ཀུན་བཟང་རྣམ་རྒྱལ་གྱི་ལྷུག་རྩོམ། 《གེ་སར་སྒྲུང་གླུ》

ཀུན་བཟང་རྣམ་རྒྱལ།(དཀར་མཛེས) 琼迈文学网 2024-04-08

 ཀུན་བཟང་རྣམ་རྒྱལ། 1988ལོར་སྡེ་དགེ་རྫོགས་ཆེན་དུ་སྐྱེས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་མཐར་ཕྱིན། སི་ཁྲོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི་དང་། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དུས་དེབ《གངས་དཀར་རི་བོ》ཡི་རྩོམ་སྒྲིག་པ་བཅས་ཀྱི་འགན་བཞེས་བཞིན་ཡོད།

    དེ་རིང་ཕྱི་རོལ་ན་ཁ་བ་ལྷབ་ལྷུབ་ཏུ་འབབ་ཀྱིན་འདུག མིག་རྡེབ་ཙམ་གྱི་ཡུན་ལ་རི་ལུང་ཡོངས་རྫོགས་དཀར་གཙང་གི་འཇིག་རྟེན་ཞིག་ཏུ་གྱུར་སོང་། རླུང་བུ་གཡུག་ཅིང་བུ་ཡུག་འཚུབས། ང་རང་ནི་མལ་དུ་ཉལ་བཞིན་ཁ་བ་ལ་འཁང་ར་བྱས།

  གུར་ཆུང་རྟ་སོ་མའི་ཕྱི་ན་རྒན་པོ་ནོར་བཟང་གིས་སྐད་གསེང་མཐོན་པོས་ང་ལ་འབོད་བཞིན་འདུག དེ་ནི་ཁ་བ་ཆེ་དྲགས་པས་དེ་རིང་ཡང་དབྱར་རྩྭ་དགུན་འབུ་འཚོལ་ཐབས་བྲལ་བས་ཅི་ལ་མིན། ང་རང་ཤིང་འཇམ་གཉིས་བརྩེགས་ཀྱི་མལ་ཁྲིའི་སྟེང་ནས་ཙོག་གེར་ལངས་ནས་བལྟ་དུས། གུར་ཆུང་རྟ་སོ་མའི་ཕྱེད་ཀ་ཙམ་ཁ་བའི་ནང་དུ་འཛུལ་འདུག སྒོ་ཕྱིར་བཏགས་པའི་རྟ་ཟོག་རྣམས་ཀྱང་ཁ་བའི་ནང་དུ་ཅུང་ཙམ་མ་གཏོགས་མཐོང་མི་ཐུབ། ཐབ་ཀའི་འགྲམ་གྱི་ཨ་ཕའི་ངོ་གདོང་ལ་བལྟས་ན་དེ་རིང་ཅི་འདྲའི་གྲང་ངར་ཆེ་བ་དང་ཁ་བའི་སྲབ་མཐུག་ཀྱང་ཤེས་ཐུབ། ཁོས་ང་ལ་དེ་རིང་ཁ་བ་ཆེ་ཞིང་ལྷག་རླུང་རྒོད་པས་གོས་མཐུག་པོ་གྱོན་དགོས་ཞེས་བཤད། ངས་གོས་གྱོན་ཞོར་དུ་དཔེ་ཁུག་ནས་གེ་སར་གྱི་སྒྲུང་དེབ《མི་ནུབ་དར་རྫོང》བླངས་ནས་རྒན་པོ་ནོར་བཟང་ཚང་གི་གུར་ནང་དུ་སོང་།

  རྒན་པོ་ནོར་བཟང་ནི་གཤིས་རྒྱུད་འཇམ་ཞིང་། ཁ་མཚར་ལ་དགའ་བ། དད་པ་ཆེ་ཞིང་། རྣམ་རིག་བཀྲ་བ་ཞིག་ཡིན། ཁོང་གིས་དེ་རིང་ཁ་བ་ཆེ་བས་དབྱར་རྩྭ་ལོན་མི་སྲིད། དེ་བས་ཁྱེད་ཀྱིས་སྒྲུང་ཞིག་བཤད་དགོས་ཟེར་ནས་ཇ་བླུག་ཞོར་ངའི་ཟུར་དུ་བསྡད། ངས་ཡ་ཡ་ཟེར་ནས་གླིང་དམག་མི་ནུབ་པདྨ་ཡང་དཀྱིལ་དུ་དམག་སྒར་རྒྱབ་སའི་མཚམས་ནས་བཤད་ཅིང་སྐད་ཆེན་པོའི་ངང་སྒྲུང་གླུ་བླངས། དྲང་མོར་བཤད་ན། གླིང་སྒྲུང་ནི་ང་ཚོ་ལ་དབང་བའི་གནའ་བོའི་ལོ་རྒྱུས་ཀྱི་གསོལ་ཇ་ཞིམ་པོ་ཞིག་ཡིན་པ་སྨོས་ཅི་དགོས། དེའི་ཕྱིར་ཡོད་ཚད་འཇམ་ཅག་གེར་མིག་གིས་ང་ལ་བལྟ་ཤིང་རྣ་བ་སྒྲུང་ལ་འཁོར། ཕྱི་རོལ་ན་ཁ་བ་ཆེ་ཞིང་གྲང་ངར་བཙན་ནའང་ཐམས་ཅད་ཀྱིས་སྣང་མེད་དུ་བསྐྱུར་ནས་སྔོན་རབས་དཔའ་བོའི་རྣམ་ཐར་ཡིད་ལ་འཁོར་ཞིང་། དད་འདུན་གྱི་མཆི་མ་འཁྲུགས། དེ་ནི་གེ་སར་སྒྲུང་ལ་ལྷག་ཏུ་དད་པས་ལོས་ཡིན།

  ལུང་ཆེན་དེའི་ནང་ན་ཐབ་རྡོ་སུམ་ཚུགས་དང་འདྲ་བའི་གུར་ཆུང་གསུམ་ཡོད། དེ་ནི་ནང་མཐུན་ཞིང་འདྲིས་ཡུན་རིང་བའི་རྒན་པོ་ནོར་བཟང་ཚང་དང་ངེད་ཚོ་ཁྱིམ་ཚང་གསུམ་ཡིན་ལ་དབྱར་རྩྭ་དགུན་འབུའི་ཆེད་དུ་ལུང་ཆེན་དེའི་གནས་སྐབས་ཀྱི་མགྲོན་པོ་ཡང་ཡིན། དེ་རིང་གི་གེ་སར་སྒྲུང་གླུ་ལེན་ཡུན་ཅུང་རིང་བའི་རྒྱུ་མཚན་ནི་རྒན་པོ་ནོར་བཟང་དེ་རིང་ནས་ངའི་སློབ་མར་བསྡུ་རྒྱུ་དང་ཀ་ཁ་འབྲི་ཀློག་སོགས་དངོས་སུ་སློབ་འགོ་འཛུགས་རྒྱུའི་ཐག་ཆོད་པས་ཡིན།

  རེ་ཞིག་མཇུག་རྫོགས་པ་དང་སོ་སོས་དཔའ་བོའི་ལོ་རྒྱུས་ལ་མྱོང་ཚོར་མ་འདྲ་བ་རེ་ཁྱེར་ནས་ལོག་སྐབས། ཨ་ཕ་སྔར་དང་མ་འདྲ་བར་དགའ་སྣང་ཚོར་མེད་ཅིག་སྐྱེས་ནས་བསྡད་འདུག དེ་ནི་ཁོས་དཀའ་ངལ་ཁྱད་བསད་ཀྱིས་ངེད་ཚོ་སློབ་གྲྭར་བཏང་བ་དེར་དོན་སྙིང་འདུག་བསམ་ནས་སེམས་ལ་དགའ་སྤྲོ་ཆེན་པོ་སྐྱེས་ཡོད་པ་རྗེས་ནས་ཤེས།

  ཕྱི་འདང་རེ་བརྒྱབ་ན། གེ་སར་གྱི་སྒྲུང་གླུ་རེ་རེས་ལུང་ཆེན་དེར་རེ་བས་གང་མྱོང་ལ། གེ་སར་གྱི་སྒྲུང་གླུ་རེ་རེས་གནའ་མི་རུས་པ་ཅན་དེ་ཚོ་ཡང་ཡང་དྲན་དུ་བཅུག ལོ་ཟླ་ཡི་འགྲོས་མགྱོགས་པས་ལོས་ཡིན་རྒན་པོ་ནོར་བཟང་ལ་མ་ཐུག་ནས་ཡུན་རིང་འགོར་བའི་དེ་རིང་ཁོང་གི་གཏམ་རྒྱུད་ཅིག་གོ་བྱུང་། དེ་ནི་ན་ནིང་ཁོང་ཚོའི་སྡེ་བའི་དབྱར་སྐྱིད་སྐབས་སུ། ཁོང་དགུང་ལོ་བདུན་ཅུ་ལ་ཉེ་ཡང་བོད་ཕྲུག་དམར་པོའི་གོས་ལྭ་གྱོན། གོས་ཆེན་སྐེད་རགས་སྔུན་ནས་གནར། འབུ་རས་དཀར་པོའི་ནང་འཇམ་གསོལ། སྐྲ་དཀར་ལེབ་ཆེན་རྒྱབ་ཏུ་གཡུག་ནས་གླིང་སྒྲུང《མི་ནུབ་དར་རྫོང》ནང་གི་སྐྱེ་ཡག་གངས་དཀར་སེང་ཡག་ཨ་སྟག་ཀླུ་མོས་བཏུལ་བའི་སྐོར་སྙན་མོའི་ངག་ལ་དྲངས་ནས་བླངས་པས་ཡོད་ཚད་ཧ་ལས་ཤིང་ཁོང་ལ་བསྟོད་བསྔགས་ཆེན་པོ་བྱས་པ་གོ་བ་དང་། ད་རུང་རྒན་པོ་ཁོང་སྡེ་བ་དེའི་སྒྲུང་པ་གྲགས་ཆེན་དུ་གྱུར་ཡོད་པས་མ་ཚད། རྒྱལ་ཁབ་རིམ་པའི་གེ་སར་སྒྲུང་གླུའི་རྒྱུད་འཛིན་པར་བདམས་ཡོད་ཚུལ་ཡང་གོ་བས་སྔོན་གྱི་འགྲོགས་འདྲིས་སོགས་ལ་བསམ་ནས་ཤིན་ཏུ་དགའ་ཡོད།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀུན་བཟང་རྣམ་རྒྱལ་གྱི་ལྷུག་རྩོམ། 《གེ་སར་སྒྲུང་གླུ》

2024-04-08 ཀུན་བཟང་རྣམ་རྒྱལ།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།