དམག་འཁྲུག་དང་མི་རིགས་ཉམ་ཆུང་།

ཇིས་ཕོ་ལོན།(ལིས་ཕ་ནུན) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-11-08

    རྩྭ་ཐང་དུ་ལུ་གུ་དང་མ་མོ་གཉིས་ཀྱིས་རྩྭ་ཆུའི་བཅུད་ལ་རོལ་སྐབས། མཐོ་བའི་དབྱིངས་སུ་བྱ་གླག་ཅིག་གིས་ལྡིང་སྐོར་རྒྱག་བཞིན་བརྐམ་ཆགས་ཀྱི་
མིག་མདའ་ལུ་གུའི་འབེན་ལས་མ་བྲལ། ཁོ་ཐུར་དུ་གཞོལ་ནས་ཟས་ཐུན་དེ་རོལ་བའི་སྟ་གོན་ལ་འཇུག་པར་ཉེ་དུས་བྱ་གླག་གཞན་ཞིག་འཕུར་ཡོང་ལ་
ཁོས་ཀྱང་མ་མོ་མ་བུ་གཉིས་ཀྱི་ཀླད་ནས་གཤོག་པ་བསྒྱུར་ཅིང་སེམས་ལ་ཡང་ཧམ་པའི་མེ་ལྕེ་མཆེད། དེ་ནས་བྱ་གླག་གཉིས་ཀྱིས་དགུང་ནས་སྐྱི་གཡའ་
བའི་འཛིང་མོ་བཀྱེས་ཤིང་གློ་སྙིང་ཟུག་པར་བྱེད་པའི་གྲགས་སྐད་དབྱིངས་རིམ་ནས་བྲག་ཅར་མཆེད།
     མ་མོས་གནམ་ལ་བལྟས་ཤིང་ཡ་ཆུང་ཐེ་ཚོམ་གྱིས་བཅིངས་ནས་ལུ་གུར"ཨ་ཡ་མཚར། ཨ་མའི་ལོ་ལོ། ཁྱོད་ཀྱིས་ལྟོས་དང༌། རིགས་རུས་མཐོ་བའི་
གླག་རྒོད་དེ་གཉིས་ནང་དམེ་ལ་བྲེལ་འདུག ཁོད་ཡངས་པའི་ནམ་མཁའ་ན་ཁོ་གཉིས་ཀྱི་གཤོག་ཟུང་སྒྱུར་ཡུལ་མེད་སོང་བ་ཡིན་སྲིད་དམ། དཀོན་
མཆོག་མཁྱེན། གཅེས་ཕྲུག་ཁྱོད་ཀྱིས་གཤོག་པ་ཐོགས་པའི་གྲོགས་པོ་ཁོ་གཉིས་ལ་ཞི་བདེའི་སྣང་བ་ཞིག་སྩོལ་ཕྱིར་ལྷ་ལ་གསོལ་བ་འདེབས་རོགས"
ཞེས་བཤད།
      དེ་མ་ཐག་ལུ་གུས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་མགོ་བརྩམས། 
                                                    (གཡག་བུ་དཔལ་རྩལ་གྱིས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམག་འཁྲུག་དང་མི་རིགས་ཉམ་ཆུང་།

2008-11-08 ཇིས་ཕོ་ལོན།(ལིས་ཕ་ནུན) ཀློག་གྲངས། མཆན ཡོད།

    རྩྭ་ཐང་དུ་ལུ་གུ་དང་མ་མོ་གཉིས་ཀྱིས་རྩྭ་ཆུའི་བཅུད་ལ་རོལ་སྐབས། མཐོ་བའི་དབྱིངས་སུ་བྱ་གླག་ཅིག་གིས་ལྡིང་སྐོར་རྒྱག་བཞིན་བརྐམ་ཆགས་ཀྱི་
མིག་མདའ་ལུ་གུའི་འབེན་ལས་མ་བྲལ། ཁོ་ཐུར་དུ་གཞོལ་ནས་ཟས་ཐུན་དེ་རོལ་བའི་སྟ་གོན་ལ་འཇུག་པར་ཉེ་དུས་བྱ་གླག་གཞན་ཞིག་འཕུར་ཡོང་ལ་
ཁོས་ཀྱང་མ་མོ་མ་བུ་གཉིས་ཀྱི་ཀླད་ནས་གཤོག་པ་བསྒྱུར་ཅིང་སེམས་ལ་ཡང་ཧམ་པའི་མེ་ལྕེ་མཆེད། དེ་ནས་བྱ་གླག་གཉིས་ཀྱིས་དགུང་ནས་སྐྱི་གཡའ་
བའི་འཛིང་མོ་བཀྱེས་ཤིང་གློ་སྙིང་ཟུག་པར་བྱེད་པའི་གྲགས་སྐད་དབྱིངས་རིམ་ནས་བྲག་ཅར་མཆེད།
     མ་མོས་གནམ་ལ་བལྟས་ཤིང་ཡ་ཆུང་ཐེ་ཚོམ་གྱིས་བཅིངས་ནས་ལུ་གུར"ཨ་ཡ་མཚར། ཨ་མའི་ལོ་ལོ། ཁྱོད་ཀྱིས་ལྟོས་དང༌། རིགས་རུས་མཐོ་བའི་
གླག་རྒོད་དེ་གཉིས་ནང་དམེ་ལ་བྲེལ་འདུག ཁོད་ཡངས་པའི་ནམ་མཁའ་ན་ཁོ་གཉིས་ཀྱི་གཤོག་ཟུང་སྒྱུར་ཡུལ་མེད་སོང་བ་ཡིན་སྲིད་དམ། དཀོན་
མཆོག་མཁྱེན། གཅེས་ཕྲུག་ཁྱོད་ཀྱིས་གཤོག་པ་ཐོགས་པའི་གྲོགས་པོ་ཁོ་གཉིས་ལ་ཞི་བདེའི་སྣང་བ་ཞིག་སྩོལ་ཕྱིར་ལྷ་ལ་གསོལ་བ་འདེབས་རོགས"
ཞེས་བཤད།
      དེ་མ་ཐག་ལུ་གུས་སྙིང་ཁོང་རུས་པའི་གཏིང་ནས་གསོལ་བ་འདེབས་མགོ་བརྩམས། 
                                                    (གཡག་བུ་དཔལ་རྩལ་གྱིས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།