སེམས་ཁྲལ་གྱིས་བསྐྱེད་པའི་གྲོས་འདེབས།

གཅན་དུག་རླངས།(དཔལ་ཡུལ) 琼迈文学网 2024-06-03

                                                                                             ----ཚ་མོ་ཚེས་བཅུ་ལྷ་མོ་ལགས་ལ་བྲིས་པ།

  སྙིང་དུ་སྡུག་པའི་ཚ་མོ་ལགས། ད་ལྟ་ཁྱོད་རང་ལོ་ན་ཤིན་ཏུ་ཆུང་བས་བྱིས་པ་ཚོའི་མཚར་རྩེད་ཀྱི་རྣམ་འགྱུར་སྣ་ཚོགས་ལ་ཡིད་སེམས་སྒྲིམ་ནས་ཡོད་པ་ལས། མདུན་ལམ་ཞེས་པའི་ཐ་སྙད་ཀྱི་ཡང་སྙིང་ཅི་ཞིག་ཡིན་པ་གཏན་ནས་དྲན་གྱིན་མེད་ལ། ད་ལྟ་ཁྱོད་རང་སློབ་གྲྭར་ཚུད་ཙམ་ཡིན་པའི་ཆེས་སྤྱི་བཏང་གི་བྱིས་པ་རྣལ་མ་ཞིག་ལས་མིན་པས། ཁྱོད་ཀྱིས་འབྱུང་འཆར་སློབ་ཚན་ཅི་ཞིག་རང་ལ་ཐོབ་ཡོང་སྙམ་པའི་སོམ་ཉི་ཙམ་ཡང་བྱེད་ཀྱིན་མེད། ཁྱོད་ལ་ཁག་ཀྱང་ཅི་ཡོད་དེ། བྱིས་པ་སུ་ཞིག་ཡིན་ཡང་། སོ་སོའི་འདོད་ཐོག་གི་རྩེད་མོ་ལ་སེམས་གཏད་རྒྱུར་དགའ་བ་ལས། ཕུགས་མདུན་དང་འབྲེལ་བའི་ལས་བྱ་ཞིག་ལ་བསམ་ཤེས་ཀྱིས་འཇུག་པ་ཧ་ལམ་མེད་ལ། དེ་བས་ཀྱང་རང་རེའི་བྱིས་པ་ཕལ་མོ་ཆེ་ནི་ཕ་མ་ཚོའི་གཅེས་མིན་གྱི་བྱམས་བརྩེའི་ཕྱག་ཟུང་འོག་ཏུ། དགའ་སྤྲོས་ཁེངས་ཏེ་རྩེད་ཆས་ལ་གཡེང་ནས་ཡོད་པ་ལས། མི་ཚེའི་ཁ་ཕྱོགས་ཀྱི་ལམ་བུ་འཚོལ་སྙེག་བྱེད་མཁན་ཉིན་མོའི་སྐར་མ་བཞིན་མཆིས། དེ་བས་ཁྱོད་རང་ད་ལྟ་རྣམ་གཡེང་སྣ་ཚོགས་ཀྱིས་སེམས་གཤིས་སྒྲིབ་ནས་ཡོད་པ་བདག་གིས་ཁྱོད་གཅིག་པུའི་ཉེས་པ་རེད་ཅེས་གཏན་ནས་བཤད་རྩིས་མེད།

  ད་ལྟ་ཁྱོད་ཀྱི་དྲན་ངོགས་སུ་གཏན་ནས་ཤར་མི་ཐུབ་པ་ཞིག་ལ། ཁྱོད་རང་འཇིག་རྟེན་གྱི་གྲུ་ཁ་འདིར་ཐོག་མར་སྐྱེས་པ་ནས་བཟུང་། ཕ་མ་དང་ནང་མི་ཚོས་རེ་བའི་མིག་ཀོང་རྡོག་པོ་ཁྱོད་ལ་གཏད་དེ། ཁྱོད་ཀྱི་དྭངས་གཙང་གི་སེམས་ཀྱི་གཞིས་ཁྱིམ་དེ་རུ་ཤེས་རིག་སྣ་ཚོགས་བཞད་པའི་རེ་བ་བྱས་ཡོད་ལ། ཁྱོད་ཀྱི་སེམས་སུ་ཐོགས་པའི་ཤེས་རིག་གི་ལོ་འདབས་དེ་དག། རང་རེའི་ཁོར་ཡུག་དང་རྒྱང་མི་རིང་བར་འཐོར་ན་བསམ་པའི་ཐོག་མའི་དམིགས་འདུན་ཀྱང་བཅངས་ཡོད། ལར་ནས། བྱིས་པ་སུ་ཞིག་ཡིན་ཡང་རང་ཉིད་ནར་སོན་པའི་གོ་རིམ་ཁྲོད། ཕ་མ་དང་ནང་མི་ཚོས་སླད་ཀྱིས་མ་གོས་པའི་རེ་བ་ཟབ་མོ་དག་ཅིས་ཀྱང་བྱིས་པ་ལ་བཅོལ་ངེས་ཤིང་། སྙིང་དུ་སྡུག་པའི་བྱིས་པ་དག་ཕ་མ་དང་ནང་མི་ཚོའི་རེ་འདུན་བཞིན་ཨེ་ཡོང་སྙམ་པའི་རེ་བ་སུ་ལའང་ཡོད་ངེས། དེ་བས། ཁྱོད་ཀྱི་བརྩེ་བའི་ནང་མི་ཚོས་ཀྱང་ཁྱོད་རང་སྐྱིད་སྡུག་འདྲེས་མའི་འཇིག་རྟེན་གྱི་ལུང་པ་འདི་རུ་ནར་སོན་སྟངས་སྤུས་གཙང་ཞིག་ཨེ་ཡོང་སྙམ་པའི་རེ་བ་ཆེན་པོ་བྱེད་ཀྱིན་ཡོད།

  ཉིན་འགའི་གོང་དུ་ཁྱོད་ཀྱིས་གཟེངས་རྟགས་ཤིག་བླངས་འདུག་པ་སྲིང་མོ་ལགས་ཀྱིས་ང་ལ་གསལ་བཤད་དང་བཅས་བསྐུར་གནང་བྱུང་བས། དེ་མཐོང་མ་ཐག་བདག་གི་སེམས་སུ་དགའ་ཚོར་ཞིག་ངང་གིས་བྱུང་ལ། དེ་དང་མཉམ་དུ་ཁྱོད་ཀྱི་ལང་ཚོའི་དཀའ་སྡུག་མང་པོ་ཞིག་ཕྱིས་སུ་གཞི་ནས་མགོ་འབུད་དགོས་ཨང་སྙམ་པའི་སྐྱོ་སྣང་ཞིག་ཀྱང་སེམས་ཀྱི་སྣེ་རུ་ཟུག་བྱུང་། མ་གཞི་བུད་མེད་ཀྱི་ལས་དབང་ནི། འགྲོ་བ་མིའི་རིགས་ཀྱི་གཞི་རྩའི་ལས་དབང་དང་གཞི་གཅིག་ཏུ་སྦྲེལ་ནས་ཡོད་པས། རྟེན་བུད་མེད་ཡིན་པ་ཙམ་རྒྱུ་མཚན་དུ་བྱས་ཏེ་འབྱུང་འཆར་མི་ཚེའི་ལམ་འགག་ཅི་ཞིག་ལོག་འགྲོ་བའི་སོམ་ཉི་བྱེད་ཀྱིན་མེད་ལ། དེ་འདྲ་གཏན་ནས་དགོས་དོན་ཀྱང་མི་འདུག ། གཞན་ཡང་། སྤྱི་བཏང་གི་མིའི་འགྲོ་འདུག་སྤྱོད་ལམ་ཕལ་ཆེར་བ་ནི་ཕ་མ་ཚོས་ཇི་ལྟར་བཀའ་བཀོད་བྱས་པ་དེར་སོང་དང་འགྲིག་ཅིང་འཚམ་པས། ངས་དེ་དག་གི་སྐོར་ལ་སེམས་ཁྲལ་བྱེད་ཀྱིན་མེད་ལ། དོན་དེ་ཚོ་དང་འབྲེལ་ནས་གང་ཡང་གླེང་རྩིས་མེད།

  རེད་དེ། ད་ལྟ་ངའི་ནང་སེམས་སུ་སེམས་ཁྲལ་ཆེ་ཙམ་ཞིག་ཡོད་པ་ནི། ཁྱོད་ཀྱི་ལང་ཚོའི་སྨྱུ་གུ་མགོ་འབུད་སའི་ཁོར་ཡུག་དེ་རུ། རང་རེའི་སྐད་ཡིག་གི་བླ་སྲོག་བདག་གིར་འཛིན་པའི་སློབ་སྟོན་པ་ཉུང་ལ། ཡབ་མེས་ཀྱི་ཤེས་རིག་ལ་དུང་ཞེན་ཆེ་བའི་སྣེ་ཁྲིད་པ་སྲིད་མཐའ་མ་བཀག་ཙམ་དུ་ཟད་པས། ད་ལྟ་ཁོར་ཡུག་དེའི་ཉེ་འགྲམ་ཀུན་ཏུ་གཞན་སྐད་ཀྱི་ལྕེ་རྩེ་རྣོ་ཞིང་། བསྲེག་སྐད་བཤད་རྒྱུར་དགའ་བའི་རིགས་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པའི་ཚོད་དུ་སྣང་བས། ཚུལ་དེས། ཁྱོད་རང་ད་ལྟ་ནས་རང་སྐད་རང་ཡིག་གི་ཁ་དབུགས་དང་ཁ་ཐག་ཇེ་རིང་ནས་འགྲོ་བའི་མགོ་བརྩམས་ཚར་མེད་དམ་སྙམ་པའི་སེམས་ཁྲལ་ཞིག་གིས་བདག་གི་ཡིད་བདེ་ཐབས་མེད་པ་ཞིག་བཟོས་བྱུང་། ཁྱོད་ཀྱིས་ད་ལྟ་སྐད་ཡིག་གི་དགེ་མཚན་ངོ་མ་ཅི་ཞིག་ཡིན་མིན་གཏན་ནས་ཤེས་མི་སྲིད་ལ། འུ་ཚོས་རང་རེའི་སྐད་ཡིག་གཙིགས་ཆེན་གྱི་འདུ་ཤེས་ཚེ་གང་བོར་གཟུང་དགོས་པ་ཡང་སྙིང་གནད་ཀ་གང་དང་འབྲེལ་ཡོད་མེད་ལ་བསམ་གཞིགས་འཁོར་མེད་པ་བདག་གིས་གསལ་པོར་ཤེས་ཡོད། རེད་དེ། གནད་དེ་འུ་ཚོ་ཕལ་མོ་ཆེས་འཁྲོལ་མེད་པས་ཁྱོད་ལ་ཅི་ཁག་ཨང་།

  མ་གཞི་བུ་རྒྱུད་ཀྱི་མ་འོངས་པ་ཅི་ཞིག་ལ་འགྱུར་མིན་ནི། ཕ་མའི་སློབ་གསོ་དང་འབྲེལ་ཆེ་ཞིང་། དེ་ལས་ཀྱང་ཨ་མའི་སློབ་གསོ་དང་འབྲེལ་བས། སྤྱིར་བྱས་ན་ཁྱོད་ཀྱིས་ཨ་མས་ཁྱོད་ལ་རང་སྐད་རང་ཡིག་བདག་བྱེད་དགོས་པའི་སློབ་གསོ་རེ་ཅིས་ཀྱང་གཏོང་དགོས་ན་ཡང་། ཁྱོད་ཀྱི་ཨ་མ་ལགས་ནི། སློབ་གྲྭའི་སྒོ་ཐེམ་ཙམ་ཡང་བགྲོད་མ་མྱོང་བའི་བུད་མེད་སྤྱི་བཏང་བ་ཞིག་ཡིན་པས། མོས་སྐད་ཡིག་གང་ཞིག་བསླབ་ན་དགེ་མཚན་ཆེ་མིན་ཕལ་ཆེར་མི་ཤེས་ལ། གལ་ཏེ་ཤེས་པའི་དབང་དུ་བཏང་ན་ཡང་། མོས་ཁྱོད་ལ་ཨུ་ཚུགས་ཀྱིས་སློབ་ཚན་གདམ་དུ་འཇུག་མི་སྲིད་དེ། ཁྱོད་ཀྱིས་ཨ་མའི་སེམས་སུ་ཁྱོད་ལས་གཅེས་པའི་དོན་ལྷག་མ་ཞིག་མེད་པས་ཡིན་ངེས།

  དེ་བས། ངས་ཁྱོད་ལ་ནན་ཏན་གྱིས་བཤད་འདོད་པ་ནི། ཁྱོད་རང་ལྟེ་ཁྲག་འཐོར་སའི་གངས་ཅན་གྱི་ཡུལ་གྲུ་འདི་ལ། ལོ་པཎ་བཀའ་དྲིན་ཅན་ཚོའི་དཀའ་སྡུག་གི་རྔུལ་ཆུ་ལས་ཐོན་པའི་དབྱངས་གསལ་གྱི་སྐད་ཡིག་ཡོད་ལ། སྐད་ཡིག་དེ་ལ་འཕྲལ་ཕུག་གི་གསང་གནད་འཁྲོལ་བའི་རིག་གཞུང་བྱིན་ཅན་སྣ་ཚོགས་ཡོད་པས། དེ་ལྟ་བུའི་བྱིན་རླབས་ཀྱི་ཚན་ཁ་རྣོ་བའི་སྐད་ཡིག་དེའི་ལས་དབང་ཉག་ཕྲ་བའི་སྒང་འདིར། འགྲོ་འདུག་གི་འཚོ་བའི་ཁྲོད་དུ་གཞན་སྐད་ཨེ་ལོབ་ཀྱི་བསམ་པ་དང་། སློབ་ཚན་གྱི་སྦྱང་འབྲས་ཁྲོད་གཞན་ཡིག་ལ་བྱང་ཆ་ཨེ་ཐུབ་ཀྱི་འདུ་ཤེས་ཐལ་ཆེ་བ་དེ་སྐྱུར་ནས། རང་སྐད་རང་ཡིག་གི་རྩ་བ་སེམས་སུ་ཐོགས་པ་ཞིག་འབྱུང་ཆེད། ཅིས་ཀྱང་སེམས་སྒྲིམ་ནས་འབད་པ་གནང་རོགས་ཞེས་བཤད་སྙིང་འདོད།

  གང་གི་ཕྱིར་དུ་ཞེ་ན། ཁྱོད་ཀྱི་རིགས་རྒྱུད་ཀྱི་མགོ་ཁུངས་བོད་ཡིན་ཞིང་། ཤ་རུས་ཁྲག་རྒྱུན་གྱི་མཆེད་ཁུངས་བོད་གཙང་མ་ཡིན་པས། ཁྱོད་རང་ནམ་ཡང་བོད་ཡིན་ལ། བོད་ཀྱི་མ་འོངས་པའི་ཤེས་རིག་རྒྱུན་སྲིངས་མཁན་གྱི་གྲས་སུ་གཏོགས་པས་ཡིན། ཁྱོད་ཀྱིས་ཅིས་ཀྱང་ཤེས་དགོས་ངེས་ཞིག་ལ། ཁྱོད་རང་སློབ་གྲྭའི་སྒོ་ཐེམ་གྱི་ནང་དུ་ཚུད་པ་ནས་བཟུང་། ལྡོག་མེད་ཀྱི་ཕྲག་ཏུ་བབས་པའི་འགན་འཁྲི་ཞིག་ཡོད་པ་ནི། སློབ་ཚན་འདྲ་མིན་སྣ་ཚོགས་ཀྱི་ཁྲོད་དུ་རང་རེའི་ཕ་སྐད་དང་འབྲེལ་བའི་སློབ་ཚན་གནད་ཆེ་ཤོས་སུ་གདམ་ང་བྱེད་རྒྱུ་དེ་ཡིན་ལ། དེའི་ཐོག་གཟོད་གཞན་གྱི་རིག་གནས་སྣ་ཚོགས་ལ་འབད་པ་ཆེན་པོས་སྦྱོང་བརྩོན་བྱ་རྒྱུའི་གོ་རིམ་དེ་གཏན་ནས་འཆུག་མི་འོས། འབྱུང་འགྱུར་གནད་འདི་ཁྱོད་ཀྱིས་ངེས་པར་དུ་ཡིད་འཇོག་གནང་རོགས།

  མཐར་དྲུག་གཅིག་བྱིས་པའི་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། འབྱུང་འཆར། ཁྱོད་ཀྱི་ཚེ་སྲོག་གི་རྒྱུད་སྐུད་ཁྲོད་དུ་ཤེས་རིག་ཡར་ཟླ་ལྟར་འཕེལ་ཞིང་། འདོད་དོན་གེགས་མེད་ངང་འགྲུབ་པའི་སྨོན་འདུན་སེམས་གཏིང་ནས་ཞུ།

                ཞེས་པའི་གྲོས་འདེབས་ཐུང་ངུ་འདི་ཁྱོད་ཀྱི་ཨ་ཞང་གི་མིང་ཐོབ་པའི་མདོ་ཁམས་པ་འཇིགས་རྒྱལ་འབོད་པས་འཕྲལ་དུ་སྦྱར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སེམས་ཁྲལ་གྱིས་བསྐྱེད་པའི་གྲོས་འདེབས།

2024-06-03 གཅན་དུག་རླངས།(དཔལ་ཡུལ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།