ང་ནི་པདྨ་ཚེ་བརྟན་ལ་རྒྱང་བལྟ་བྱེད་མཁན་ཞིག་ཡིན།

གཟུངས་བྷ།(རྨ་ལྷོ་སོག་རྫོང) 琼迈文学网 2024-06-10

  མ་འོངས་པར་བོད་ཀྱི་གློག་བརྙན་ཟེར་བ་ཞིག་གླེང་དུས།པདྨ་ཚེ་བརྟན་ཟེར་བ་ཞིག་ཀྱང་གླེང་སྲིད་པ་འདྲ་སྟེ།བོད་མི་མང་བོ་ཞིག་གིས་པདྨ་ཚེ་བརྟན་ནི་བོད་མིའི་གློག་བརྙན་གྱི་ཤིང་རྟའི་སྲོལ་འབྱེད་པ་རུ་བཀུར་བཞིན་ཡོད་ལ།ཁོང་གི་འཆི་སྐར་གྱི་ཉི་མ་སྟེ་སྤྱི་ཟླ་ལྔ་པའི་ཚེས་བརྒྱད་ཀྱི་ཉིན་མོ་དེ་ཉིད་བོད་མའི་གློག་བརྙན་དུས་ཆེན་གྱི་ཉིན་མོ་ཞིག་ཏུ་གྱུར་ན་ཅི་མ་རུང་སྙམ་པའི་རེ་བ་བཅངས་བཞིན་འདུག་པས།བོད་ཀྱི་གློག་བརྙན་དང་བོད་མི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་གཉིས་གཞི་གཅིག་ཏུ་གྲུབ་པ་ལྟར་ཁ་འབྲལ་ཐབས་མེད་པའི་ཚོད་དུ་འདུག་པ་ནི་ཧ་ཅང་ནས་དགའ་འོས་པ་ཞིག་ཏུ་སྙམ་བཞིན་ཡོད།རྒྱུ་མཚན་གལ་ལ་ཐུག་དུས་བོད་ཀྱི་གློག་བརྙན་སྒྱུ་རྩལ་ཐད་དུ་དོ་སྣང་བྱེད་པའི་བོད་པ་ཇི་སྙེད་ཅིག་བྱུང་བ་ནི་སེམས་འགུལ་ཐེབས་པ་ཞིག་ཡིན་པས། ད་རེས་བོད་ཀྱི་གློག་བརྙན་དང་རྩོམ་རིག་སྒྱུ་རྩལ་ཐད་དུ་བྱས་པ་ཆེ་བའི་འཇོན་མི་ཞིག་གི་ཤི་རྐྱེན་ལ་སེམས་ཁུར་དང་ཕངས་སེམས་སྐྱེས་ཤིང་།འགྱོད་སྣང་དང་སེར་སྣ་ཤོར་བ།ཐ་ན་པདྨ་ཚེ་བརྟན་གྱི་སྐོར་ནས་དྲ་ཚོམས་སྣ་ཚོགས་པ་རུ་ལབ་གླེང་སྣ་ཚོགས་པ་བྱས་པའི་བོད་ཀྱི་སྐྱ་སེར་ཕོོ་མོ་དེ་དག་ལ་བཀའ་དྲིན་ཞུ་འདོད་བྱུང་སོང་།ཅིའི་ཕྱིར་ཟེར་ན།བོད་མི་མང་བོ་ཞིག་གིས་འདིའི་སྐོར་ནས་སེམས་ཁུར་དང་སེར་སྣ་སྐྱེ་རྒྱུ་ཕར་ཞོག ཐ་ན་པདྨ་ཚེ་བརྟན་ཟེར་བ་སུ་ཡིན་པ་ཡང་མི་ཤེས་མཁན་ཧ་ཅང་མང་བས་སོ།དེ་ནི་ངོ་མ་ཡིད་སྐྱོ་ཞིང་འཇིགས་སུ་རུང་བ་ཞིག་རེད།ངས་ནི་བོད་མི་ཞིག་ཡིན་ཕྱིན་པདྨ་ཚེ་བརྟན་ཟེར་བ་ཁོང་ངེས་པར་དུ་ཤེས་དགོས་ཟེར་བ་ནི་མིན་མོད་ཀྱང་།བོད་མི་ཞིག་ཡིན་ཕྱིན་བོད་ཀྱི་གློག་བརྙན་དང་རྩོམ་རིག་སྒྱུ་རྩལ་ལ་བྱས་རྗེས་ཆེས་ཆེར་བཞག་མྱོང་བའི་བོད་མི་ཞིག་ལ་རྒྱུས་ལོན་ཨེན་ཙམ་ཡང་མེད་ན་ནི་འདང་རྒྱག་ལྷག་མ་ཞིག་མེད་དམ།

  ང་ནི་གློག་བརྙན་སྒྱུ་རྩལ་ལ་དང་དོད་ཆེས་ཆེར་ཡོད་པའི་མི་ཞིག་ཡིན་ལ།ཧང་ཁོང་གི་ནག་ཚོགས་དང་འབྲེལ་བའི་གློག་བརྙན་<<དཔའ་བོའི་རང་མདངས།>>ཞེས་པ་ལ་བལྟས་རྗེས། ཆེས་ཐོག་མར་གློག་བརྙན་ལ་ཞེ་བསམ་པའི་གཏིང་ནས་དགའ་འགོ་བརྩམས་པ་ཡིན་ཟེར་ཆོག་པ་འདྲ་སྟེ།འཁྲབ་ཁྲིད་པ་(吴宇森)ཝུའུ་ཡོའུ་སིན་གྱིས་འཁྲབ་ཁྲིད་བྱས་ཤིང་ཀྲང་གོ་རོང་(张国荣)དང་ཀྲོའུ་རོན་ཧྥ་(周润发)ད་དུང་ཏིས་ལུང་(狄龙)གསུམ་གྱིས་གཙོ་འཁྲབ་བྱས་པའི་གློག་བརྙན་བརྩམས་ཆོས་དེས་ངའི་ཆུང་དུས་ཀྱི་བྱིས་སེམས་ལ་བསུབ་ཐབས་མེད་པའི་བག་ཆགས་མི་དམན་པ་ཞིག་བཞག་ཡོད་ལ། དུས་དེ་ནས་བཟུང་ནམ་ཞིག་རང་གིས་ཀྱང་གློག་བརྙན་རེ་ཕབ་བསྒྱུར་བྱེད་ཐུབ་ན་ཅི་མ་རུང་སྙམ་བཞིན་ད་ལ་ཐུག་གི་བར་དུ་ཡོང་ཞིང་། སྤྱི་ལོ་2015ལོ་ནས་བཟུང་དངོས་སུ་འཁྲབ་ཁྲིད་དང་འཁྲབ་སྟོན་གྱི་འགན་གཅིག་ལྕོགས་སུ་ཁུར་བའི་གློག་བརྙན་སྐོར་ཞིག་ཕབ་བསྐྲུན་བྱེད་ཐུབ་ཡོད་ཀྱང་། ད་ཆ་ཕྱིར་འདང་ཞིག་བརྒྱབ་ན། གློག་བརྙན་དེ་དག་ལ་གློག་བརྙན་ཞེས་པའི་མིང་གདགས་ཆོག་མིན་ཡང་ཧ་ཅང་ནས་བཤད་དཀའ་བའི་ཚོད་དུ་འདུག་ལ། མི་གཞན་ལ་གློག་བརྙན་འདི་དག་འོས་སྦྱོར་དང་མཚམས་སྦྱོར་དེ་བས་ཀྱང་བྱེད་ཐུབ་ཀྱིན་མེད།ཡིན་ན་ཡང་ཚད་ལོངས་པའི་གློག་བརྙན་བརྩམས་ཆོས་རེ་འཁྱོངས་མིན་ལ་མུ་ནས་འབད་པ་བྱེད་གྲབས་ཡོད།

  ཅི་ནས་ཀྱང་ད་ཆ་གཞན་ལ་འོས་སྦྱོར་བྱེད་པར་ཡང་ཅུང་ངོ་ཚ་བའི་ཚུལ་དུ་གནས་པའི་གློག་བརྙན་དེ་དག་ཕབ་བསྒྱུར་བྱེད་པའི་སྔ་གཞུག་ཏུ།ང་རང་ངོས་ནས་གང་ལ་གང་འཚམ་གྱིས་གློག་བརྙན་དང་འབྲེལ་བའི་ཤེས་བྱ་རིག་གནས་འོས་འཚམ་ཞིག་ལ་སློབ་སྦྱོང་མི་བྱེད་རང་བྱེད་དུ་གྱུར་ལ། སློབ་སྦྱོང་གི་གོ་རིམ་ཁྲོད་དུ་རྒྱལ་ཕྱི་ནང་གི་གློག་བརྙན་འཁྲབ་ཁྲིད་པ་དང་འཁྲབ་སྟོན་པ་མང་པོ་ཞིག་ལ་ཡང་རྒྱུས་མངའ་མི་ཆུང་བ་ཞིག་ཡོད་པར་གྱུར།བོད་མི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ནི་རྒྱུས་མངའ་བྱུང་བའི་གློག་བརྙན་ལས་རིགས་ཀྱི་མི་སྣ་དེ་དག་ཁྲོད་ཀྱི་གཅིག་ཡིན་པ་མ་ཟད། ང་ལ་མཚོན་ན་བག་ཆགས་ཤིན་ཏུ་ཟབ་པའི་འཁྲབ་ཁྲིད་པ་ཞིག་ཀྱང་ཡིན་ཟེར་ཆོག་སྟེ།རྒྱུ་མཚན་པདྨ་ཚེ་བརྟན་མཆོག་གིས་རྩོམ་རིག་དང་གློག་བརྙན་གྱི་ལམ་ཁ་དེའི་ཆེད་དུ་མི་མང་བོ་ཞིག་གིས་ལྕགས་ཀྱི་ཕོར་བ་ཞིག་ལྟར་བརྩི་མཐོང་ཆེས་ཆེར་བྱེད་པའི་ལས་བྱེད་པའི་ལས་ཀ་དེ་ཡང་བློས་གཏོང་བྱེད་ཐུབ་ཡོད་པ་དེ་རེད།བློས་གཏོང་འདིའི་རིགས་ནི་པདྨ་ཚེ་བརྟན་ལྟ་བུའི་མི་བུ་རེ་ཟུང་གིས་མ་གཏོགས་བློས་གཏོང་ནུས་པ་ཞིག་རྩ་བ་ཉིད་ནས་མ་རེད། བློས་གཏོང་དེའི་དབང་གིས་ངས་པདྨ་ཚེ་བརྟན་ལ་ནམ་ཡང་མིག་མདངས་མི་གཅིག་པ་ཞིག་དང་སེམས་ཁམས་ཐ་དད་པ་ཞིག་གིས་འཚོས་ནས་ཡོང་བ་ཡིན།

  ཁོང་གི་གློག་བརྙན་བརྩམས་ཆོས་ཐོག་མ་<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ།>>ནས་ལྷག་འཕྲོར་ལུས་པའི་གློག་བརྙན་བརྩམས་ཆོས་ཏེ་<<རྒྱུས་མངའ་མེད་པའི་མི།>>ཞེས་པའི་བར་དུ། རྒྱལ་ཕྱི་ནང་གི་གློག་བརྙན་དུས་ཆེན་མང་པོ་ཞིག་གི་གར་སྟེགས་སུ་བྱ་དགའ་རེག་པའི་གློག་བརྙན་བརྩམས་ཆོས་མི་ཉུང་བ་ཞིག་བུད་པ་དེས་བོད་མིའི་གློག་བརྙན་གྱི་ལམ་བུ་ལ་བྱས་པ་ག་འདྲ་ཞིག་བཞག་ཡོད་དམ་ཞེ་ན།བོད་ཀྱི་གློག་བརྙན་ཞེས་རྒྱལ་ཕྱི་ནང་གི་གློག་བརྙན་ཆེད་མཁས་པ་དང་གློག་བརྙན་འཛད་སྤྱོད་པ་མང་བོ་ཞིག་གིས་བོད་མིའི་གློག་བརྙན་དང་སྦྲགས་ཏེ།བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ལ་སྔར་ལས་ཀྱང་སྣང་འཇོག་བྱེད་འགོ་བརྩམས་པ་དེའི་ངོས་ནས་ཀྱང་མཚོན་ཐུབ་པ་ཞིག་རེད་དེ། ཚོང་རྫས་ཤིག་ཡིན་ན་ཡང་ཁྱབ་བསྒྲགས་ཀྱི་ནུས་པ་ཇི་ལྟར་ཆེ་ན་དེ་ལྟར་བཟང་བ་བཞིན།མི་རིགས་ཤིག་ཡིན་ན་ཡང་འཛམ་གླིང་གི་ཡུལ་གྲུ་ཀུན་དུ་ཇི་ལྟར་ཤེས་ཚད་ཇེ་ཆེར་སོང་ན་དེ་ལྟར་མི་རིགས་དེའི་ཚེ་སྲོག་གི་རྒྱུན་ཡུན་རིང་དུ་བསྲིངས་ཐུབ་པ་འདྲ་བས།བོད་ཀྱི་གློག་བརྙན་སྒྱུ་རྩལ་གྱིས་མཚོན་པ་ནི་བོད་ཀྱི་གློག་བརྙན་སྒྱུ་རྩལ་ཁོ་ན་མ་ཡིན་ཏེ།དེས་བོད་ཀྱི་གློོག་བརྙན་སྒྱུ་རྩལ་དང་འབྲེལ་བའི་བོད་མིའི་འཚོ་བ་དང་བོད་མའི་ཤེས་རིག་གི་སྡིངས་ཆ་ཡང་མངོན་ཐུབ་ས་རེད།དེའི་རྐྱེན་གྱིས་པདྨ་ཚེ་བརྟན་གྱི་གློག་བརྙན་ཐད་ཀྱི་བྱས་རྗེས་ནི་གློག་བརྙན་སྒྱུ་རྩལ་འབའ་ཞིག་གི་བྱས་རྗེས་ག་ལ་ཡིན།

  བོད་ཀྱི་ཕྲག་དོག་ནི་དམིགས་བསལ་བ་ཞིག་ཡིན་སྟབས། བོད་དུ་སྐྱེས་པའི་འཇོན་ཐང་ཅན་གྱི་མི་རྣམས་གསོན་པའི་དུས་སུ་ཁ་ལས་དགེ་དཀའ་ལ།ཤི་བའི་ཚེ་ན་ད་གཟོད་མྱ་ངན་དང་རྗེས་དྲན་ཞུ་མཁན་མང་བ་འདྲ། སྔར་ངས་ཀྱང་དགེན་པདྨ་ཚེ་བརྟན་མཆོག་ལ་དགག་པ་རྒྱག་ཁུལ་བྱས་མྱོང་སྟེ།བོད་ཀྱི་གློག་བརྙན་ཡིན་ན་བརྙན་ཡིག་(电影字幕)ངེས་པར་དུ་བོད་ཡིག་ཡིན་དགོས་ཞེས་དགག་རྒྱག་རང་བཞིན་གྱི་བསམ་ཚུལ་ཞིག་བཏོན་མོད་ཀྱང་། དེའི་ཕྱོགས་ནས་ནུས་པ་ཅུང་ཙམ་ཡང་མ་ཐོན་པ་འདྲ་བས།ངས་དགེན་པདྨ་ཚེ་བརྟན་ཁོང་ནི་མི་རིགས་ཀྱི་སྐད་ཡིག་ལ་དོ་སྣང་མེད་མཁན་ཞིག་རེད་ཅེས་གྲོགས་པོ་མང་བོ་ཞིག་ལ་བསྙད་མྱོང་བ་མ་ཟད།ཏག་ཏག་ལོ་བཞིའི་ཡར་སྔོན་ཏེ་སྤྱི་ལོ་2020ལོའི་སྤྱི་ཟླ་1པོའི་28ཉིན་མོར་སྐད་འཕྲིན་གྱི་གྲོགས་ཚོམས་སུ་འདང་རྒྱག་མེད་པའི་སྐད་ཆ་ཚན་པ་ཞིག་ཀྱང་འདི་ལྟར་བྲིས་པ་སྟེ།'བོད་ལྭ་གྲ་དག་གྱོན་པའི་རྒྱ་རྒན་ཞིག་གིས།ངས་བོད་བརྙན་འཁྲབ་ཀྱིན་ཡོད་ཅེས།ག་ས་གང་གི་བརྙན་མིག་དག་ཏུ་འཛུམ་དམུལ་དམུལ་བྱེད་པ་དང་ཨ་ན་མ་ན། དགོངས་དག'ཅེས་ཁོང་དང་ཁོང་གི་གློག་བརྙན་སྐོར་ཞིག་གི་ཁྱབ་བསྒྲགས་པར་རིས་དང་ལྷན་དུ་སྤེལ་མྱོང་བ་ད་ལྟ་ད་དུང་ཡང་ང་ཡི་སྐད་འཕྲིན་རྒྱབ་ལོགས་སུ་མ་བསུབ་པར་བཞག་ཡོད།རྗེས་ནས་ཞིབ་འདང་ཞིག་བརྒྱབ་ན།བརྙན་ཡིག་ཏུ་ཨིན་ཡིག་དང་རྒྱ་ཡིག་འཇོག་པ་དེ་གློག་བརྙན་གྱི་ཁྲོམ་རའི་དགོས་མཁོ་ཞིག་ལ་ཡང་ཐུག་འདུག་པས་ན་ཁོང་ལ་ཡང་ཁག་མི་འདུག་སྙམ། ཡིན་ན་ཡང་དེ་དུས་གྲོགས་ཚོམས་སུ་སྤེལ་བའི་ནང་དོན་དེ་མུ་མཐུད་ནས་སོར་བཞག་བྱེད་རྩིས་ཡོད།རྒྱུ་མཚན་དོན་དག་ཆུང་ཆུང་འདིས་ཀྱང་ང་ནི་པདྨ་ཚེ་བརྟན་ལ་རྒྱང་བལྟ་བྱེད་མཁན་གྱི་མི་ཞིག་ཡིན་པ་བདེན་པ་བདར་ཐུབ་པ་འདྲ།

  གློག་བརྙན་གྱི་བརྙན་མིག་གི་སྐད་ཆ་(镜头语言)ཙམ་ལ་ཡང་གོ་བ་མ་ལོན་པར།པད་མ་ཚེ་བརྟན་གྱི་གློག་བརྙན་གྱི་ཡང་ལྕི་གཞལ་བ་ནི་གནས་ལུགས་དང་མཐུན་པ་ཞིག་གང་ནས་ཡིན། གློག་བརྙན་ནི་སྒྲ་གཟུགས་མཉམ་སྦྱོར་གྱི་ཤེས་བྱའི་བང་མཛོད་ཆེན་པོ་ཞིག་ཡིན་པས་ན།དེ་ལ་སློབ་སྦྱོང་དང་རྒྱུས་མངའ་གང་འཚམ་ཞིག་ཡོད་དགོས་པ་རེད།མ་གཏོགས་ཁོང་གི་གློག་བརྙན་བརྩམས་ཆོས་<<ཐར་ལོ།>>ལྟ་བུ་ཞིག་ལ་བརྙན་དཔྱད་གཏོང་སྐབས།མང་པོ་ཞིག་གིས་ཐར་ལོ་ཞེས་པའི་གློག་བརྙན་དེའི་བརྗོད་བྱའམ་བརྗོད་བྱའི་སྙིང་བོ་ཅི་ཞིག་རེད་ཅེས་གློག་བརྙན་གང་དེའི་བསྟན་དོན་ལ་འབྲོག་རུའི་ལྕགས་དྲ་སྐོར་སྐོར་བྱེད་ཀྱིན་འདུག་པ་དེ་ནི་གློག་བརྙན་ཐད་ཀྱི་ཤེས་བྱ་རིག་གནས་ཤིན་ཏུ་དབུལ་བའི་རྟགས་མཚན་ཞིག་རེད་སྙམ།གློག་བརྙན་གང་ཞིག་གི་བརྗོད་བྱའི་བསྟན་དོན་དེ་ནི་མཐའ་ཡས་ཤིང་གཏིང་ཟབ་པ་ཞིག་སྟེ།འཛད་སྤྱོད་པ་གང་ཞིག་གི་རིག་གནས་ཆུ་ཚད་ཀྱི་མཐོ་དམའ་ལྟར་གློག་བརྙན་གྱི་བརྗོད་བྱའི་སྙིང་བོ་ལ་ཡང་གྲིམ་ལྷོད་དང་དམ་ལྷུག་བྱས་ཆོག་པ་ཞིག་རེད།ཡིན་ཕྱིན།ཐར་ལོ་ཞེས་པའི་གློག་བརྙན་དེའི་བརྗོད་བྱའི་བསྟན་དོན་ལ་མཐའ་མེད་ལ།གཞན་ཐར་ལོས་མཚོན་པའི་ཁོང་གི་གློག་བརྙན་བརྩམས་ཆོས་གཞན་དག་གི་བརྗོད་བྱའི་སྙིང་བོ་ལ་ཡང་གཏན་ཁེལ་དང་ཚོད་བཀག་མེད་ན་བཟང་།

  ངས་ནི་རི་བོང་ཅལ་འདྲོགས་ལྟ་བུའི་བརྟུལ་ཞུགས་གཏན་ནས་འཛིན་གྱིན་མེད། པདྨ་ཚེ་བརྟན་ནི་དངོས་ནས་དྲང་གནས་ཀྱི་བོད་མི་བྱས་རྗེས་ཅན་ཞིག་རེད། ང་རང་ཐེངས་གཅིག་ལ་ཡང་ཁོང་དང་ཉེ་སར་བཅར་ནས་ཁ་བརྡ་ལབ་གླེང་བྱས་མ་མྱོང་ཡང་། ང་ནི་པདྨ་ཚེ་བརྟན་ལ་རྒྱང་བལྟ་བྱེད་མཁན་ཞིག་ཡིན། ཁ་ཅིག་གིས་པདྨ་ཚེ་བརྟན་ཟེར་བ་སུ་རེད། ཁོས་བྱས་རྗེས་ཅི་ཞིག་བཞག་སོང་ངམ་ཞེས་འདྲི་མཁན་ཡང་འདུག དེ་དག་གི་ལན་དུ་ལྡོན་འདོད་པ་ནི་འདི་ལྟ་སྟེ།པདྨ་ཚེ་བརྟན་ཟེར་བ་ནི་བོད་ཀྱི་རྩོམ་པ་པོ་དང་བོད་ཀྱི་གློག་བརྙན་བཟོ་མཁན་ཞིག་རེད། ད་ལྟའི་དུས་སུ་ཁོའི་བྱས་རྗེས་ནི་འདིའོ་ཞེས་ཡོངས་སུ་ཐག་གཅོད་དཀའ་ན་ཡང་། མ་འོངས་པར་དུས་ཚོད་ཀྱི་འགྲོས་དང་བསྟུན་ཏེ་ཡང་དག་པའི་དྲིས་ལན་དག་རེ་རེ་བཞིན་རྙེད་སྲིད་པ་རེད། བརྒྱ་ལ་དུས་ཚོད་ལ་མ་སྒུག་པར་ཁོང་གི་བྱས་རྗེས་དག་གླེང་དགོས་ཟེར་ན་ནི་གཤམ་ནས་རེ་ཙམ་ཞིག་གླེང་བར་བྱ།

  སྤྱི་ལོ་1898ལོར་ཧྥ་རན་སི་ནས་<<བཟོ་གྲྭའི་སྒོ་ཆེན།>>ཞེས་པའི་མིའི་རིགས་ཀྱི་ཆེས་ཐོག་མའི་གློག་བརྙན་དེ་ཁྲོམ་རར་བཀྲམས་པ་ནས་བཟུང་། གློག་བརྙན་ནི་མིའི་རིགས་ཀྱི་འཚོ་བའི་གྲུ་ཟུར་གང་རུང་དུ་འཚང་ཁ་རྒྱག་འགོ་བརྩམས་ཤིང་། དང་ཐོག་ཀུན་གྱིས་ཉི་མ་གཏོང་བྱེད་ཀྱི་རོལ་རྩེད་ཙམ་དུ་ངོས་བཟུང་བ་ནི་གློག་བརྙན་གྱི་ཐོག་མའི་རྣམ་པ་ཡིན་ལ།མཐར་གློག་བརྙན་ནི་རྒྱལ་ཁབ་དང་རྒྱལ་ཁབ་བར། མི་རིགས་དང་མི་རིགས་བར་ལ་འགྲན་རྩོད་དང་བཅས་ཏེ་རང་རང་སོ་སོའི་ཚན་རིག་ལག་རྩལ་དང་རིག་གནས་ཤེས་བྱ། ཡུལ་སྲོལ་གོམས་གཤིས་དང་ཆོས་ལུགས་དད་མོས། མཛེས་དཔྱོད་ལྟ་བ་དང་བསམ་པའི་འདུ་ཤེས་མཚོན་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཏུ་གྱུར་བ་ནི་གློག་བརྙན་གྱི་འཕེལ་རྒྱས་རྣམ་པ་རེད།

  བོད་ཀྱི་གློག་བརྙན་ལོ་རྒྱུས་ལ་མཚོན་ནས་བཤད་ན།གློག་བརྙན་གྱི་ཐོག་མའི་རྣམ་པ་ནས་འཕེལ་རྒྱས་ཀྱི་རྣམ་པའི་གོ་རིམ་ཁྲོད་དུ་དགའ་སྐྱོ་ཟུང་ལྡན་གྱི་ཀྱག་ཀྱོག་གི་གོ་རིམ་ཅི་འདྲ་ཞིག་བརྒྱུད་ཡོད་པ་ལ།པདྨ་ཚེ་བརྟན་ལྟ་བུའི་ས་སྐྱེས་རྡོ་སྐྱེས་ཀྱི་བོད་རང་གི་འཁྲབ་ཁྲིད་པ་དག་མ་བྱུང་བའི་ཡར་སྔོན་དུ།ཕྱི་རྒྱལ་དང་མི་རིགས་གཞན་གྱིས་ཕབ་བསྒྱུར་བྱས་པའི་བོད་འབྲེལ་གློག་བརྙན་སྐོར་ཞིག་བྱུང་བ་ལ་སོང་ནས་ལྟོས་དང་།བོད་འབྲེལ་གློག་བརྙན་དེ་དག་ལས་བོད་མི་སྤྱི་ལ་མངའ་བའི་སེེམས་ཁམས་དངོས་དེ་མཚོན་ཐུབ་རྒྱུ་ཕར་ཞོག ཐ་ན་གློག་བརྙན་ཁྲོད་ཀྱི་འཁྲབ་སྟོན་པ་དག་གིས་བོད་ལྭ་གྱོན་སྟངས་ལ་ལྟོས་དང་།ཕུ་རུང་གཡོན་ཕུད་དང་ཕོ་ལུས་མོ་ཉམས་བཏོད་པ་ཤིན་ཏུ་མང་།ད་དུང་སྤྱིར་བཏང་དུ་བོད་མིའི་འཚོ་བའི་ཁྲོད་དུ་ཕ་དང་བུ་མོའི་བར་ལ་བརྩེ་དུང་ཐད་ཀྱི་སྐད་ཆ་ལབ་པར་ཤིན་ཏུ་འཛེམ་མོད་ཀྱང་།ཕྱི་རྒྱལ་དང་མི་རིགས་གཞན་གྱིས་འཁྲབ་ཁྲིད་བྱས་པའི་བོད་འབྲེེལ་གློག་བརྙན་དེ་དག་གི་ཁྲོད་དུ་ཕ་དང་བུ་མོའི་བར་དུ་ངོ་ཚའི་སྐད་ཆ་བཤད་པར་འཛེམ་དོགས་མེད་པའི་སྣང་བརྙན་གང་མང་རེད།དཔེར་ན་སྤྱི་ལོ་1996ལོར་འགྲེམ་སྟོན་བྱས་པའི་ལུང་གཞུང་དམར་པོ་<<红河谷>>ཞེས་པའི་གློག་བརྙན་དེ་ལ་ལྟོས་དང་འདང་རྒྱག་རྒྱུ་ཞིག་ཡོད།དེ་ནི་འཁྲབ་ཁྲིད་པ་དེ་ཚོས་བོད་མིའི་འདུ་ཤེས་ཁྲོད་དུ་རང་ཉིད་ཀྱི་ཁོར་ཡུག་གི་ཤན་ཞུགས་པས་རེད།གསལ་བོར་བཤད་ན་ཁོ་ཚོས་བོད་མའི་འདུ་ཤེས་ལ་གསལ་ཁ་དེ་འདྲ་གཏོད་མ་ཐུབ་པས་ལན་པ་རེད་སྙམ།

  ཕུ་རུང་གཡོན་ཕུད་དང་ཕོ་ལུས་མོ་ཉམས་བཏོད་པ།ཕ་དང་བུ་མོའི་བར་ལ་ངོ་ཚ་མེད་པའི་སྣང་བརྙན་མང་བ་མ་ཟད།བོད་འབྲེལ་གློག་བརྙན་ལ་ལ་ཞིག་གིས་བོད་ཀྱི་གནས་བབས་ངོ་མ་མཚོན་མ་ཐུབ་པས་མི་ཚད།གློག་བརྙན་གཟུགས་ལམ་ནས་བོད་མིའི་སྣང་བརྙན་ལ་རྡོག་བརྫིས་ཚབས་ཆེན་བྱས་འདུག་སྟེ།དཔེར་ན་སྤྱི་ལོ་1986ལོར་རྒྱའི་གློག་བརྙན་འཁྲབ་ཁྲིད་པ་ཐེན་ཀྲོང་ཀྲོང་(田壮壮)གིས་ཕབ་བསྒྱུར་བྱས་པའི་རྟ་རྐུན་(盗马贼)ཞེས་པའི་གློག་བརྙན་དེ་གཟིགས་འབུལ་བྱས་མ་ཐག་ཏུ།མི་རིགས་དང་རྒྱལ་ཁབ་མང་པོའི་གློག་བརྙན་འཛད་སྤྱོད་པ་དག་གིས་བོད་ནི་ཅི་འདྲའི་ཀླ་ཀློ་དང་ཅི་འདྲའི་གདུག་རྩུབ་ཆེ་བའི་མི་རིགས་ཤིག་གོ་ཞེས་བོད་ཀྱི་སྣང་བརྙན་ཡིད་དུ་མི་འོང་བ་ཞིག་ཀུན་གྱི་སྣང་ངོར་བཞག་འདུག་སྐད།གློག་བརྙན་གཟུགས་ཀྱི་ཁྱབ་བསྒྲགས་ནུས་པ་ནི་སྟོབས་དང་ལྡན་པ་ཞིག་ལོས་ཡིན།གལ་ཏེ་སྐབས་དེར་སྐད་གྲགས་ཆོད་པའི་འཁྲབ་ཁྲིད་པ་འདིས་ཕབ་བསྒྱུར་བྱས་པའི་གློག་བརྙན་འདིའི་ནང་དོན་བོད་མིའི་དངོས་ཡོད་གནས་ཚུལ་དང་མཐུན་པ་ཞིག་ཡིན་ན་ནི།གཞན་གྱིས་བོད་མི་ནི་ཀླ་ཀློའོ།བོད་མི་ནི་གདུག་རྩུབ་ཆེ་ཞེས་ཚིག་ངན་ཇི་ལྟར་བརྡོལ་ཡང་དེ་ཡང་དང་ལེན་བྱེད་མི་ཐུབ་པ་ཞིག་མ་རེད།འོན་ཀྱང་རྟ་རྐུན་ཞེས་པའི་གློག་བརྙན་དེའི་ནང་དོན་མང་བོ་ཞིག་འཁྲབ་ཁྲིད་པ་རང་ཉིད་ཀྱི་འུད་བརྗོད་རང་བཞིན་གྱི་འཆར་ཡན་རིིང་ལུགས་ཀྱི་སྒྱུ་རྩལ་མཚོན་ཐབས་ཙམ་ལ་བརྟེན་ཡོད་པ་ལས།བོད་མའི་གནས་བབས་ངོ་མ་དང་ཁ་ཐག་རིང་འདུག་པས།རྗེས་ནས་གློག་བརྙན་དེ་ལ་དོགས་པ་ཟ་མཁན་དང་དགག་རྒྱག་བྱེད་མཁན་གྱི་ཤེས་ཡོན་པའི་ཁྱུ་ཞིག་ཀྱང་ལོ་ཟླའི་འགྲོས་དང་བསྟུན་ནས་བྱུང་མྱོང་བ་དེ་རེད།དེ་དུས་བོད་མིའིི་སྣང་ཚུལ་དངོས་མཚོན་མི་ཐུབ་པའི་བོད་འབྲེེལ་གློག་བརྙན་ད་དུང་ཡང་གང་མང་མང་ཡིན།སྤྱི་ལོ་2006ལོར་ཤར་གཏོང་བྱས་པའི་འཁྲབ་ཁྲིད་པ་ཧོའུ་ཞེ་དཔའ་(胡雪桦)ཡི་གློག་བརྙན་ཏེ་ཧི་མ་ལའི་རྒྱལ་སྲས་ཞེས་པ་ཡང་དེའི་ནང་གི་གཅིག་རེད།དགོད་བྲོ་བ་ཞིག་ལ་གློག་བརྙན་དེ་ལ་གློག་བརྙན་བྱ་དགའ་ཡང་གང་འཚམ་ཞིག་རེག་སོང་ཟེར་དུས།མ་བསམ་ས་ནས་གློག་བརྙན་བྱ་དགའ་ཞེས་པ་ཡང་དེ་འདྲའི་ཡ་མཚར་བ་ཞིག་མིན་པ་ཤེས་སོང་ལ།གློག་བརྙན་དུས་ཆེན་གང་ཞིག་གི་གློག་བརྙན་དཔྱད་བརྗོད་པ་དེ་ཚོ་ཡང་གློག་བརྙན་གང་ཞིག་གི་སྒྱུ་རྩལ་བརྙན་མིག་ཐད་ནས་ཆེད་མཁས་པ་ཟེར་བ་རེ་རེ་ཡིན་ཡང་སྲིད་མོད།འོན་ཀྱང་གློག་བརྙན་ནང་གི་མི་རིགས་དང་ས་ཁོངས་ཐད་ཀྱི་ཤེས་ཚད་ཀླད་ཀོར་མིན་པའི་ངེས་པ་ཡང་ག་ལ་ཡོད།དེ་བས་དུས་དེ་ནས་བཟུང་ངས་ནི་ཚད་ལྡན་གྱི་གློག་བརྙན་རྣལ་མ་ཞེས་པ་ནི་གློག་བརྙན་གྱི་ཁྲོམ་རའི་རྣམ་འགྱུར་ལ་བལྟས་ནས་ཐད་གཅོད་ཀྱིན་ཡོད་པ་ལས།གློག་བརྙན་དེ་ལ་བྱ་དགའ་གང་དང་གང་ཞིག་འཐོབ་སོང་ཟེར་བ་ལ་སྣང་འཇོག་དེ་འདྲ་བྱེད་ཀྱིན་མེད།

  དེ་ལྟར་ལོ་རབས་བརྒྱད་ཅུ་བ་དང་དགུ་བཅུའི་ནང་གཙོ་བྱས་ནས་བོད་དང་འབྲེལ་བའི་བོད་འབྲེལ་གློག་བརྙན་གང་མང་ཞིག་བྱུང་ཡང་།བོད་ཀྱི་མི་དང་བོད་ཀྱི་འཚོ་བ་དངོས་མཚོན་ཐུབ་ཡོད་པའི་བོད་འབྲེལ་གློག་བརྙན་ཞིག་བཙལ་ནས་རྙེད་ཐབས་མེད་པ་འདྲ་བས།སྤྱི་ལོ་ཉིས་སྟོང་ལོའི་ནང་དུ་དགེན་པདྨ་ཚེ་བརྟན་གཙོ་བྱས་པའི་བོད་རང་གི་འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་སྐོར་ཞིག་གློག་བརྙན་སྒྱུ་རྩལ་གྱི་གར་སྟེགས་སུ་བུད་པ་དེས་ཅི་ཞིག་མཚོན་འདུག་ཟེར་ན་ནི།ཆེས་མ་མཐའ་ཡང་བོད་མིའི་སེམས་ཁམས་དངོས་དང་བོད་མའི་འཚོ་བ་དངོས་མཚོན་ཐུབ་པའི་བོད་ཀྱི་གློག་བརྙན་འབྱུང་འགོ་བརྩམས་སོང་བ་མཚོན་ལོས་ཐུབ།ལྷག་པར་དུ་བོད་རང་གི་གློག་བརྙན་འཁྲབ་ཁྲིད་པ་བྱུང་བའི་རྗེས་སུ།དེ་སྔ་སྐྲག་རྒྱུ་འཇིགས་རྒྱུ་མེད་པར་བོད་འབྲེལ་གློག་བརྙན་ཕབ་རྒྱུ་ཡིན་ཞེས་ཨུ་ཚུགས་བྱས་པའི་ཕྱི་རྒྱལ་དང་མི་རིགས་གཞན་གྱི་འཁྲབ་ཁྲིད་པ་ཕོད་ཚོད་ཅན་གཅིག་ཀྱང་བྱུང་ཐུབ་མེད་པ་དེ་རེད།དེའི་ཤུགས་བསྟན་དུ་གནས་ལུགས་ཤིག་ཀྱང་བསྟན་འདུག་སྟེ།མི་རིགས་དང་ས་ཁོངས་ཤིག་གི་གནས་བབས་ལ་རྒྱུས་ལོན་གཏིང་ཟབ་མེད་པར་མི་རིགས་དང་ས་ཁོངས་དེ་འབྲེལ་གྱི་གློག་བརྙན་རྣལ་མ་རེ་ཕབ་རྒྱུ་ཡིན་ཟེར་ན་ནི།དེ་ནི་སྟོང་བསམ་ཁོ་ནའོ།

  ལར་དགེན་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་དག་ལ་སྤྱི་ཡོངས་ནས་བརྙན་དཔྱད་སྟབས་བདེ་ཞིག་བྱས་ན་ནི་འདི་ལྟ་སྟེ།བོད་ཀྱི་ལྷིང་ཞིང་འཇགས་པའི་འབྲོག་རུའི་ལྷས་ར་དང་རྣང་མའི་ཞིང་ཚུགས་ལྟ་བུའི་ཆེས་ཕལ་ཞིང་ཕལ་བའི་བརྙན་མིག་གི་སྒྱུ་རྩལ་མཚོན་ཐབས་སྤྱད་དེ།ཆབ་སྲིད་ཀྱི་ཐིག་དམར་ལས་བརྒལ་དུ་མ་བཅུག་པར།ཐུན་མོང་གི་འདུ་ཤེས་གཞིར་བཞག་བྱས་པའི་རྨང་གཞིའི་སྟེང་དུ།ཚོང་ལས་གློག་བརྙན་བཞིན་འུད་བརྗོད་ཀྱི་མཚོན་ཐབས་སྤོང་ཅི་ཐུབ་བྱས་ཤིང་།རིག་རྩལ་གློག་བརྙན་གྱི་བག་དྲོ་ལ་ཁམས་དྭངས་པའི་རྣམ་པ་ཆེས་ཆེར་མངོན་པར་བྱས་པའི་བོད་ཀྱི་གློག་བརྙན་རྣལ་མའི་ཆུ་འགོ་སྟེ་པདྨ་ཚེ་བརྟན་གྱི་གློག་བརྙན།འདི་ནི་ངས་དགེན་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་ལ་སྤྱི་ཡོངས་ནས་བརྙན་དཔྱད་མདོར་བསྡུས་ཤིག་བྱས་པ་ལགས།

  གོང་དུ་ཞུས་ཟིན་པ་ལྟར་ང་ནི་པདྨ་ཚེ་བརྟན་དང་འབྲེལ་འདྲིས་ཟབ་པ་དེའི་རིགས་མིན་ན་ཡང་།ང་ནི་པདྨ་ཚེ་བརྟན་ལ་རྒྱང་བལྟ་བྱེད་པའི་མི་ཞིག་ཡིན་ཞིང་།ལྷག་པར་དུ་པདྨ་ཚེ་བརྟན་གྱི་གློག་བརྙན་ལ་ཐག་ཉེ་སར་བཏུད་ནས་བལྟ་མཁན་ཞིག་ཡིན་ཙ་ན།གློག་བརྙན་འཛད་སྤྱོད་པ་ཞིག་གི་ངོས་ནས་ཁོང་གི་གློག་བརྙན་བརྩམས་ཆོས་དག་ལ་སྤྱི་ཡོངས་ནས་བརྙན་དཔྱད་སྟབས་བདེ་ཞིག་བྱས་ཀྱང་སྐྱོན་ག་ལ་ཡོད།གོང་གི་བརྙན་དཔྱད་ལས་མཐོང་ཐུབ་པ་ལྟར་ངས་དགེན་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་ལ་སྤྱི་ཡོངས་ནས་གདེང་འཇོག་མཐོན་པོ་བྱེད་འདོད།མ་ཟད་ངས་ནམ་ཡང་འདི་ལྟར་སྙམ་བཞིན་ཡོད་དེ།བོད་ཀྱི་ཡུལ་དུ་མ་འོངས་པ་ན་དཔལ་འབྱོར་ཐད་ནས་ཆེས་འབྱོར་ཕྱུག་ལྡན་པའི་མི་སྣ་དེ་ནི་གློག་བརྙན་ལས་རིགས་གཉེར་བའི་མི་ཞིག་ཡིན་པར་མ་འོངས་ལུང་བསྟན་ལྟ་བུ་ཞིག་བྱས་མྱོང་ལ།ཐེངས་ཤིག་པདྨ་ཚེ་བརྟན་གྱི་གློག་བརྙན་བརྩམས་ཆོས་ལག་དམར་གྱི་ཞག་གཅིག་གི་ཡོང་འབབ་དམངས་སྒོར་ཁྲི་600ལ་བསླེབས་འདུག་པའི་གསར་འགྱུར་དེ་མཐོང་འཕྲལ།མ་འོངས་ལུང་བསྟན་ལྟ་བུའི་སྐད་ཆ་དང་བསམ་ཚུལ་དེ་ལ་སྔར་ལས་ཀྱང་གདེང་ཚོད་ཡོད་པར་གྱུར།ཡིན་ན་ཡང་ད་ནི་རང་གི་བརྩམས་ཆོས་ལ་བརྟེན་ནས་ཞག་མ་གཅིག་གི་རིང་ལ་དམངས་སྒོར་ཁྲི་དྲུག་བརྒྱ་ལེན་ཐུབ་པའི་བོད་རིགས་སྒྱུ་རྩལ་པ་ཞིག་འདི་ལྟར་གློ་བུར་དུ་མེད་སོང་བ་རེད།

  ངས་འཚོལ་སྡུད་བྱས་པ་ལ་ནོར་འཛོལ་ཐེབས་མེད་ན།ཁོང་གིས་མི་ཚེ་གང་བོར་ཁྱོན་བསྡོམས་གློག་བརྙན་བརྩམས་ཆོས་14ཙམ་ཕབ་བསྒྱུར་བྱས་པ་ལས།ལྷག་འཕྲོར་གྱུར་བའི་བརྩམས་ཆོས་གསའ་<<雪豹>>དང་རྒྱུས་མངའ་མེད་པའི་མི་<<陌生人>>གཉིས་བླངས་ན།ཁྱོན་བསྡོམས་པའི་དངོས་སུ་ཤར་གཏོང་བྱས་པའི་གློག་བརྙན་བརྩམས་ཆོས་12འདུག་པ་འདྲ་ལ།གློག་བརྙན་དེ་དག་ལ་རྒྱལ་ཕྱི་ནང་གི་བྱ་དགའ་རབས་དང་རིམ་པ་རེག་པས་མི་ཚད།གློག་བརྙན་འཛད་སྤྱོད་པ་དག་གི་ཡིད་དབང་ཅིག་ཅར་དུ་འཕྲོག་ནུས་པའི་བརྩམས་ཆོས་ཀྱང་བྱུང་ཐུབ་ཡོད་པ་འདྲ་བས།གུས་པས་པདྨ་ཚེ་བརྟན་ནི་མི་ནུས་པ་ཅན་ཞིག་དང་མི་ལས་ཆེན་ཞིག་རེད་ཅེས་སྨྲ་སྤོབས་ལ།ཡང་མི་ལས་ངན་ཞིག་ཀྱང་རེད་སྙམ་སྟེ།བོད་ལུགས་ལྟར་ན་དགུང་ལོ་53ནི་ཕོ་ལོ་ལྔ་བཅུར་རྒས་མདངས་མེད་ལ་མོ་ལོ་སུམ་ཅུར་གཞོན་མདངས་མེད་ཅེས་པ་ལྟར།ལོ་ཅུང་ཆུང་བའི་དུས་སུ་འདས་གྲོངས་སུ་ཕྱིན་པ་ནི་དངོས་ནས་ཨ་ཧ་བོ་སྙམ་པ་ཞིག་རེད།

  མཐར་དགེན་པདྨ་ཚེ་བརྟན་གྱི་ནང་མི་ཡོངས་ལ་གདུང་བ་མཉམ་སྐྱེད་བྱས་ཡོད་ལ།བོད་ཀྱི་གློག་བརྙན་དང་རྩོམ་རིག་སྒྱུ་རྩལ་ལ་ལྷག་བསམ་རྣམ་དག་གིས་འབད་པ་ལྷུར་ལེན་བྱེད་བཞིན་པའི་སྒྱུ་རྩལ་པ་ཡོངས་ལ་ཡང་ད་རེས་ཀྱི་ཡིད་སྐྱོ་བའི་གནས་བབ་འདི་དང་འགྲོགས་ཏེ་འཚམས་འདྲིའི་རེ་བ་ཞིག་ཀྱང་ཡོད།ང་ཚོས་སྒྱུ་རྩལ་པ་པདྨ་ཚེ་བརྟན་ཁོང་ལ་མྱ་ངན་ལོས་ཞུ་སྟེ་མྱ་ངན་ཞུ་དགོས་ལ།ལྷག་ཏུ་ནས་ཀྱང་ཁོང་གི་རྩོམ་རིག་དང་གློག་བརྙན་བརྩམས་ཆོས་དག་ལ་དོ་སྣང་ཡོད་དགོས་པར་ཞུ།དོ་སྣང་ཡོད་པས་མི་ཚད་ང་ཚོ་རང་ངོས་ནས་ཀྱང་ལག་ལེན་དངོས་ཀྱི་སྟེང་ནས་རྩོམ་རིག་དང་གློག་བརྙན་སྒྱུ་རྩལ་གྱི་ལམ་བུ་དེའི་སྣེ་མོ་ལ་མུ་མཐུད་ནས་འཇུ་བར་བྱེད་དགོས་པའི་རེ་བ་ཡོད།སྤྱིར་ན་བོད་མི་སྤྱི་ཡོངས་ཀྱི་རིག་གནས་ཆུ་ཚད་དམའ་དྲག་སྟབས།རྩོམ་རིག་དང་གློག་བརྙན་སྒྱུ་རྩལ་ཟེར་ན་ཁོ་ཚོ་དང་རིང་དུ་གནས་ཡོད་པ་ལྟ་བུ་ཞིག་ཏུ་སྣང་ཡང་།ནམ་ཞིག་བོད་ཀྱི་མི་རབས་རྗེས་མ་དག་ནི་སྒྱུ་རྩལ་བརྩམས་ཆོས་གང་ཞིག་ལ་རྒྱུས་མངའ་ཨེན་ཙམ་ཡང་མེད་པའི་བོད་མི་ཏག་ཏག་མིན་པ་ང་ལ་ཡིད་ཆེས་ཡོད་ཙ་ན།མི་རབས་ཕྱི་མའི་སྒྱུ་རྩལ་གྱི་ཞིང་ས་དང་བསམ་པའི་དཔལ་ཡོན་གྱི་ཆེད་དུ།ཁྱེད་རྩོམ་པ་པོ་དང་གློག་བརྙན་སྒྱུ་རྩལ་པ་རྣལ་མ་དག་གིས་མུ་མཐུད་ནས་སྒྱུ་རྩལ་གྱི་ལམ་ཁ་དེ་རུ་སྤོབས་པ་དང་བཅས་ཏེ་བགྲོད་པའི་རེ་བ་ཡོད།འདི་ནི་པདྨ་ཚེ་བརྟན་ལྟ་བུའི་སྒྱུ་རྩལ་པ་རྣལ་མ་དག་ལ་རྗེས་སུ་ཡི་རངས་བྱེད་སྟངས་ཤིག་ཀྱང་གང་ནས་མིན་སྙམ།།

                 ཞེས་སྤྱི་ལོ་2023ལོའི་སྤྱི་ཟླ་5པའི་ཚེས་10ནས་12བར།གུས་མིང་བ་གཟུངས་འདུས་སྐྱབས་ནས་དགེན་པདྨ་ཚེ་བརྟན་གྱི་གྲོངས་རྐྱེན་ལ་དམིགས་ཏེ་བྲིས་པ་དགེའོ།།

  རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ང་ནི་པདྨ་ཚེ་བརྟན་ལ་རྒྱང་བལྟ་བྱེད་མཁན་ཞིག་ཡིན།

2024-06-10 གཟུངས་བྷ།(རྨ་ལྷོ་སོག་རྫོང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།