ཨ་བ།

ནོར་བུ་མཚོ།(རྔ་བ) 琼迈文学网 2024-04-11

  སློབ་ཆུང་དང་དམའ་འབྲིང་སྐབས་སུ། ནམ་རྒྱུན་རྩོམ་གྱི་ཁ་བྱང་ལ་བརྗེད་དུ་མེད་པའི་མི་ཞེས་པ་ནི་ལས་བྱ་དང་རྒྱུགས་སྤྲོད་ཀྱི་ནང་དུ་ཐེངས་མང་འབྲི་མྱོང་མོད། ངའི་ལས་ཚུལ་བཅའ་ཚུལ་དང་། མདང་རྒྱག་ཚུལ་ལ་ཤན་ཤུགས་ཆེས་ཆེ་བ་དང་། བརྗེད་དུ་མེད་པའི་ཨ་བ་ནི་ཐེངས་གཅིག་ལ་ཡང་འབྲི་མ་མྱོང་།

  ཨ་བ་དང་ངེད་གཉིས་ལ་ཤ་ཁྲག་གི་འབྲེལ་བ་གང་ཡང་མེད་ན་ཡང། ཁོས་ངའི་ཨ་ཕ་དང་ངེད་མིང་སྲིང་གསུམ་པོ་ལག་ཆགས་བར་དུ་གསོས་ནི་ཡིན། ཨ་བ་ནི་རོང་སྐད་ཁྲོད་ཀྱི་ཨ་ཁུ་ཡི་དོན་ཡིན། ཨ་བའི་མིང་ངོ་མ་ལ་ལྷ་མོ་ཟེར། རིག་གསར་གྱི་སྐབས་ཁ་དཔེ་འཚོགས་དུས། མགོ་བ་རྒྱ་རྒན་ཞིག་གིས་རྒྱ་སྐད་ཀྱིས་སྔོན་ལ་那么如果ཞེས་བཤད་ཐེངས་རེར་ཨ་བའི་རང་མིང་ལྷ་མོ་དང་ཤ་ཉེའི་མིང་བློས་གོ་འབོད་ཀི་ཡོད་བསམ་ནས་སེམས་ནང་ཚ་རབ་བེ་བྱེད་རབས་ཡང་ཡོད། དེ་རྗེས་ངེད་སྡེ་བའི་ནང་ལ་ལྷ་མོ་ཞེས་པའི་གྲྭ་བ་ཞིག་ཡོད་པ་གཤེགས་སོང་བས། ཨ་བའི་མིང་ཡང་ཤི་མིང་དུ་ལོག་སོང་བས། སྡེ་བའི་ནང་གི་མི་ཚང་མས་ཁོ་ལ་ཨ་བ་ཞེས་བོས།

  ཆུང་དུས། ཨ་ལུའུ[i]་ངེད་གཉིས་ཨ་བའི་རུམ་ལ་ཉལ་རྒྱུ་རྩོད་རེས་བྱེད་དགོས། རྒྱུན་དུ་ཨ་བའི་རུམ་ལ་ཉལ་ནི་དེ་ང་ཡིན་དཔེ། རྩོད་རེས་བྱེད་དོན་ནི་ཉལ་ཁ་ཨ་བས་ཁོ་ཆུང་དུས་ཀྱི་དོན་དག་དང་དཔེ་མང་པོ་བཤད་པས་ཡིན།

  ཨ་བའི་ཨ་ཕ་ནི་མི་བདུན་བསད་པའི་དཔའ་བོ་ཞིག་དང་། ཅོག་ཙེ་རྒྱལ་བོ་ཚང་དང་གྱོད་ལ་ཐུག་པས། རྨེའུ་རྒྱལ་བོ་ཚང་ལ་མགོ་བཏགས། ཡང་ཁོས་ཝམ་པ[ii]་རྒྱལ་བོ་ལ་མནའ་བཞག་ནས་སྟོན་ཁ་ཁྲལ་ལས་སུ་ཞིང་ནང་དུ་རྩམ་པ་བགོ་བ་མ་གཏོགས་གཞན་ལས་མི་དགོས་པར་བཤད། རིག་གསར་སྐབས། ཁྱིམ་མཚེས་གྱོང་སྨད་རྒད་པོས་ཨ་བ་ཚང་རྒྱལ་བོའི་གཉེར་བ་ཡིན་བཟླས་ནས་སྐབས་ཞིག་ལ་ཨ་བ་ལ་“ཞྭ་མགོ་”ཡང་བསྐོན།

  ཨ་བས་ཆུང་དུས་སྡུག་བླངས་རབས་མང་པོ་བཤད་རྒྱུ་ཡོད། ཁོ་ལ་ཨ་ཕ་མེད་པས་མ་བུ་བཞི་བོ་ཁ་མ་སོས་པར། ཨ་བ་ལོ་བདུན་ཀྱི་དུས་སུ་གཞན་ལ་རྫི་གླར་སོང་། རྫི་གླར་འགྲོ་ས་ཚང་ནི་ལོ་ལྔ་བཅུ་ཡར་མར་གྱི་རྒན་རྒོན་བུ་ཕྲུག་མེད་པ་གཉིས་ཡིན། རྒན་རྒོན་གཉིས་ནི་ལུག་བརྒྱ་དང་ཟོག་དྲུག་ཅུ་ལྷག་ཡོད་པའི་ཁྱིམ་ཚང་ཕྱུག་པོ་ཞིག་གི་གྲས་ཡིན་ནའང་བུ་ཕྲུག་གཅིག་ཀྱང་མེད་པས་ཨ་བ་རྫི་བུར་གླས།

  རྒན་རྒོན་གཉིས་ལོ་ཉི་ཤུ་ལྷག་ཡིན་སྐབས་བུ་ཕྲུག་མ་ཆགས་པས་བླ་མ་དང་སྨན་པ་མང་པོར་བསྟན། ཐེངས་གཅིག་ཛམ་ཐང་གི་སྔགས་རྒན་ཞིག་གིས་བུ་སྟེར་བ་གོ་ནས་དེའི་སར་སོང་། སྔགས་རྒན་དེའི་མདུན་དུ་བསླེབས་ནས་རྒྱུ་མཚན་ཞུས་པར། སྔགས་རྒན་གྱིས་རྒད་པོར། སྒོ་ཁ་ནས་སྒུག་ཅེས་སྒོ་རུ་བདས། རྒད་མོ་སྐྲག་ཞོར་དུ་སྔགས་རྒན་གྱིས་མདུན་ནས་མགོ་བསྒུར་ནས་བསྡད་དུས། སྔགས་རྒན་གྱིས་རྒད་མོར། ད་ལུས་ཀྱི་སླག་པ་ཕུད་དང་། བུ་སྟེར་རོ། །ཞེས་བཤད། རྒན་མོ་སྐྲག་ནས་སྒོ་རུ་བྲོས། དེའི་རྗེས་བུ་བཙལ་བའི་རེ་བ་གཏིང་ནས་ཆད།

  ཨ་བ་རྫི་བུར་གླས་དུས་ནི་དགུན་དཀྱིལ་ཞིག་ཡིན། ཨ་བ་ལ་ལྷམ་པུག་རྩེ[iii]་སྐེ་ལོ་ཞིག་ལས་མེད་པ་མཐོང་ནས་རྒད་པོས་པགས་པའི་པུག་རྩེ་སྐེ་རིང་ཞིག་ཨ་བ་ལ་བཟོས། རྒན་མོ་མི་འཐད་ཞོར་དུ་གླ་བ་ལྷམ་མེད་ཞེས་འཛིང་། འོན་ཀྱང་ཕྱི་དྲོ་ཨ་བས་ཟོག་ལུག་གཅིག་ཀྱང་མ་བོར་བར་དུས་ཐོག་དུ་དེད་ཡོང་སྐབས། རྒད་མོས་ཞི་ལུ་ལྷམ་མེད་རྐང་བདེ་ཞིག་རེད། དོ་ནུབ་ཞུ་ལུ་ལ་འོ་ལོ་[iv]ཞིག་བཅའ་ཟེར་ཞོར་དུ་མར་རྡོག་ཆུང་ཆུང་ཅིག་ཨ་བའི་ཅ་ནེའི་ནང་བཞག ཨ་བས་ཡང་ཉིན་དཀར་རྫི་བུ་དང་ནུབ་མོར་ཁྱིམ་ཕྱི་ནང་གི་ལས་ཀ་ཙག་ཙིག་ཚང་མ་བ་ཚོད་ཐུབ་ཚོད་ལས། ཨ་བ་ཚེགས་ཡང་ཅིག་ཡིན་པ་ཡང་ཕལ་ཆེར་དེ་ནས་ཆགས་སོང་བ་འདྲ།

  རྫི་གླར་བསྡད་ནས་ལོ་གཉིས་འགོར་བའི་དཔྱིད་ཀའི་ཕྱི་དྲོ་དེར། ཨ་བས་སྔར་བཞིན་བ་ཁ་དང་ཐག་ཉེ་བའི་ལུག་རའི་སྒོ་ཕྱེ་བའི་སྐབས། གང་ནས་ཡོང་བ་མ་གོ་བའི་བོའུ་སྐད་ཅིག་གྲགས་བྱུང་། དེ་ནི་གླ་མཁན་རྒད་པོའི་པུ་རྭའི་བོའུ་སྐད་དང་མི་འདྲ་བར་ཧ་ཅང་གསལ་ལ་སྒྲ་ཆེ། ལུག་དག་ལུག་རར་མི་འཛུལ་བར་ཡར་མར་ཐལ་སེ་བྲོས་སོང་། དེར་མཐུད་ཡང་བོའུ་སྐད་ཁ་ཅིག་གྲགས་བྱུང་། ཨ་བ་མྱུར་དུ་བ་ཁའི་ཕྱོགས་སུ་བརྒྱུགས་ནས་སྦྲ་ནང་དུ་འཛུལ། གླ་མཁན་རྒད་པོས་པུ་རྭ་ཁུར་ནས་ཏ་ལེན་ནང་ལ་བསྡུ་བསོགས་བྱེད་ཀྱིན་ཨ་བ་ལ། རྫི་ནག་ཁྲིད་དེ་སྒ་སྟོད་ཟེར། དེ་ནས་ཨ་བ་གླ་མཁན་རྒན་རྒོན་དང་འགྲོགས་ནས་ནགས་གསེང་ལ་"ཐོས་ཧྥེ[v]”་རུ་བུད། འདི་ནི་ས་འདིར་དམག་ཡོང་ཐེངས་གཉིས་པ་ཡིན། “ཐོས་ཧྥེ་”ལ་བུད་ནས་ཉིན་བཅུ་ཁ་ཅིག་འགོར་ནས་ཕྱིར་ཡུལ་ལ་ལོག་དུས། ལུག་ནི་བྲོས། ཟོག་ནི་བོར། སྦྲ་ནི་ཐེད། ཨ་བ་ལ་ཡང་རྫི་བོ་བྱེད་ས་མེད་པས། ཕྱིར་ཡུལ་ལ་ཐོན། དེ་ནས་ཅང་མ་འགོར་བར་ཨ་བ་ཁྱིམ་མཚེས་ཉེ་རིང་ཅིག་གི་གྲྭ་ཚབ་ལ་ཕྱིན་ནས་དགོན་ནང་དུ་འཚོགས་པར་སོང་།

  ཨ་བའི་དགེ་རྒན་ནི་ཡུལ་བ་ཚོ་བདུན་ནས་ཡིན་པའི་རོང་དགོན་གྱི་མགོན་བླ་ཡིན། དགེ་རྒན་ལ་རོང་འབྲོག་ཀུན་ནས་ཡོང་བའི་དགེ་ཕྲུག་བཅུ་ཁ་ཅིག་ཡོད། ཚང་མ་མགོན་བླ་ཚང་གི་གྲྭ་ཤག་ནས་འདུག་དགོས། འབྲོག་པ་དག་གིས་མར་ཕྱུར་ཁྱེར་ཡོང་། རོང་བ་དག་གིས་རྩམ་པ་དང་ལོ་སྐྱུར་སྐམ་པོ་ཁྱེར་ཡོང་། རྒྱུན་དུ་ལོ་སྐྱུར་ལོ་རྫ་གང་རེ་བསྐོལ་ནས་དགེ་སློབ་ཚང་མས་རྩམ་པ་བརྫིས་རྗེས་སྒྱེད་པུ་བསྐོར་ནས་གོར་གོར་བསྡད། དགེ་ཕྲུག་དག་གིས་ལོ་རྫ་ཁར་རེག་པ་ཙམ་བྱས་ནས་རེས་བསྐོར་ནས་མཐར་དགེ་རྒན་གྱི་ལག་ལ་ཐོན་དུས་ནང་ལ་རྩིག་དག་ལྷག་འདུག་པས། དགེ་རྒན་ནས་མིག་ཆུ་བཞུར་ཞོར་དཀོན་མཆོག་གསུམ་ལ་གསོལ་བ་ཡང་ཡང་བཏབ། མགོན་བླས་ཡི་གེ་གཅིག་ཀྱང་ངོས་མི་ཟིན་ན་ཡང་འདོན་ཆོག་རིང་ཐུང་མེད་པ་བློར་མ་ངེས་པ་གཅིག་ཀྱང་མེད་པས་དགེ་ཕྲུག་དག་ལ་ཡང་བློ་ལས་ཁྲིད། དེ་བས་ཨ་བ་ལོ་ལོན་སྐབས་ཡང་འདོན་ཆོག་དག་བློ་ལ་ཡོད།

  དཔྱིད་ཁ་ཞིག་ལ། ངེད་སྡེ་བའི་གྲོང་ཆོག་མཁན་པོ་ཨ་ཁུ་ལྕེ་ལོ་ངེད་ཚང་ལ་ཀུན་རིག་འདོན་ཏུ་ཡོང་། ཁོང་གིས་གཏོར་མ་ཆེན་པོ་ཆེན་པོ་རེ་བཅས་རྗེས་མཆོན་ཁང་ནང་དུ་བུད་སོང་། ཅང་མ་འགོར་བར། རྔ་དང་དྲིལ་བུ། སྦུབ་ཆལ་ད་དུང་ཌ་རུ་དག་སུ་ཐུབ་གང་རྒྱལ་གྱིས་གྲགས་ཀྱིན་འདུག ཨ་བས་རྣ་བ་མཆོད་ཁང་གི་ཕྱོགས་སུ་གཏད་ནས་ཡ་མཚན་གཏོར་མ་ཡང་མི་འདྲ་གི་བསམ། ཀུན་རིག་འདོན་སྐབས་རྔ་དང་དྲིལ་བུ། སྦུབ་ཆལ་དགོས་མི་དཔེ། ད་འདི་དགའ་ཞིག་ཡིན་ནས་སྨོན་ལམ་ཟེར། དྲོས་ཇ་འཐུང་རན་དུས་ཨ་མས་ང་མཆོད་ཁང་ནང་དུ་ཨ་ཁུ་ལྕེ་ལོ་འབོད་དུ་མངགས། སྔ་མོ་ཨ་ཁུས་ང་པང་ཐོག་དུ་བཞག་ནས་ངའི་རྣ་དང་རྒྱབ་ལ་སོ་བཏབ་པ་དང་ལག་པས་གང་སར་ཕུར་ཕུར་བྱས་པས་ང་འགྲོ་མ་འདོད་ན་ཡང་ཨ་མས་བཀའ་ལ་མི་ཉན་ཁ་མེད་ཡིན་པས། མི་འཐད་ཞོར་ཏུ་ཨ་ཁུ་འབོད་དུ་སོང་། ངས་མཆོད་ཁང་སྒོ་ཕྱེས་ནས་བལྟས་དུས་ཨ་ཁུ་ཕྱི་གན་ཁར་གཉིད་བསྡད་ཡོད། ང་ནང་དུ་འགྲོ་མ་ཕོད་པར་སྒོ་ཁ་ནས་ཤེད་ཀྱིས་ཨ་ཁུ་ལ་བོས་རྗེས་ཕྱིར་བྲོས། ཨ་བ་དང་ཨ་མ་གཉིས་ལ་ཨ་ཁུ་གཉིད་བསྡད་ཡོད་པ་བཤད་དུས། ཨ་བས་སྣ་བགད་ཅིག་བྱེད་ཞོར་ཀུན་རིག་ནང་ན་གཉིད་ཀྱི་ཚན་པ་ཡང་ཡོད་ཀ་ཟེར། ཨ་མས། སྐྱབས་སུ་མཆིའོ། དེ་ཟེར་མི་ཉན། ཨ་ཁུས་འདོན་མ་ཤེས་ན་ཡང་ཕན་པ་ཆེ་ནི་རེད་ཟེར་ཀི། ཨ་བས། ང་གྲྭ་བ་ཡིན་དུས་ཀུན་རིག་མིན་མིན་འདོན་མྱོང་ད། དེ་རིང་གི་ཀུན་རིག་ཐེངས་དང་བོ་གོ་ནི་ཡིན་ཟེར། ཨ་མས་ཨ་བ་ལ་ཁ་རོགས་ཟེར་ཞོར་ཡང་མཆོད་ཁང་ནང་དུ་ཨ་ཁུ་འབོད་དུ་སོང་དུས། ཨ་ཁུ་མཆོད་ཁང་ནང་མེད་པ་དང་ཕལ་ཆེར་ཨ་བ་ཡི་སྐད་ཆ་དག་གོ་ནས་བྲོས་སོང་བ་ཡིན་ཟེར། དེའི་ཕྱིར་ཉིན་ཁྱིམ་མཚེས་ཚང་ལ་ཡང་རྔ་དང་སྦུབ་ཆལ་གྲགས་བྱུང་། ཁྱིམ་མཚེས་ཚང་གི་བུ་མོ་ཆུང་ཆུང་དེའི་མཆུ་དོ་ཡང་ཨ་ཁུས་འཇུབ་ནས་སྐྲངས་སོང་ཡོད། འོན་ཀྱང་དེ་རྗེས་ངེད་ཚང་ལ་འདོན་དུ་ཡོང་མ་མྱོང་། གཞན་པས་ཁྱེད་ཚང་གི་ཨ་བ་འདོན་པར་མཁས་པས་ཨ་ཁུ་མ་ཡོང་བ་ཡིན་ཟེར། སྡེ་བའི་ནང་གི་གྲྭ་བ་དང་གྲྭ་ལོག་ཡོད་པའི་ཁྱིམ་ཚང་ལ་ཨ་ཁུ་ལྕེ་ལོ་ཕེབས་ཁ་མི་ཉན།

  དེ་ནས་ཨ་བ་ལོ་བཅུ་དྲུག་ལ་ཐོན་དུས། ཨ་བའི་མི་ཚེ་ནང་གི་ཆེས་གལ་ཆེན་གྱི་མི་སྟེ། བླ་མ་ཤིང་བཟོ་ཚང་ལ་འཕྲད། བླ་མ་ཤིང་བཟོ་ཚང་ནི་གསེར་མཛོད་ནས་ཡོང་བའི་རོང་དགོན་གྱི་ཁྲི་བ་ཡིན། ཁོང་གིས་དགོན་ནང་ནས་གྲྭ་བ་ཞིག་བཙལ་དགོས་བསམ་ནས་བསྡད་པར། ཉིན་ཞིག་ལ་ཨ་བ་དང་གྲལ་མཚེས་ཉིས་ཀས་པགས་ཁུག་འཕྲོག་རེས་བྱས་པ་ཞལ་ངོ་ཡིས་མཐོང་ནས་གྲལ་སྔ་ནས་ཕྱག་ལྔ་བརྒྱ་འཚལ་དུ་བཅུག གྲལ་མཚེས་དེས་ཕྱག་གཅིག་རེ་བཙལ་ནས་གཉིས་རེར་བརྩིས། ཨ་བས་ཅི་ཙམ་འཚལ་ན་ཨ་ན་མ་ན་བརྩིས་པ་ཁྲི་ཐོག་ལ་བཞུགས་པའི་ཨ་ལགས་ཤིང་བཟོ་ཚང་གིས་མཐོང་བར་ཐུགས་ཤིན་ཏུ་དགྱེས་ནས་ཞི་ལུ་དེ་ང་ལ་གྲྭ་བར་སློང་རྒྱུ་ཞེས་ཞལ་ངོར་གསུང་།

  དེ་ནས་བཟུང་ལོ་ངོ་བཅུ་དྲུག་གི་བར་དུ་ཨ་བ་གང་ལ་སོང་ཡང་ངོ་ན་སྣུམ་དང་ཞོན་པ་རྟ་ཡོད། ཀུན་གྱིས་སྐྱིད་དོ་བསམ་སར་གྱུར། ཐེངས་གཅིག་ལ་མྱི་རྩ་ཚང་གིས་ཨ་ལགས་ཤིང་བཟོ་ཚང་མགྲོན་ལ་བོས། ཨ་བ་ཡང་ཨ་ལགས་ཚང་དང་མཉམ་དུ་མགྲོན་ཁར་སོང་། མྱི་རྩ་ཚང་གི་ཁང་བ་ནི་བརྩེགས་སུམ་ཐོག་གྱི་ར་སྐོར་ཅན་ཅིག་ཡིན། རྒྱ་སྒོ་ནས་ར་སྐོར་ནང་དུ་དཔོན་གཡོག་ཚང་མས་ཨ་ལགས་ཤིང་བཟོ་ཚང་བསུ་མ་བྱས། ཨ་བ་ནི་ཐེངས་དང་བོ་དཔོན་ཚང་ལ་ཐོན་པ་ཡིན་པས། ཡོད་ཚད་ལ་ཡ་མཚན་པ་བཞིན་ས་ལྟ་ཡོས་ལྟ་བྱས་པས། ཨ་ལགས་ཚང་གིས་ལག་མགོར་ཁྲིད་དེ་སོང་། གཉིས་ཐོག་ལ་ཐོན་དུས་ཨ་བས་སྐས་ཐོག་ནས་ཕྱིར་ལྟས་བྱས་པར་གཅིག་ཐོག་ན་མི་ཞིག་གིས་ཅེར་རེ་བལྟས་ཡོད་པ་རིག་ནས་རང་དབང་མེད་པར་སྐྲག་སྣང་ཞིག་སྐྱེས། ཨ་བས་མོག་མོག་གཅིག་ལག་ལ་བླངས་ནས་ཟ་མ་ཕོད་པར་ཤིང་བཟོ་ཚང་དང་མྱི་རྩ་དཔོན་པོའི་ཁ་བརྡ་ལ་ཉན་ནས་བསྡད། ཨ་བའི་སེམས་ནང་དུ་ཡང་བསྐྱར་གྲམ་གསེང་ནས་འཆར་ཡོང་བའི་མིག་ཉིས་དྲན། སྐབས་དེར་ཤིང་བཟོ་ཚང་གིས་མཁྱེན་སོང་བ་ལྟར། མྱི་རྩ་དཔོན་པོར་ཁ་སང་ཁྱེད་ཚང་གིས་རྐུན་མ་ཅིག་བཟུང་ཡོད་ཟེར་ཀི རྐུན་མ་གང་གི་རེད། རྐུས་རྫས་གང་རེད་ཅེས་དྲིས། མྱི་རྩ་དཔོན་པོས་ཤར་སྐ་ནས་རེད། རྟ་གཉིས་བརྐུས་པ་བཙོང་ཚར་བས་རྩར་མ་ཆོད། ཤིང་བཟོ་ཚང་གིས་ཕྱག་མདུད་ཅིག་ཨ་བའི་ལག་ལ་བཞག་ནས། ངའི་ཞུ་ལུ་འདི་མངགས་ནས་རྐུན་མ་ལ་ཕུར་མདུད་འདི་སྐེར་བཏགས་ན་བཟང་ས་ཡོད་ཅེས་གསུང་། ཨ་བས་ལག་ལ་ཕྱག་མདུད་བཟུང་ནས་གཅིག་ཐོག་ཀི་རྐུན་མ་བཙུད་ཡོད་པའི་ཁང་ཆུང་དེའི་ནང་འཛུལ། གྲམ་གསེང་གི་མིག་གཉིས་ཀས་ཅེར་རེར་ཡ་མཚན་དང་སྐྲག་སྣང་གིས་ཁེངས་ནས་ཨ་བར་བལྟས་འདུག མིག་གཉིས་ཀྱི་འོག་ན་སྣ་མགོ་བཅད་མ་ཐག་ཡིན་པའི་སྣ་ཅིག ཨ་བས་ལག་གི་ཕྱག་མདུད་དེ་རྐུན་མའི་སྐེར་བཏགས་ནས་མགྱོགས་མྱུར་ངང་ཕྱིར་སྒོར་བུད། རྗེས་སུ་ཨ་བས་ཤིང་བཟོ་ཚང་ལ་རྒྱུ་མཚན་དྲིས་པར། རྐུན་མ་དེ་རྟ་རྐུན་མིན་མྱི་རྐུན་ཡིན་ཟེར། དེ་མ་གཏོགས་ཅི་ཡང་མ་གསུང་། དོན་དུ། རྐུན་མ་དེ་ཕོ་ཉུལ་ལ་ཡོང་ནས་དེ་ཚང་གི་བུ་མོ་ལ་ཁ་ཐུག་པས། མྱི་རྩ་ཚང་གིས་ཤེས་ནས་ཁོའི་སྣ་བཅད། རྗེས་སུ་ཁོའི་མིང་ལའང་སྣ་ལོ་ཐོགས། རིག་གསར་སྐབས་སུ་སྣ་ལོ་ནི་དམར་སྲུང་དམག་གི་ལས་ཀའི་ཙོས་ཀྲང་ལ་བསྐོས། ཨ་བ་ཚང་ལ་ལས་ཀ་ལས་མཁན་ཉུང་བས་སྐར་མ་མང་པོ་མི་ཐོབ། ཟླ་རེའི་སྐར་མ་བརྩི་སྐབས་ཟ་མ་ཉོ་སྤྱད་ཀྱི་སྐར་མ་མི་འདང་མོད། སྣ་ལོ་ནི་དེའི་ཁ་འཕྲོ་ཡིན་པས། སྐར་མ་བརྩི་དུས་ལྐོག་ནས་ཨ་བ་ཚང་ལ་སྐར་མ་ལྷག་མ་ཁ་སྣོན་བྱས། ཁོས་ཨ་བ་ལ། ཕུར་མདུད་དེའི་དྲིན་གྱིས་མྱི་རྩ་ཚང་གིས་གཅར་རྡུང་བྱེད་སྐབས་ན་ཚའི་སྡུག་དེ་འདྲ་ལེན་མ་དགོས་ཟེར།

  ཤིང་བཟོ་ཚང་ལ་ཤི་བོ་དག་གི་སྔོ་རྟེན་དུ་ཕུལ་བ་དང་དཔོན་པོ་དག་གིས་ལོ་སྐལ་ཕུལ་པའི་སྣ་མ་དང་དྲེལ་རྟ་སོགས་བཅུ་ཁ་ཙམ་ཡོད། ཨ་བས་དེ་དག་དེད་ནས་གསེར་མཛོད་དང་རོང་དགོན་བར་ཐེངས་མང་འགྲོ་དགོས། ཐེངས་རེར་ཨ་བས་སྣ་མ་སྒ་ཆས་དང་བཅས་གཞན་པར་གཡར་ན། ཤིང་བཟོ་ཚང་གིས། ཅ་ལག་གཞན་ལ་གཡར་མི་ཉན་ཟད་འགྲོ། སྣ་མ་གཡར་ན་གསོས་ཆོག་ཟེར། དེའི་ཕྱིར་ཨ་བས་ཨ་ལུའུ་ངེད་གཉིས་ལ་ཆུང་དུས་ནས་ལས་ཀ་ལས་དགོས་པ། ཚེགས་ཕངས་མི་ཉན་རབས་བཤད།

  ཤིང་བཟོ་ཚང་གི་དྲེལ་རྟ་ལས་ཆེས་ཡག་པོ་ནི་སྐེ་ལ་དྲིལ་ཆུང་བཏགས་ཡོད་པའི་དྲེལ་ནག་ཅིག་ཡོད་པ་དེ་ཡིན། དྲེལ་ནག་དེ་ཤིང་བཟོ་ཚང་གི་ཆིབས་པ་ཡིན། དེ་ཨ་བ་མ་གཏོགས་ཁེལ་དུ་ཡང་མི་འཇུག་པའི་གཤང་མོ་ཞིག་ཡིན་ན་ཡང་ཤིང་བཟོ་ཚང་གིས་ཞོན་སྐབས་སྐེད་པ་ཡང་དམའ་དམའ་བྱེད། ཤིང་བཟོ་ཚང་གིས་ཡང་འགྲོ་རན་སྐབས་རྩམ་ཐོ་བརྫེས་ནས་དྲེལ་ནག་ལ་སྦྱིན། འོན་ཀྱང་། སྟོན་ཁ་ཅིག་ལ་དྲེལ་ནག་སྣ་མ་གཉིས་གསུམ་དང་ལྷན་དུ་བོར་སོང་། མོ་རྩིས་དང་རྩད་བཅད་བཅད་མཐར། ཟི་བྷོས་ཀྱི་རོང་བ་ཞིག་གིས་བརྐུས་སོང་བ་གོ། ཡིན་ན་ཡང་ལྷ་སྡེ་ཁ་ཁ་ཡིན་པས་བཀོད་པ་མ་ཐང། དེ་རྗེས་ཤིང་བཟོ་ཚང་གིས་ནམ་རྒྱུན་ཉལ་ཁར་རྐུན་མ་དེའི་མིང་བྲིས་ཡོད་པའི་ཤོག་བུ་ཅིག་ཉལ་སྟན་འོག་ཏུ་འཇོག གོ་ཐོས་ལྟར་ན་རྐུན་མ་དེས་རྒས་ཁར་སྡུག་མང་བོ་བླངས་རབས་བཤད།

  ཨ་བ་དེ་ལྟར་ཤིང་བཟོ་ཚང་གི་གྲྭ་བ་བྱས་ནས་ཤིང་བཟོ་ཚང་གིས་རོང་དགོན་ཀྱི་ཁྲི་བ་བྱེད་པའི་བར་དུ་བསྡད། ཤིང་བཟོ་ཚང་བཟུར་སྐབས། ཨ་བས་གྲྭ་བ་དང་སྐྱ་མྱི་འགའ་དང་ལྷན་དུ་ཤིང་བཟོ་ཚང་གསེར་མཛོད་དུ་བསྐྱལ། གསེར་མཛོད་ནས་ཤིང་བཟོ་ཚང་གི་སྒོར་འབུད་དུས། ཨ་བས་ཕྱིར་དྲ་མའི་ཁར་ཤིང་བཟོ་ཚང་ལ་ལྟ་སྐབས། ཤིང་བཟོ་ཚང་གིས་མིག་ཆུ་ཕྱི་བཞིན་པ་མཐོང་། མི་འགྱང་བར་ཤིང་བཟོ་ཚང་ནད་ཅིག་གིས་གཤེགས་སོང་བས་འདི་ནི་ཤིང་བཟོ་ཚང་དང་ཨ་བ་གཉིས་ཀྱི་སྐྱེལ་མ་མཐའ་མར་གྱུར།

  ཕྱིར་དགོན་ནང་དུ་ཐོན་ནས་ཅང་མ་འགོར་བར། ཨ་བའི་ཤ་ཉེ་ཡིས་མ་རྒན་དང་སྲིང་མོ་ཞ་བོ་ཉིས་ཀ་བསྐྱུར་ནས་དགེ་ལུ་ཅིག་ལ་མག་པར་སོང་། ཨ་བས་དགོན་པར་གནང་བ་མི་ཞུ་ཀ་མེད་དུ་གྱུར་བ་དང་། སྐྱ་སར་བབ།

  དེ་ནས་བཟུང་ཨ་བས་མ་རྒན་དང་སྲིང་མོ་གཉིས་ལ་གཡོག་བྱས་ནས་བསྡད། འཇིག་རྟེན་རྙིང་བའི་སྐབས་སུ་ཨ་བ་ནི་ཝམ་པ་རྒྱལ་བོའི་སྟོན་ཁྲལ་ལ་འགྲོ་མི་དགོས་ན་ཡང་། ས་ཞིང་ཆུང་བ་དེ་དང་ཉུལ་མ་ལ་བརྟེན་ནས་ཁ་གསོ་དགོས་པས་ཁྱིམ་ལ་སྐྱེས་པ་ཞིག་མེད་ན་ཁ་མི་སོས། དེ་རྗེས་ཨ་བས་མནའ་མ་ཡག་མ་ཅིག་བླངས་པ་ནི་གཞན་དང་ཁ་ཐུག་ནས་ཁོག་པོ་རུ་བྲོས་སོང་། ཡང་མནའ་མ་ཅིག་བླངས་ནས་བུ་ཅིག་སྐྱེས་པ་ཤ་ཉེ་བློས་གོའི་ཡིན་པ་བཤད་ཡང་མ་འཚམ་པར་ཤི། སྐབས་དེར། ངའི་ཨ་ཕ་ནི་ཁོའི་ཕ་མ་གཉིས་ཀྱིས་བསྐྱུར་སོང་བས། ཨ་བ་ཡིས་ངའི་ཨ་ཕ་བུ་རུ་བསྐྱངས།

  ཨ་ཕ་ཆུང་དུས་སུ། ཨ་བ་གླ་འཕེན་ལ་སོང་ནས་ཕྱིར་ཐོན་དུས་ཨ་ཕ་ཤར་སེ་ཏ་ལེན་གྱི་ཁར་འབྱར་ནས་ཅང་ཉོས་མེད་པ་རིག་དུས། ཨ་ཆོས་ཟེར་ཞོར་དུ་བུད་འགྲོ་ཟེར། སྐབས་དེར་ངེད་ཚང་གི་ཡོང་སྒོ་གཙོ་བོ་ནི་ཨ་བ་གླ་འཕེན་ལ་སོང་བའི་སྐར་མ་དེ་ཡིན། གླ་འཕེན་ནི་བེ་ལོ་བཅད་ནས་སོ་ཕབ་དེ་གུང་ཧྲི་ཚང་གི་སྣ་མར་བཀལ་ནས་རྔ་བར་སྐྱེལ་དགོས། རྒྱུན་དུ་གླ་འཕེན་ཐེངས་གཅིག་ལ་སྣ་མ་ཉིས་བརྒྱ་ཡར་མར་དང་སྐྱ་མྱི་ལྔ་ཙམ་བཀོད་སྒྲིག་བྱེད། ཝམ་པ་ནས་རྔ་བའི་བར་སྣ་མ་དེད་དེ་སོང་ན་དགུན་ཁར་ཉིན་ཞག་གསུམ་གྱི་ལམ་ཐག་མ་གཏོགས་མེད། དབྱར་ཁ་ཟླ་གཉིས་ཀྱིས་རིང་ལ་འགྲོ་དགོས། དེའི་རྒྱུ་མཚན་ནི་དགུན་དུས་རྔ་ཆུ་བརྒྱུད་ནས་ཞིང་ཁར་ཐད་འབུད་བྱེད་ཆོག དབྱར་ཁ་ཞིང་བཏབ་ཡོད་པས་རི་མགོ་བསྐོར་ནས་འགྲོ་དགོས་པ་རེད། དགུན་ཁར། ལམ་བར་ནས་ཞག་མ་གཉིས་འདུག་དགོས། ལམ་དུ་རྐུན་མ་དང་ཇག་པ་ལ་ཡང་འཕྲད་པས་སྐྱ་མི་ལ་ཡང་ཆང洋枪གཅིག་རེ་སྤྲད། ནུབ་མོ་སྡོང་རྩར་མེ་བོས་ནས་འདུག་ས་ཆུད་ན་རབས་ཡིན། ས་སྟོང་དུ་ལྷག་དུས་སྣ་མ་བསྐོར་དེ་སྒ་སྟན་བཏང་ནས་ལྷམ་གཉིས་སྔས་འགོར་བྱས་དེ་སླག་པ་གོན་ནས་མགོ་སྟོང་ལ་ཉལ་དགོས། ཨ་བ་སྐྱ་རྩལ་བཟང་བས་ལོ་མང་བོ་ཞིག་ལ་གླ་འཕེན་གྱི་འགན་ཁུར།

  དགུན་ཁ་ཅིག་ལ། ཨ་བ་རོགས་པ་ཞིག་དང་སྣ་མ་སུམ་བཅུ་འགའ་དེད་ནས་གླ་འཕེན་ལ་སོང་། ནུབ་མོར་དགེ་ལུའི་མར་ངོས་ཀྱི་མ་ཧོང[vi]་ཅག་གི་འདུག་སའི་ཐག་ཉེ་ཅིག་ལ་བསྡད། མེ་བསྒོངས་ནས་ཉལ་ཡོད་དུས། ཨ་བའི་སྔས་མགོ་ན་བརྩིགས་ཡོད་པའི་ལྤགས་པ་འགའ་རྐུན་མ་ཞིག་གིས་དྲུད་ནས་བྲོས་སོང་། ཨ་བ་མྱུར་དུ་ཡར་ལངས་ནས་རྐུན་མའི་རྗེས་བདའ་དུས། གནམ་ཅུང་བབས་ཡོད་པ་དང་ཨ་བའི་པུག་རྩེ་གོན་ཡོད་པས་རྐུན་མ་དང་མཉམ་དུ་ཞིང་འདབས་ནས་ཤུད་དེ་ཞིང་འོག་ལ་འདྲེད་སོང་། རྐུན་མས་ལྤགས་པ་དག་བསྐྱུར་ནས་བྲོས་སོང་། ཨ་བས་བ་ཁའི་ཕྱོགས་ལ་བོའུ་སྐད་གྲགས་པ་གོ་ནས། ལྤགས་པ་དག་ཁུར་ཏེ་ཕྱིར་སོང་དུས། ཨ་བའི་རོགས་པ་ནི་ཁ་ཤོ་ནས་བལྟས་འདུག མ་རྩར། ཨ་བས་རྐུན་མ་བདའ་ཤུལ་དུ། རྐུན་མ་བཞི་ལྔ་ཞིག་ཤུལ་ལ་ཡོང་། འོན་ཀྱང་ཨ་བའི་རོགས་པ་ལ་ཡང་ཆང[vii]་ཡོད་པས་རྐུ་མ་ཐུབ་ན་ཡང་། རྡོ་རྡུང་བྱས་ནས་ཨ་བའི་རོགས་པའི་ཡ་ཁར་ཕོག་ཏེ་ཁོ་ཁ་ཤོར་གྱུར། རྗེས་སུ་རྩད་བཅད་དུས། དེ་ནི་མ་ཧོང་ཅག་ལུང་བ་གཅིག་ལ་བདས་རྗེས། ཟ་རྒྱུ་འཐུང་རྒྱུ་མ་ཆུད་པར་རྐུ་རེ་བྱས་ནས་བསྡད་པས། ཨ་བས་མ་ཧོང་ཅག་གི་ཅ་ལག་ལེན་རྒྱུ་མི་གཙང་བ་དང་དེ་ཅག་ལ་འཇལ་སྐྱིན་བྱེད་རྒྱུ་ཡང་མེད་བསམ་ནས་བསྐྱུར།

  ཡང་ཐེངས་གཅིག་ལ། ཁལ་ཕབ་ནས་གུང་ཧྲི་ལ་རྩིས་བརྒྱབ་ཚར་རྗེས་རྔ་བར་ཞག་མ་གཅིག་ལ་འདུག་དགོས། རྔ་བའི་གྲོང་བ་ཅག་ལ་ལྕི་བ་མཁོ་བས། ནུབ་མོར། ཨ་བའི་རྔ་བའི་ཁ་ལྟ་ངོ་ཤེས་རེ་ཚང་གི་གྱང་ར་ནང་ལ་སྣ་མར་བཙུད་པ་དང་ཞེ་བདེ་བདེ་བྱས་ནས་ཉལ། འོན་ཀྱང་རྔ་བའི་ཁ་ལྟ་ཚང་གི་མག་པ་དང་གཞན་ཅག་གིས་རྐོ་མ་ཡིས་གྱང་ར་ཕྲལ་ནས་སྣ་མ་བཅུ་ཁ་ཅིག་དེད་སོང་། སྔ་མོ་རྗེས་དེད་ནས་བཙལ་དུས། རྔ་བའི་རྐུན་མ་ཅག་གིས་སྣ་མ་དག་གི་མཆུ་སྡོམ་རྒྱུ་མ་ཁོམ་པར་རྔ་ཆུའི་ཕར་ངོས་ཀྱི་ནགས་གསེང་ན་བསྟད་ཡོད་པ་རེད།

  ཨ་བ་ལ་རང་གི་ལོ་རྒྱུས་ལས་གཞན་ད་རུང་དཔེ་ཧ་ཅང་མང་བོ་བློ་ན་ཡོད། འོན་ཀྱང་ང་ནི་ཞེ་འཛིན་ངན་པས་ད་བར་མགོ་སྔ་ཚང་བའི་དཔེ་གཅིག་ཀྱང་བློ་ན་མེད། གཞན་སྡེ་བའི་མར་ནང་གི་རྔ་ཆུའི་དཀྱིལ་ན་ཡོད་པའི་ཕ་བོང་མགོ་དཀར་དེའི་མིང་ལ་བཞག་རྭ་མས་ཟེར། གཞི་བདག་བཞག་རའི་བུ་མོ་མནའ་མར་སོང་བའི་ལམ་བར་ནས་ནམ་དཀར་སོང་བས་ངོ་ཚ་ནས་འགྲོ་མ་ཕོད་པར་དེ་ནས་ལྷག་སོང་། མགོའི་རྡོ་དཀར་ནི་མནའ་མར་འགྲོ་སྐབས་མགོ་ལ་མར་ཕྱིས་པས་ཡིན་ཟེར། ད་དུང་ཡས་མེས་ན་ཁང་ཆག་ལྡེབས་རིས་ཅན་ཞིག་ཡོད་པ་ནི་ཨ་བས་ཆུང་དུས་རིག་མྱོང་བ་ཇི་མ་ཇི་བཞིན་དུ་ཡོད་ཟེར། དེ་ནི་ཨ་གདུགས་ཉི་མ་འཛིན་གྱི་ཁང་བ་ཡིན། ཨ་གདུགས་ཉི་མ་འཛིན་ཟེར་དོན་ནི་དཔྱིད་ཀ་ཐོང་འཛུགས་པའི་སྐབས་སུ་ཞིང་རྨོས་མ་ཚར་བར་ཉི་མ་འགྱལ་སོང་བས། ཨ་གདུགས་ཉི་མ་འཛིན་གྱིས་ཉི་འོད་དང་གྲིབ་མའི་ཁད་མཚམས་སུ་ཕུར་བུ་ས་ལ་བཙུགས་ནས་ཞིང་རྨོས་ཚར་བར་དུ་ཉི་མ་བཟུང་། རྨོས་ཚར་ནས་ཕུར་བུ་ཡར་བླངས་དུས་མཚན་དཀྱིལ་སྐར་མ་ཡང་འཆར་འདུག་པས་ཨ་གདུགས་ཉི་མ་འཛིན་དུ་གྲགས། ད་དུང་དགོན་ཆགས་ན་ཨ་བ་གྲྭ་བ་ཡིན་དུས་དགོན་པ་ཆུང་ཆུང་ཅིག་ཡོད་པར་མ་ཟད་ཨ་བ་དེར་འཚོགས་མྱོང་རབས་བཤད། འདིའི་སྐོར་ཡང་ཨ་བའི་ཁ་ནས་གོ་བ་ཡིན།

  ཆུང་དུས། ཨ་བས་ནགས་སྒོག་དང་རི་སྒོག གོ་ལོ། ད་དུང་ཞོག་ཁོག་གིས་ཨ་ལུའུ་ངེད་གཉིས་ལ་པོའུ་ཁུག[viii]་བཅའ། སྐབས་རེར། སྲན་མ་སྒྱེ་འཕོང་རེ་ངེད་གཉིས་ཀྱི་ལག་ལ་བཞག་སྟེ་ཚོང་ཁང་ནང་ལ་ཞིམ་པོ་ཀ་རར་བརྗེ་རུ་མངགས། གལ་ཏེ། ཁྱིམ་མཚེས་རེ་ཡིས་སྐམ་བཤས་ན། ཨ་བས་དེའི་ཟོག་མགོ་སློང་སྟེ་ངེད་གཉིས་ལ་ཟོག་མགོ་སྲེག ང་ནི་ཆུང་དུས་མ་རབས་ཞིག་ཡིན་པས་ནམ་ཡིན་ཡང་ཁྱིམ་མཚེས་ཅག་དང་འཛིང་རེས་བྱེད་དགོས། ཐེངས་ཤིག་ལ། ཨ་བའི་ཐང་བུ་ཚང་གི་ཞི་ལུ་གཉིས་དང་འཛིང་རེས་བྱས་པས། ང་མ་དོ་ནས་ཁྱིམ་ལ་བྲོས། ཨ་བར་བཤད་རྗེས། ཨ་བ་སོང་ནས་རང་གི་ཚ་བོ་གཉིས་ཀ་ཟྭ་[ix]ཡིས་གཅར།

  ཡང་ཉིན་ཞིག་ལ། ངེད་ཚང་གི་འགའ་རུ་བོར་ནས་མ་ཆུད་པས། ཨ་བ་ངེད་གཉིས་ཞིང་བར་ལ་བཙལ་ཏུ་སོང་། སྒང་ཤོག[x]་གི་སྐེད་ལམ་ནང་ལ་ཐོན་དུས། སྒང་ཤོག་ཡོ་ལོ་མས[xi]་ཟོག་དེད་ནས་ངེད་གཉིས་ཀྱི་སྔུན་ལ་ཡོང་། ཡོ་ལོ་མས་ལག་རྡོ་ཞིག་འཕངས་པ་ཨ་བ་ངེད་གཉིས་ཀྱི་འགྲམ་ལ་ཕེད་སེ་ལྷུང་། ང་སྐྲག་ནས་ཙི་ཤད་ཅིག་བྱས་པས། ཨ་བ་སྤྲོ་ལངས་ཏེ་སྐེད་པའི་ལྟེབ་གྲི་ལ་རེག་ཙམ་བྱེད་ཞོར་ཏུ་ཡོ་ལོ་མའི་སྟེང་ལ་བརྒྱུགས། ཨ་བའི་གཡོན་ལག་གིས་ཡོ་ལོ་མའི་བྲང་མདོར་འབྱར་ནས་གཡས་ལག་གིས་ཁུ་ཚུར་བསྡམས་ཏེ་རྒྱག་རྩིས་བྱས། ཡོ་ལོ་མས། ན་མོར་མི་དུ་འགོས། ང་ནུ་འཇས་ནོང་[xii]ཟེར། ཨ་བས། ང་ཡི་ཨ་མས་ཐ་ནོང་འདེ། རུ་བཤི་ད་སེད་གིས་ཟེར།[xiii] ཡང་དེ་རྗེས་ཀྱི་དགུན་ཁ་ཞིག་ལ། ཨ་ལགས་ཞིག་གིས་སྡེ་བའི་ནང་གི་རྒྱལ་ཁང་གསུམ་ཐོག་ནས་དབང་བསྐུར། ལོ་ལོན་ཅག་ནང་ཁང་གི་ཨ་ལགས་ཀྱི་མདུན་ནས་མཇལ། ང་ཡང་ཨ་བའི་པང་ཐོག་ནས་བསྡད། དབང་བསྐུར་ཚར་རྗེས། ཨ་ལགས་ཀྱིས་སྡེ་བ་ཡོངས་ལ་རྐུ་དང་ཉུལ་མ། ཆང་དང་དུ་བ། ད་དུང་བུད་མེད་ཅག་ལ་ཁེར་སྡོམ་སོགས་ཁས་ལེན་དུ་བཅུག དེ་ནས་ཁོས་སྡེ་བའི་ནང་ལ་ཆང་འཐུང་སུ་ཡོད་པ་དང་། ཉུལ་མ་སུ་ཡོད་པ་མཁྱེན་སོང་ཡོད་རབས་བཤད་དུས། ངའི་ཨ་ཕའི་མིང་གིས་བཟུང་ནས་ཨ་བ་ཚང་གི་བསོད་ཚེས་ཉུལ་མ་བྱེད་ཀྱིན་ཡོད་གསུང་། ཨ་བ་དེ་མུར་ཡར་ལངས་ནས། པང་ཐོག་གི་ང་ཡང་ས་ལ་འགྱེལ་བར་བྱས། ཨ་བས་སྐད་མཐོན་པོས་ཨ་ལགས་ཁྱེད་ཚང་གིས་ངའི་བུ་ལྡོམ་སོང་ནས་ལོ་གཉིས་ཙམ་འགོར་སོང་བ་ཤེས་ཏེ་ང་ལ་ངོ་མཚངས་བྲིས་བ་ཨེ་ཡིན། ང་རྒད་པོ་དོ་ཞག་རྒྱུ་མེད་ཉམས་ཆུང་ཡིན་པས། བཙན་བཙུགས་ནི་རེད་ཨ། ཁྱོད་བླ་མ་སོ་ཆེ་ན་ཐང་ད། མི་མང་ནང་ནས་འདི་ལྟར་ངོ་མཚང་དྲུས་ན་ཁུར་རྒྱུ་མིན་བཟླས་རྗེས། ང་ཁྲིད་ནས་འགྲོ་རྩིས་བྱས། སྐབས་དེར་ལ་ལས་ཨ་བ་སྨྱོས་སོང་ཟེར། ལ་ལས་ཨ་བ་ལ་ཧོལ་རྒྱུག་མ་བྱེད་ཟེར། ཡིན་ན་ཡང་སྐབས་དེར་ངའི་སེམས་སུ་ཨ་བ་ནི་བུ་རབས་ཅིག་ཡིན་སྣང་སྐྱེས། དེའི་རྗེས་སུ་སྡེ་བའི་ནང་གི་སུ་ཞིག་གིས་ང་ལ་ཁ་གཙེས་ན། ངས་རྒྱུན་དུ་ཨ་བ་ལ་གྲི་ལུ་ཡོད་བཟླས་ནས་དེ་ཚོར་སྐྲག་ཕུད་ནི་ཡིན།

  ལོ་ལོན་རྗེས་ཨ་བ་ནི་སྣ་ཐལ་འཐེན་རྒྱུར་དགའ་བས་ཐེངས་མང་པོར་བླ་མ་དག་གི་མདུན་ནས་བཅད་ཀྱང་མ་ཆོད། ཐེངས་གཅིག་ལ་བ་གླང་གི་རྭ་ཅོས་བཟོས་པའི་སྣ་རྭ་གཅེས་པོ་ཞིག་ཡོད་པ་ཡང་རྔ་ཆུའི་ནང་དུ་འཕངས། སྐབས་དེར་ཨ་བས་སེམས་ཐག་བཅད་ནས་སྣ་ཐལ་མི་འཐེན་པ་ཁས་བླངས་བ་ཡིན་ན་ཡང་ཉིན་འགའི་རྗེས་སུ་སླར་ཡང་མཐེབ་ཆེན་སེན་མོའི་ཐོག་ལ་སྣ་ཐལ་སྐྱ་བོ་དེ་བླུགས་ནས་སྐྱ་ལོང་ངེར་འཇུབ། ཨ་བའི་སྐེད་པར་རྒྱུན་དུ་གློ་གྲི་མགོ་ལྟེབ་ཅིག་བཏགས་འདུག ད་རུང་ཨ་བ་ལྷམ་གྱོན་རྒྱུར་མི་དགའ། ཨ་ལུའུ་ངེད་གཉིས་ལ་འདོན་པ་འདོན་སྐབས་སྔོན་ལ་མར་གྱུར་སེམས་ཅན་ཐམས་ཅད་གྱི་ཆེད་དུ་ཞེས་གསོལ་བ་འདེབས་དགོས་པ་དང་། ས་ལ་རྐང་རྡེབ་དང་དབྱུག་བརྡུང་བྱས་ན་རང་གི་ཨ་མ་བརྡུང་བ་དང་འདྲ་བའི་སྐོར་མང་བོ་བཤད། ད་རུང་ནགས་གསེང་ན་ནགས་སྒོག་དང་རི་མགོ་ན་རྩ་སྒོག ཆུ་འགྲམ་ན་ཆུ་སྒོག ཤིང་མགོ་ན་གྱོ་ཇ། ཟོག་མགོ་བསྲགས་ན་ཞིམ་པ་དང་། བེའུ་ཤ་བཙོས་ན་ནུར་བ། འདི་ཚང་མ་ཨ་བའི་ཁ་ནས་གོ་ནི་ཡིན།

  ཨ་བ་ཁྲོ་སྐྱབས་ཐུགས་རྗེ་ཆེན་མོར་མཇལ་བར་འགྲོ་ཐེངས་ཞིག་ལ། ཨ་བས་ཚོ་བདུན་ཁོག་ནས། རྒད་མོ་ཁེར་འདུག་ཅིག་ལ་གནས་ཚང་གཡར། ཁྱིམ་ལ་འཛུལ་སྐབས། ཨ་བས་ཕྱི་སྐོར་ན་ཕག་ཤ་ཤར་མ་འགའ་གནམ་བཏགས་བྱས་ཡོད་པ་མཐོང་། རྒད་མོ་ཁེར་འདུག་དེར་ཅིག་ན་ནས་མགོ་ལ་རས་དམར་པོ་ཅིག་བཀྲིས་ནས་གོ་ཁར་ཉལ་ཡོད། ཨ་བས་རང་ཉིད་སྔགས་པ་ཞིག་ཡིན་རབས་བཤད་ནས། མོ་འདེབས་རྩིས་ཕུད་བྱས། དེ་ནས་རྒད་མོར། ཕྱི་རའི་ཕག་ཤ་དག་གདོན་ཡོད་པར་བཤད། ཨ་བས་བློ་ལ་ཡོད་པའི་བཟང་སྤྱོད་དང་གཅོད་པ་དག་བཏོན། ཕུར་མདུད་ཅིག་མདུད་ནས་རུམ་ན་ཡོད་པའི་རྐང་སྨན་དང་ལྷན་གཅིག་རྒད་མོར་བྱིན་པར། རྒད་མོའི་སེམས་ནས་དད་པ་ཐུ་མོ་སྐྱེས་ནས། ཨ་བ་ལ་གྲོ་ཁར་ཁམ་བུ་དང་། རྭ་གོ[xiv]། རྩམ་པ་ཁུག་མ་གང་བཞག ཕྱིར་ཉིན་འགྲོ་ཁར་ཕག་ཤ་ཤར་མ་དེ་དག་ཨ་བ་ལ་འཕེན་རོགས་བྱེད་དུ་བཅུག ཨ་བས་ཕག་ཤ་དག་ཁུར་ནས་གྱོ་མི་གྱོ[xv]་ནས་གནས་ཚང་གླས། དེ་ནས་རྐང་ཐང་ལ་ཕྱིར་ཡུལ་ལ་ཐོན་ནས་ཅང་མ་འགོར་བར། ཨ་བའི་ནག་མོ་ན་ནས་ཤི་སོང་བས་དེ་ནི་ཨ་བས་སྔོན་མར་གནས་ཚང་གཡར་སའི་རྒད་མོར་མགོ་བསྐོར་བས་དབང་གིས་རེད་བསམ་ནས་ཞེ་མ་དག ཨ་བས་རང་གི་ནག་མོའི་དཀར་རྩི་ཁྱེར་ནས་ཡང་རྐང་ཐང་ལ་ཐུགས་ཆེན་དུ་འགྲོ་བའི་ཐག་བཅད། དེ་དུས་ཨ་བ་ལོ་བདུན་ཅུར་ཐོན་ཡོད། ལོ་དེར་ངའི་ཨ་ཕ་ལྡོམ་སོང་ནས་ལོ་སར་ལ་ཡང་མ་ཐོན། ཨ་བ་འགྲོ་ཁར། ཨ་མས་ཨ་ལུའུ་པང་ལ་བཟུང་ནས་ང་ཁྲིད་དེ་སྡེ་འདབས་ཀྱི་ཟམ་མགོར་ཨ་བ་ལ་སྐྱེལ་མ་བྱེད་དུ་སོང་། ཨ་བས་རྒྱབ་ཁུག་ས་མདོག་ཅིག་གི་ནང་ལ་གྲོ་ཁ་ཁུར་ནས་རྐང་རྗེན་དུ་ལམ་ལ་བུད། ཨ་མས་མིག་ཆུ་འདོན་ཞོར་དུ་ཨ་བ་ལ། ལམ་ནས་སེམས་ཆུང་བྱོས་ཟེར། ཨ་བས། མ་ཁོ། ངས་ཞོར་དུ་ཞི་ལུ་ཁྲིད་ཡོང་རྒྱུ་ཨེ་ཆུད་བལྟ་ཞེས་བཟླས་ནས་བུད་སོང་། དེ་ནི་ཨ་བ་ཁྲོ་སྐྱབས་ཐུགས་རྗེ་ཆེན་མོ་ལ་མཇལ་བར་འགྲོ་ཐེངས་བདུན་པ་ཡིན། མཐའ་མའང་ཡིན།

  དམའ་འབྲིང་གི་སློབ་མགོ་ཚུགས་སྐབས། ཨ་བས་ང་ཆི་ཊི་ཧོང་ཐ[xvi]་ཡི་འགྲམ་ལ་སྐྱེལ་མ་བྱས། ངས་རླངས་འཁོར་གྱི་ཤེལ་སྒོ་ནས་མར་བལྟས་དུས། ཨ་བས་མིག་ཆུ་ཕྱི་བཞིན་པ་མཐོང་། ཨ་ཕས་ཨ་བ་ལ། ཁྲིམས་ཁང་ལ་འགྲོ་གི་ཡོད་པ་མ་རེད། སློབ་གྲྭར་འགྲོ་གི་ཡོད་པ་རེད་བཟླས་ནས་འཛིང་ན་ཡང་། ཨ་བས་ངུ་ཐག་མ་ཆོད། སློབ་སྐབས་དེའི་མཇུག་ཞིག་ལ། ངས་ཨ་བ་ན་གི་ཡོད་པའི་སྐད་ཞིག་གོ དེ་ནས་ཉིན་རེ་རེ་འཚོགས་གྲོལ་རྗེས། སློབ་གྲྭའི་ཚོང་ཁང་ནང་གི་ཙོ་ཇིས[xvii]་ཡོད་སར་གྲལ་བསྒྲིགས་ནས་ཨ་བ་ལ་ཁ་པར་བཏང་། ངས་ཨ་བ་ལ་གཟའ་འཁོར་དེའི་གཟའ་མཇུག་ལ་ཡུལ་ལ་ཡོང་རྒྱུའི་ཁ་ཆད་བྱས། གཟའ་ཕུར་བའི་ཉིན་གུང་ཁ་པར་བཏང་ན་ཡང་། ཁ་པར་ལ་ཉན་མཁན་ནི་ཨ་མ་ཡིན་འདུག མོས། ཨ་བ་གཉིད་སོང་བས་ཉན་མི་ཐུབ་ཟེར། ཕྱི་དྲོ། ཨ་ནེ་སློབ་གྲྭའི་ནང་དུ་ང་བསུ་རུ་ཐོན། ཨ་ནེས། ང་ལ་རོགས་ཞིག་བྱེད་དགོས་བཟླས་དེ་ང་ཨ་ནེ་ཚང་ལ་ཁྲིད་སོང་། ཁོང་ཚང་ལ་ཐོན་དུས། ཨ་ནེ་ངུ་ཞོར་དུ། ཨ་བ་དེ་རིང་སྔ་དྲོ་མ་བ་ཟིག ད་ཁྱོད་སྲ་དགོས་ནི་རེད། སང་ཉིན་དགོན་པར་སྐར་མ་བྱེད་པར་ཡོང་གི་ཡོད་པས། འུ་གཉིས་སྐར་མ་བ་ཚོའི་སྔུན་ལ་ཇ་སྐོལ་དུ་འགྲོ་དགོས་ཟེར། ཕྱིར་ཉིན། གྲྭ་ཤག་ལ་ཆུ་མེད་པས། ཨ་ནེ་ངེད་གཉིས་རྒྱ་སྲང་ལ་ཆུ་ལེན་དུ་སོང་། ཕྱིར་དགོན་པའི་སྒོ་ཆེན་ལ་འཛུལ་དུས། སྐར་མ་བ་མང་པོ་ཞིག་མོ་ཐོ་[xviii]ཞོན་ནས་གཤར་ཡོང་། མོ་ཐོ་ཞིག་གི་འཕོང་ན་རས་དཀར་པོས་གཅུད་ཡོད་པའི་སྤུར་ཞིག་བཞག་ཡོད། ངས་དེ་ནི་ཨ་བ་རེད་བསམ་ནས་རྗེས་ལ་བརྒྱུགས་ན་ཡང་། ཐག་ཉེར་ཐོན་དུས། སྤུར་དེའི་ཅོ་ཏོ་ནག་པོ་ཡིན་པས་ཨ་བ་མིན་པ་ཤེས། ཕྱིར་གྲྭ་ཤག་ལ་ཐོན་དུས། ཨ་བའི་ཐང་བུས་ལག་ལ་ཨ་བའི་ཕྲེང་བ་དང་། སྣ་རྭ། མདུད་པ་དག་བཟུང་ནས་ཐོན། ངས་ཨ་བའི་ཅ་ལག་དེ་དག་རིག་ན་ཡང་ཨ་བ་བུད་སོང་བ་ནི་བདེན་ལ་མི་འགོས། དེ་ནས་འདུ་ཁང་མདུན་གྱི་ཁྲུས་ཆོག་བྱེད་སར་སོང་དུས། ད་གཟོད་ཉེ་ས་འགའ་ཡིས་རས་དཀར་པོར་མ་ཎི་དཔར་ཡོད་པའི་ནང་དུ་ཨ་བ་གཅུད་ནས་རླངས་འཁོར་གྱི་འོང་སྒམ་ནང་ནས་སྡེམ་འགྱོག་བྱས་ཡོང་བ་རིག འདི་ནི་ངས་ཨ་བ་རིག་ཐེངས་མཐའ་མ་ཡིན།

  ང་ལ་མཚོན་ན། ཨ་བ་ནི་གནའ་གཏམ་ལ་མཁས་པའི་གནའ་མྱི་ཞིག ཆོས་ལ་མཁས་པའི་ཁྱིམ་པ་ཞིག བློ་རྒྱ་ཆེ་བའི་རོང་རྒན་ཞིག ལས་ལ་མཁས་པའི་ལས་ངན་ཅིག་ཀྱང་ཡིན་ནོ། །

  རྩོམ་འདི་<མི་རིགས་རྩོམ་རིག>གི་༢༠༢༤ལོའི་འདོན་ཐེངས་གཉིས་པར་བཀོད། འདིར་ཁ་སྣོན་ཅུང་ཙམ་བྱས་ཡོད།

  [i] ཨ་ལུའུ། རོང་སྐད་ཁྲོད་རང་ལས་ཆུང་བའི་ནུ་བོ་དང་ནུ་མོ་ལ་གོ།

  [ii] ཝམ་པ་ནི་མདོ་སྨད་ཆོས་འབྱུང་ལས། ཝམ་པ་མན་ཚ་ཁོར་གཏོགས་ཞེས་གསལ་བ་དང་། ཝམ་པའི་སྐད་ནི་ཚ་ཁོའི་ཚོ་བདུན་དང་ཟི་བྷོ་སོགས་དང་མཐུན། ཝམ་པའི་ས་མིང་འགའ། བཞག་ར། ཡས་མེ། དགོན་ཆགས། ཤར་སྐ།

  [iii] པུག་རྩེ། རོང་སྐད་ཁྲོད་ཨ་ཀྲད་ལ་གོ།

  [iv] འོ་ལོ། མར་རྡོག་ཆུང་ཆུང་།

  [v] ཐོས་ཧྥེ།土匪 དེར་ད་དུང་ཤོར་བའང་ཟེར།

  [vi] མ་ཧོང་ནི་རྒྱ་སྐད་ཀྱི་麻风ཡི་ཟུར་ཆག་པ་སྟེ། དེ་དུས་མཛེ་ནད་འགོས་ཡོད་པ་ཅག་ལོགས་སུ་བཀར་ནས་ལུང་བ་ཞིག་གི་ནང་ལ་བཅུག་ཡོད།

  [vii] རྒྱ་སྐད་ཀྱི་洋枪ཟུར་ཆག་པ།

  [viii] པོའུ་ཁུག ཞོག་གོག་དང་ལྡུམ་པའི་མོག་མོག་ལ་གོ།

  [ix] ཚེར་མ་ཕྲ་མོ་ཅན་གྱི་རྩྭ་ཞིག

  [x] ཝམ་པའི་ས་མིང་།

  [xi] ཝམ་པ་སྡེ་བའི་མི་ཞིག་གི་མིང་།

  [xii] ན་མོར་མི་དུ་འགོས། ང་ནུ་འཇས་ནོང་། ཞེས་པའི་དོན་ནི། ཁྱོད་སྤྲོ་མ་ལངས། ང་ལན་སོང་བ་ཡིན་ཡིན།

  [xiii] ང་ཡི་ཨ་མས་ཐ་ནོང་འདེ། རུ་བཤི་ད་སེད་གིས། ཞེས་པའི་དོན་ནི། ངའི་ཞི་མོ་སྐྲག་གི་བསམ་ནི་མ་གཏོགས། ངས་དེ་རིང་ཁྱོད་གསོད་འཇོག་གི་ལྟར་ཡིན།

  [xiv] རྭ་གོ། སིལ་ཏོག་སྐམ་པོའི་དོན།

  [xv] ཚོ་བདུན་ཁོག་གི་ས་མིང་ཞིག

  [xvi] རྒྱ་སྐད་ཀྱི་红塔汽车ཡི་སྐད་དོད།

  [xvii] རྒྱ་སྐད་ཀྱི་座机ཡི་སྐད་དོད།

  [xviii] མོ་ཐོ་ནི་སྦག་སྦག་གི་དོན།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཨ་བ།

2024-04-11 ནོར་བུ་མཚོ།(རྔ་བ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།