ངའི་མཐོང་སྣང་གི་འཇིག་རྟེན།

ཨེལ་བྷརཊཨེནས་ཊན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-08

 ང་ཚོ་ཚང་མ་མི་རྟག་པ་ཡིན་པ་ནི་ཅི་འདྲའི་ཁྱད་མཚར་བ་ཞིག་རེད་ཨང༌། ང་ཚོ་ཚང་མ་འདི་གར་འགྲུལ་མཚམས་ཞག་སྡོད་ཙམ་ལ་འཚོ་ཞིང༌། སྐབས་
རེར་ཁོས་དེ་ཉིད་ཚོར་འཞིན་ཡོད་བསམ་ཀྱང༌། དགོས་པ་ཅི་ཞིག་གི་ཆེད་དུ་ཁོས་དེ་ཉིད་མ་རྟོགས་པ་ཡིན་ནམ། འོན་ཀྱང༌། རྟོགས་ཞིབ་ཞིབ་མོ་བྱ་མི་
དགོས་པར་མི་ཞིག་གིས་ཉིན་རེའི་འཚོ་བའི་ཁྲོད་ནས་ཀྱང་རང་ཉིད་གཞན་གྱི་ཆེད་དུ་འཚོ་བཞིན་པ་རྟོགས་ཐུབ། ཐོག་མ་དེར་སུ་ཞིག་གི་འཛུམས་
མདངས་དང་རླུང་རྟའི་ཐོག་ལ་ང་ཚོའི་སྤྲོ་སྣང་འདི་ཁྱོན་ཡོངས་ནས་བརྟེན་པ་དང༌། དེ་ནས་ང་ཚོས་ངོ་མི་ཤེས་པའི་གཞན་དག་གྲངས་ལས་འདས་པ་དེ་
དག་གི་ལས་དབང་ལ་ང་ཚོའི་གདུང་སེམས་མཉམ་སྐྱེད་ཀྱི་སྒྲོག་གུས་འཆིང་ནས་ཡོད་པ་རེད། བདག་གི་འཚོ་བའི་ཕྱི་ནང་གཉིས་ཀྱི་སྟེང་ནས་འདས་ཟིན་
པ་དང་འཚོ་གནས་བྱེད་བཞིན་པའི་ངལ་རྩོལ་བ་གཞན་དག་མང་པོ་ཞིག་གི་རྩོལ་བར་བརྟེན་བཞིན་ཡོད་པས། འདི་ལྟར་ངས་རང་ཉིད་ལ་འབྱོར་ཟིན་པ་
དང་འབྱོར་བཞིན་པའི་གཞན་གྱི་རྩོལ་བ་དང་དོད་མཚུངས་པའི་ལེགས་སྐྱེས་ཤིག་ཕར་ཕུལ་ཐུབ་པར་ནམ་ཡང་འབད་བརྩོན་བྱེད་དགོས་ཞེས་ཉིན་རེར་
ལན་གྲངས་བརྒྱ་ཕྲག་ཙམ་རང་ཉིད་ལ་དྲན་སྐུལ་བྱེད་བཞིན་ཡོད།
    ངས་སོས་དལ་དང་སྤྲོ་སྐྱིད་གཉིས་ནམ་ཡང་མི་ཚེའི་དམིགས་ཡུལ་ལ་འཛིན་མ་མྱོང་བ་མ་ཟད། དེ་གཉིས་ནི་ཕག་ཚང་གི་དཔེར་མཚོན་རྨ་མེད་པ་ཅིག་
ཏུ་ངོས་འཛིན་བཞིན་ཡོད། ངའི་མི་ཚེ་འདིར་འོད་སྣང་སྦྱིན་མཁན་དང་དུས་དང་དུས་སུ་བདག་ལ་མི་ཚེ་སྤྲོ་སྣང་ལྡན་པའི་སྒོ་ནས་སྐྱེལ་བར་ནུས་ཤུགས་
རྩོལ་མཁན་ནི་རྨད་དུ་བྱུང་བའི་བྱམས་བརྩེ་དང༌། མཛེས་སྡུག བདེན་པ་བཅས་ཡིན། བློ་མཐུན་པའི་མི་ལ་སྤུན་ཉེའི་འདུ་ཤེས་མེད་པ་དང༌། ཕྱིའི་འཇིག་
རྟེན་ལ་བདག་འཛིན་གྱི་བསམ་པ་མེད་པར། མཐའ་ཟིན་དུ་མེད་པའི་སྒྱུ་རྩལ་དང་ཚན་རིག་གི་ཤེས་བྱར་བརྩོན་པ་མེད་ན། ང་ལ་མཚོན་ན་མི་ཚེ་ནི་སྟོང་
ལྷང་ངེ་བ་ཞིག་ལས་མ་འདས་ལ། འགྲོ་བ་མིའི་འབད་རྩོལ་གྱི་དཀྱུས་མའི་དམིགས་ཡུལ་སྟེ། རྒྱུ་འབྱོར་བ་དང༌། ཕྱི་ཚུལ་གྱི་ལེགས་གྲུབ། རྒྱས་སྤྲོས་བཅས་ནི་
ང་ལ་མཚོན་ན་ནམ་ཡང་ཁྱད་གསོད་བྱ་ཡུལ་ཞིག་ལས་མ་འདས།
   སྤྱི་ཚོགས་ཀྱི་དྲང་བདེན་དང་འོས་འགན་ཕྱོགས་སུ་བདག་གི་སེམས་ཚོར་འདི་ངའི་ཡོངས་གྲགས་ཀྱི་ཞན་ཆ་སྟེ། འགྲོ་བ་མི་གཞན་དང་མིའི་སྤྱི་ཚོགས་
འདིར་ཐད་ཀར་འབྲེལ་བ་བྱེད་པའི་དགོས་པ་འདི་དང་ནམ་ཡང་ཡ་མེད་ངང་མཚུངས་བསྡུར་བྱེད་བཞིན་མཆིས། དོན་གྱིས་ཀྱང་ང་ནི་ཁེར་རྐྱང་གི་
འགྲུལ་བཞུད་པ་ཞིག་སྟེ། རང་ཉིད་ཀྱི་རྒྱལ་ཁབ་དང༌། ཁྱིམ་ཚང༌། གྲོགས་པོ། ཐ་ན་སྐབས་ཐོག་འདིའི་བཟའ་ཟླ་བཅས་སུ་ལའང་མ་བདག་པ་ཞིག་ཡིན་
པས། འཆིང་ཞགས་འདི་དག་ཡོད་ཚད་ཀྱི་ངོ་གདོང་ནས་ངས་རྒྱང་ཐག་གི་ཚོར་སྣང་ཞིག་དང་དབེན་གནས་ཀྱི་ཡོན་ཏན་འདི་ནམ་ཡང་བོར་མ་མྱོང༌།
བདག་གི་རྨད་དུ་བྱུང་བའི་ཆབ་སྲིད་ནི་དམངས་གཙོ་ཡིན། མི་སུར་ཡང་འདྲ་སྐུར་མཆོད་པ་བཞིན་མི་བྱེད་པར་ཐམས་ཅད་ལ་མི་སྒེར་ཞིག་དང་འདྲ་བར་
གཅིག་མཚུངས་སུ་བརྩི་བཀུར་འཐོབ་པ་བྱེད་དགོས།  ང་རང་ཉིད་ཀྱི་ཕྱོགས་ནས་ནོངས་འགྱོད་དང་སྙིང་རྗེ་སྤུ་ཙམ་མེད་པར།  རང་ཉིད་ཀྱི་རྗེས་་འཇུག་
ཚོའི་ཕྱོགས་ནས་ཚད་མེད་པའི་ཡི་རངས་དང་གུས་བཀུར་འཐོབ་པར་བརྩོན་པ་ནི་ལས་འབྲས་དང་གོ་ལྡོག་པ་ཞིག་ལས་མ་འདས།
    བདག་གི་དབང་ཤེས་རྟུལ་པོ་འདིས་བར་མེད་དུ་རྩོལ་སྒྲུབ་ཀྱིས་འཐོབ་པའི་རིག་པ་སྟེ།  མི་མང་པོ་ཞིག་ལ་འཐོབ་ཐབས་མེད་པ་འདིས་རྟོགས་པ་ལྟར་
ན་དེའི་རྒྱུ་རྐྱེན་ནི་སྲིད་ཞེན་རེད།  ཚོགས་པ་གང་འདྲ་ཞིག་ལ་མཚོན་ན་ཡང་དེས་རང་ཉིད་ཀྱི་དམིགས་འབེན་དུ་འབྱོར་བ་ལ་ངེས་པར་ཏུ་མི་གཅིག་གིས་
དེའི་སྤྱི་ཡོངས་ཀྱི་འགན་འཁུར་ནས་བསམ་གཞིགས་དང་ལམ་སྟོན་བྱེད་དགོས་པའི་གནས་ལུགས་དེ་བདག་གིས་ཅུང་ཟད་རྟོགས་ཡོད།  འོན་ཀྱང༌།  དེ་
ཉིད་བཙན་ཤུགས་ཀྱིས་དབང་སྒྱུར་བྱེད་མི་ཆོག་པར་མ་ཟད།  ཁོང་ཚོར་རང་ཉིད་ཀྱི་འགོ་ཁྲིད་གདམ་ཀ་བྱེད་རྒྱུའི་དབང་ཆ་ཡོད་དགོས།  བདག་གི་
བསམ་པར་མི་གཅིག་གིས་དབང་སྒྱུར་བྱེད་པའི་ལམ་ལུགས་འདིའི་བཙན་ཤུགས་མགྱོགས་མྱུར་རྒུད་ངེས་ཡིན་ལ།  བཙན་ཤུགས་ཀྱིས་ཚུལ་ཁྲིམས་ཞན་
པའི་མི་ཙམ་འགུག་ཐུབ།  ང་ལ་མཚོན་ན་མིའི་འཚོ་བའི་ནང་གི་ངོ་མཚར་ཆེ་བའི་ལྟད་མོའི་ཁྲོད་ཀྱི་ཆེས་རིན་ཐང་ལྡན་པ་དེ་ཆབ་སྲིད་ཀྱི་གནས་བབ་མ་
ཡིན་པར།  སྒྱུ་རྩལ་དང༌།  སྐྱེས་བུ་སྒེར།  མི་གཤིས་བཅས་རེད།  དེས་ཀྱང་ཁེར་རྐྱང་དུ་ཡང་དག་པ་དང་བླ་ན་མེད་པ་ཞིག་བསྐྲུན་ཐུབ་པ་ལས་མི་ཚོགས་
ནི་ནམ་ཡང་བསམ་བློ་མག་མོག་ཅིག་དང་སེམས་ཚོར་མག་མོག་ཅིག་ཏུ་ལྷག་པ་ལྟར་རོ། བརྗོད་གཞི་འདིས་ང་རང་སྔ་ས་ནས་ཞེན་པ་ལོག་ཟིན་པའི་ཆེས་
མི་སྡུག་པའི་ཚོགས་འདུས་ཀྱི་འཚོ་བ་དང༌། དམག་དཔུང་གི་སྒྲིག་འཛུགས་བཅས་ཀྱི་མངོན་སར་འཁྲིད་སོང༌། ནད་ཡམས་ལྟ་བའི་དཔལ་ཡོན་འདི་ངེས་
པར་དུ་གང་མྱུར་ཅི་མགྱོགས་སྒོས་རྩ་མེད་གཏོང་དགོས། རྒྱལ་ཞེན་གྱི་མིང་ཐོག་ནས་ཡོང་བཞིན་པའི་དམག་དཔུང་གི་དཔའ་བོ་དང༌། སེམས་ཚོར་མེད་
པའི་དྲག་སྤྱོད། ད་དུང་སྐྱུག་བྲོ་བའི་གནད་དོན་མང་པོ་ཞིག་ལ་ང་སེམས་གཏིང་ནས་ཇི་འདྲས་ཞེན་པ་ལོག་མྱོང་ཨང༌།
     ང་ཚོས་ཉམས་སུ་མྱོང་ཐུབ་པའི་ཆེས་མཛེས་སྡུག་ལྡན་པའི་མྱོང་བ་ནི་ལྐོག་གྱུར་ཡིན། དེ་ནི་སྒྱུ་རྩལ་དངོས་དང་ཚན་རིག་དངོས་ཀྱི་སྐྱེ་སར་ལངས་པའི་
གཞི་རྩའི་སེམས་བྱུང་དེ་ཡིན། སུ་ཞིག་གིས་གནས་ལུགས་དེ་ཉིད་རྟོགས་མ་ཐུབ་པ་དང༌། དེར་ཡ་མཚན་སྐྱེ་མ་ཐུབ་པའམ། དེར་ཡ་མཚན་མི་འཛིན་པ་ཚོ་
ནི་ཤི་ཟིན་པ་ལྟར་ལེགས་ཤིང༌། ཁོའི་མིག་ཤེས་རབ་རིབ་ཏུ་གྱུར་ཡོད་ངེས། ཆོས་ལུགས་ཀྱི་བསམ་བློ་དེ་འཇིགས་སྣང་དང་འདྲེས་ནས་ཡོད་ཀྱང་དེ་ཉིད་
སྐྱེད་མཁན་ནི་ལྐོག་གྱུར་གྱི་ཉམས་མྱོང་དེ་ཡིན། ཅི་ཞིག་གི་དངོས་ཡོད་ཀྱི་གོ་རྟོགས་དེ་ང་ཚོས་ཐད་ཀར་རྟོགས་མི་ཐུབ་པ་དང༌། ང་ཚོའི་ཆེས་ཟབ་པའི་རྒྱུ་
མཚན་མཚན་གྱི་གོ་རྟོགས་དང༌། ཆེས་རྣམ་པར་བཀྲ་བའི་མཛེས་སྡུག་བཅས་ཀྱི་ཆེས་གདོད་མའི་རྣམ་པ་དག་ནི་ང་ཚོའི་བློ་ངོར་འཆར་རུང་ཡིན་ཏེ། ང་
ཚོའི་དོན་དམ་པའི་ཆོས་སེམས་འདི་ཉིད་བསྐྲུན་མཁན་གོ་རྟོགས་འདི་དང་སེམས་ཚོར་འདི་ཉིད་ཡིན་ནོ། གོ་དོན་འདི་ཉིད་གཅིག་པུའི་སྟེང་ནས་བཤད་
ན། ང་ནི་སེམས་གཏིང་ནས་ཆོས་ལུགས་ལ་དད་མཁན་ཞིག་ཡིན། ང་ནི་མཐའ་མེད་པའི་འཚོ་བའི་ལྐོག་གྱུར་དང༌། གོ་རྟོགས། ཚོར་ཤེས་བཅས་ཀྱི་འཚོ་
གནས་ཀྱི་རྣམ་པའི་མཚར་སྣང་བཅས་ལ་ཡིད་སེམས་གཏིང་ནས་ཚིམས་ཤིང༌། དེ་བཞིན་རང་བྱུང་གི་ཁྲོད་ནས་རང་ཉིད་མངོན་པར་གསལ་བའི་རྒྱུ་མཚན་
གྱི་ཆ་ཤས་ཆུང་ཆུང་ཙམ་ཞིག་རྟོགས་པར་ཡང་མངོན་ཆུང་གིས་བརྩོན་བཞིན་མཆིས།། །།
                                (སྒོ་དམར་སངས་རྒྱས་བཀྲ་ཤིས་ཀྱིས་དབྱིན་ཡིག་ནས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ངའི་མཐོང་སྣང་གི་འཇིག་རྟེན།

2008-11-08 ཨེལ་བྷརཊཨེནས་ཊན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།