སྒོ་ཐེམ།

ཐུའུ་ཁུ་ཉེ་ཧྥུ།(ཨུ་རུ་སུ) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-08

          ངས་བརྗིད་ཆགས་ཀྱི་ཁང་བརྩེགས་མཐོན་པོ་ཞིག་མཐོང་བྱུང༌། དེའི་མདུན་ཕྱོགས་ཀྱི་སྒོ་དོག་པོ་དེ་ནི་ཆེས་ཆེར་ཕྱེས་ཡོད། སྒོའི་ནང་རོལ་ནི་
གནག་ཅིང་མུན་པ་ཡིན་ལ། སྒོ་ཐེམ་མཐོན་པོའི་མདུན་ན་གཞོན་ནུ་མ་ཞིག་ཀྲོང་ངེར་ལངས་འདུག དེ་ནི་ཨུ་རུ་སིའི་གཞོན་ནུ་མ་ཞིག་རེད།
  ཅི་ཡང་མི་མཐོའ་བའི་མུན་སྟུག་གི་ཁོད་ན་གྲང་རླུང་ཞིག་རྒྱུ་བཞིན་ཡོད་ལ། གྲང་རླུང་དེ་དང་འགྲོགས་ཏེ་ཁང་བརྩེགས་དེའི་ཕུགས་ནས་དལ་ཞིང་
འགག་པའི་སྐད་སྒྲ་ཞིག་ཀྱང་བསྒྲགས་འོངས།
  “ཨ། ཁྱོད་སྒོ་ཐེམ་འདིའི་ནང་ལ་འོངས་ནས་ཅིབྱེད་བསམ་པ་ཡིན། ནང་ན་ཅི་ཞིག་གིས་སྒུག་ཡོད་པ་ནི་ཁྱོད་ཀྱིས་ཨེ་ཤེས།”
  “ངས་ཤེས་ཡོད”ཅེས་གཞོན་ནུ་མ་དེས་དེ་ལྟར་ལན་བཏབ།
  “གྲང་ངར་དང་བཀྲེས་ལྟོགས། ཁོང་ཁྲོ། འཕྱ་དམོད། མཐོང་ཆུང༌། བརྙས་བཅོས། བཙོན་ཁང༌། ན་ཚ་སོགས་ཡིན་ལ། ཐ་ན་འཆི་བའི་ལས་ལའང་
སྦྱོར་སྲིད། ”
  “ངས་ཤེས་ཡོད། ”
  “མི་དང་བྲལ་ནས་གྲོགས་མེད་ཁེར་རྐྱང་དུ་སྡོད་དགོས་པ་ཨེ་ཤེས། ”
  “ངས་ཤེས་ཡོད། ངས་གྲ་སྒྲིག་བྱས་ཟིན་པ་ཡིན། ངས་དཀའ་སྡུག་དང་རྡུང་རྡེག་ཡོད་ཚད་བཟོད་བསྲན་བྱེད་པར་འདོད། ……”
  “ཁྱོད་ཀྱི་དགྲ་བོ་མ་ཟད་ཁྱོད་ཀྱི་ཤ་ཉེ་དང༌།ཁྱོད་ཀྱི་གྲོགས་པ་སོགས་ཀྱིས་ཀྱང་ཁྱོད་ལ་འདི་ལྟའི་དཀའ་སྡུག་དང་རྡུང་རྡེག་བྱེད་ངེས། ”
             ……
  “རེད་ལགས……ཁོ་ཚོས་ང་ལ་དེ་འདྲ་བྱས་ནའང༌། ངས་ཀྱང་བཟོད་བསྲན་བྱེད་ངེས་ཡིན།”
  “བཟང་གི། ཁྱོད་ཀྱིས་རང་སྲོག་གཏོང་བར་གྲ་སྒྲིག་བྱས་ཡོད་དམ། ”
  “ཡོད་ལགས། ”
  “འདི་ནི་སྙན་གྲགས་ཅི་ཡང་མེད་པར་ཚེ་སྲོག་གཏོང་བ་ཁོ་ན་ཡིན་པས། ཁྱོད་དོན་མེད་དུ་བརླགས་པ་ལས་ཐ་ན་སུས་ཀྱང……སུས་ཀྱང་མི་
ཤེས། དེ་བས་ན་ཁྱོད་ལ་གུས་བཀུར་རྗེས་དྲན་བྱེད་མཁན་ཡང་མེད། ”
  “ང་ལ་གཞན་གྱིས་བཀའ་དྲིན་ཞུ་བ་དང་སྙིང་རྗེ་སྒོམ་མི་དགོས་ལ། སྙན་གྲགས་ཀྱང་དགོས་དོན་མེད། ”
  “འོ་ན། ཁྱོད་ཀྱིས་ཁྲིམས་འགལ་གྱི་བྱ་བ་བསྒྲུབ་རྒྱུའང་གྲ་སྒྲིག་བྱས་ཡོད་དམ། ”
    གཞོན་ནུ་མ་དེའི་མགོ་བོ་སྨད་སོང༌།
  “ངས་ཁྲིམས་འགལ་གྱི་བྱ་བ་བསྒྲུབ་རྒྱུ་གྲ་སྒྲིག་བྱས་ཡོད། ”
     ནང་གི་སྐད་སྒྲ་དེ་རེ་ཞིག་མཚམས་བཞག་སོང༌། ཡུད་ཙམ་འགོར་རྗེས་ཡང་སྐད་ཆ་འདི་འདྲ་ཞིག་བཤད་བྱུང༌།
  “མ་འོངས་པ་ན་ཁྱོད་ཀྱིས་ད་ལྟའི་རྦད་སེམས་བཅངས་པ་འདི་ཁས་མི་ལེན་ཞིང༌། ཁྱོད་ཀྱིས་རང་ཉིད་ཀྱི་ལང་ཚོ་དང་ལྡན་པའི་ཚེ་སྲོག་དེ་རང་
དགར་ཆུད་ཟོས་སུ་བཏང་བ་རེད་ཅེས་སྙམ་པ་ཡིན། ”
  “གནས་ཚུལ་དེ་ངས་ཀྱང་ཤེས་ཡོད་མོད།འོན་ཀྱང་ངའི་རེ་འདུན་ནི་ཁྱོད་ཀྱིས་ང་ནང་དུ་གཏོང་བ་དེ་ཡིན། ”
  “ནང་དུ་ཤོག”
    གཞོན་ནུ་མ་དེ་སྒོ་ཐེམ་ལས་ནང་དུ་བརྒལ་མ་ཐག སྒོ་ཡོལ་མཐུག་པོ་ཞིག་གིས་སྒོ་བཅད་བྱུང༌།
    མི་ཞིག་གིས་རྒྱབ་ཕྱོགས་ནས“གླེན་མ”ཞེས་འཕྱ་དམོད་བྱས།
  “འཕགས་པ་ཞིག་ལས་མི་ཕལ་བ་ཞིག་མ་རེད”ཅེས་གར་འོངས་མི་ཤེས་པར་ལན་འདི་འདྲ་ཞིག་ཀྱང་བཏབ་བྱུང༌།
                                                                  (བཀྲ་རྒྱལ་གྱིས་བསྒྱུར)
 
རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྒོ་ཐེམ།

2008-11-08 ཐུའུ་ཁུ་ཉེ་ཧྥུ།(ཨུ་རུ་སུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།