུ་བཟང་པོ་སོགས་གནའ་བོའི་ཚོང་པ་དང་མཇལ་བ་མང་པོ་ཞིག་རི་བོ་འདི་བརྒྱུད་ནས་ཕེབས་པ་སྟེ་མདོ་དབུས་མཐོ་སྒང་གི་ལམ་ཐིག་འདི་ནས་རྒྱུ་འགྲུལ་བ་ཟམ་མ་ཆད་པ་བྱུང་ཡོད།རྒྱལ་པོ་ལའི་མདུན་དུ་ས་འོག་ལ་རྡིབ་པའི་་རྒྱ་མཁར་མདའ་ཚད་མ་ཞིག་འདུག་པ་ནི་ཚོང་དཔོན་ནོར་བཟང་དབུས་ཕེབས་ཀྱི་སྐབས་སུ་བཞེངས་པའི་རྒྱ་མཁར་ཡིན་ཟེར།རྒྱ་མཁར་འགྲམ་དུ་ཐང་ཆེན་པོ་ཞིག་འདུགཚོང་དཔོན་དབུས་སུ་ཕེབས་ཐེངས་རེ་རེར་ཐང་གཞུང་དེར་སྒར་བབས་ནས་ཞག་འདུག་བྱས་ཡོད་ཀྱང་སྲིད་ཅེས་ཁོ་ཚོས་ཚོད་དཔག་བྱེད་ཀྱིན་འདུགདེ་ནས་སྤུག་གཡས་གཡོན་སུམ་མདོ་བརྒྱུད་དེ་སོང་སོང་ན་རི་བོ་ཞིག་གི་འདབས་སུ་འབྱོར།ལ་ཁ་རུ་བསླེབས་ན་ཁ་བས་གཡོགས་པའི་རི་དེའུ་མང་པོས་བསྐོར་བའི་ཐང་ཆེན་ཞིག་མིག་ནང་དུ་མངོན་ཡོང་།ལ་ཁ་དེ་ནི་ལོ་རྒྱུས་ཐོག་མིང་དུ་གྲགས་པའི་འདམ་ཁ་ཤའི་གོང་དང་།མཐའ་ནས་བསྐོར་བའི་རི་བོ་དེ་དག་ནི་འདམ་གྱི་རྒྱལ་ཆེན་བཅོ་བརྒྱད་ཡིན་སྐད།མི་ལོ་བརྒྱད་བརྒྱའི་གོང་དུ་ཀརྨ་པ་སྐུ་ཕྲེང་གཉིས་པ་གནས་འདིར་ཕེབས་ཤིང་།གེ་སར་གསོལ་ཁ་ཞིག་ཀྱང་བརྩམས་པའི་ལོ་རྒྱུད་ཡོད་དོ།།འདམ་ཁ་ཤའི་གོང་ནས་ཁ་རྒྱབ་ཏུ་ཕྱོགས་ན་སྤུག་གི་རྫ་དེའུ་ཞེས་པའི་རི་བོ་ཞིག་འདུགརི་བོ་དེ་དང་ཉེ་བར་གནམ་གྲུ་གསུམ་ཞེས་པའི་སྒང་ཐང་ཞིག་ན་ན་མཚོ་ཞིག་ཡོད།དེའི་མདུན་ན་ཆུ་མིག་ཆུང་ཆུང་ཞིག་ཡོད་པ་ནི་འབྲིའི་ཆུའི་ལྷོ་ཡི་མགོ་ཁུངས་ཏེ་འདམ་ཆུའི་ཆུ་མགོའོ།།རི་ཐང་ཐམས་ཅད་ཁ་བས་གཡོགས་ཟིན་པས་ཆུ་མགོ་ཡང་འཁྱག་པས་བསྡམས་འདུགསྨི་ལྔ་སྟོང་ལྷག་གི་རི་མཐོན་པོ་འདིའི་གཡས་གཡོན་གྱི་རི་ཚོགས་རྣམས་རིམ་པར་ཇེ་དམའ་ལྟ་བུར་སོང་ཞིང་།འཛམ་གླིང་གི་ཡང་རྩེ་ཞིག་ཏུ་འབྱོར་སོང་སྙམ་པའི་ཚོར་བས་ཁེངས།ལྷོ་རོང་ཆོས་འབྱུང་དུ།བྱང་འདམ་དང་གད་པ་འབྲི་ལྷོའི་ཆུ་འཛོམས་པ་ལ་འབྲི་འདམ་མདོ་ནས་འབྲི་ཆུ་དང་།ཞེས་པའི་འདམ་ཁ་ཤའི་གོང་ནས་འབབ་པའི་འདམ་ཆུའམ་འབྲི་ཆུའི་ལྷོ་ཡི་མགོ་ཁུངས་ནི་ས་བབས་ཀྱི་དབང་གིས་རྫ་ཆུའི་ནང་དུ་འབབ་མ་ཐུབ་པར་འབྲི་འདམ་གད་པ་ཤེལ་དཀར་ཞེས་པའི་ས་ནས་འབྲི་སྣ་བུག་གཡས་གཡོན་སོགས་ནས་ཐོན་པའི་ཆུ་དང་འདྲེས་ཏེ་གསེར་ལྡན་འབྲི་ཆུ་ཞེས་སྙན་པའི་བ་དན་གོ་ལའི་ཁྱོན་ལ་ཁྱབ་པའི་ཆུ་བོ་ཆེན་པོ་དེ་བྱུང་བ་ཡིན་ནོ།།འབྲི་སྣ་བུག་གཡས་གཡོན་ནས་ཐོན་པའི་འབྲི་ཆུའི་ཆུ་མགོ་ནི་སྐུ་ལྷ་དར་གདོང་ངམ་སྐུ་ལྷ་དར་མདུང་ནས་ཐོན་པའི་དཀར་ཆུ་དང་།འབྲི་ལ་སར་གངས་རྒན་ནས་ཐོན་པའི་གངས་ཆུ་རྣམས་ཡིན་ཞིང་།འབྲི་ལ་སར་གངས་རྒན།འབྲི་ཡི་རྫ་ལུང་ནག་གདོང་།འབྲི་དར་འཁྲི།འབྲི་དམར་གླང་སྣ།འབྲི་ནོར་རྫ།འབྲི་ཞལ་དཀར།འབྲི་ཁམས་ཟེ།འབྲི་མེ་རི་དམར་པོ་སོགས་འབྲི་མིང་ཐོགས་པའི་རི་བོ་མང་པོ་ཞིག་གི་བརྒྱུད་དེ་བཞུར་གྱིན་ཡོད་དོ།།

  གསུམ། རྨ་ཆུའི་མགོ་ཁུངས།

  ཏག་ཏག་མི་ལོ་ཉི་ཤུ་འགོར་སོང་།བགྲང་བྱང་ཉི་ཤུའི་རྗེས་སུ་ང་རང་སླར་ཡང་ཨ་ཆེན་གངས་རྒྱབ་ཀྱི་ཐང་གཞུང་དུ་འབྱོར།ཕལ་ཆེར༢༠༠༤ལོའི་སྟོན་མཇུག་ཙམ་ལ།ཁོ་བོ་པ་ལགས་དང་མཉམ་དུ་ཨ་ཆེན་གངས་རྒྱབ་བརྒྱུད་དེ་དབུས་ཀྱི་ལྷ་སར་ཆུར་འཚོང་གི་ཞོར་དུ་ཇོ་མཇལ་ལ་ཐེངས་གཅིག་འགྲོ་མྱོངས་ཡོད།ཨ་ཆེན་གངས་རྒྱབ་དང་ཉེ་བའི་ཆུ་དམར་ལེབ་རྨ་སྟོད་ཅེས་པ་ནས་འབབ་པའི་རྨ་ཆུ་ནི་འཛམ་གླིང་རྒྱས་བཤད་དུ།རང་རེའི་ཨ་མདོའི་རྨ་ཆུ་ནི།བྱང་གི་བ་ཡན་ཧ་ར་ཟེར་བའི་རི་ནས་ཐོན་ཏེ་སྐར་མ་ཐང་དང་།མཚོ་སྐྱ་རིང་སྔོ་རིང་སོགས་བརྒྱུད་ཤར་ཕྱོགས་སུ་བལྟས་ནས་འབབ་པ་རྨ་ཆེན་གྱི་རི་དང་ཉེ་སར་སླེབས་པ་ན།ཁ་ཤར་ལྷོར་བལྟས་ནས་རྨ་ཆེན་གྱི་རི་ལ་གཡས་བསྐོར་གྱི་ཚུལ་དུ་འབབ་པ།རྨ་གྱའི་རིའི་མདུན་ནས་ཤར་དུ་འཁྱོགས་ཏེ་མཛོ་དགེ་སྟོད་མ་དང་ཝ་ཤུལ་སོགས་ཀྱི་ས་ཆ་དང་།མཚོ་སྔོན་གྱི་ལྷོ་མཐའ་བརྒྱུད་ཨ་མདོའི་ཆུ་མང་པོ་དང་བཅས་འདུས་ནས་རྒྱ་ནག་པོའི་ཞིང་ས་ཆེན་པོ་ཀན་སུར་འབབ་པ།ལན་གྲུ་མཁར་གྱི་འགྲམ་དང་ཀན་སུ་ཞིང་གི་བྱང་མཐའ་བརྒྱུད་ཧོར་གྱི་ཡུལ་དུ་འབབ་ཅིང་།དེ་ནས་ལྷོ་ནུབ་ཏུ་འཁྱོགས་ཏེ་སླར་རྒྱ་ནག་གི་སར་འབབ་པ།ཤན་ཤིས་དང་ཧེ་ནན་སོགས་བརྒྱུད་དེེ་ཤན་རུར་དང་ནན་ཅང་གི་ས་མཚམས་སུ་འབབ་པ།ནན་ཅང་གི་ས་ཆར་ཡང་ནན་ཅང་མཁར་དང་ཧ་ཅང་ཐག་མི་རིང་བའི་བྱང་ཤར་བརྒྱུད་ནས་མཐའི་རྒྱ་མཚོ་ཆེན་པོར་འབབ་ཀྱིན་ཡོད་པ་ལ་རྒྱ་ནག་ཏུ་བ་ཧྭང་ཧེ་ཟེར།ཞེས་གསུངས།རྨ་ཆུའི་མགོ་ཁུངས་ཡུག་གི་གཡག་ར་སྟག་རྩེ་ནས་འབབ་པའི་ཆུ་དེ་མཚོ་སྐྱ་རིང་སྔོ་རིང་སོགས་དང་འདུས་པ་ལ་རྨ་ཆུ་ཟེར།
                                                                               ༢༠༢༣-༡༢-༡

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཟླ་འོད་འོག་གི་རྔུལ་ཟླ་ཟལ་མོ་སྒང་། 

2023-12-05 ཅོག་རོ་ཀུན་དགའ་རྣམ་རྒྱལ།(རྫ་སྟོད) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།