སྤྱང་རྗེས། མི་རྗེས། རྟའི་རྨིག་རྗེས།

རྟ་མགྲིན་མགོན་པོ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2008-10-30

གཅོང་རོང་མཐིལ་ན་འབབ་པའི་དལ་འགྲོ་མ། །
སྨུག་པ་སྟུག་པོས་མནན་པས་འཁུན་སྒྲ་འབྱིན། །
ང་ཡི་རྗེས་སུ་འགྲེང་བའི་རྟ་ཕོ་ནི། །
གློ་བུར་མ་བདེ་སྣ་ཕུ་སྒྲ་འཚུབ་ཅིང༌། །
མགོ་བོ་ཀྲོག་ཀྲོག་རྔ་རྔོག་རབ་སྤྲུགས་ཏེ། །
ཡོབ་ཀྱིས་ལྕགས་ལ་རྡེག་པའི་ཏིང་སྒྲ་ཡིས། །
འབབ་ལྡན་མ་ཡི་ལན་ལ་མྱ་ངན་བྱིན། །

བདག་གིས་སྙིང་གཅུགས་གྲོགས་དེར་ཕྱི་མིག་གིས། །
བལྟས་ཚེ་དེ་ནི་མཐོང་བྱར་མི་འགྱུར་ཅི། །
སྲབ་ཀྱི་སྣེ་གཅིག་ལག་པས་དམ་བཟུང་ཡང༌། །
ཅིག་ཤོས་སྨུག་པའི་ནང་དུ་ཡལ་བར་གྱུར། །
རེས་འགར་ཐག་སྣེ་གཡོ་བའི་ངང་ཚུལ་ལས། །
གཞི་ནས་ངེད་གཉིས་ཁ་བྲལ་མེད་པ་ཤེས། །

རྟ་ཕོ་སླར་ཡང་འགྲེང་ཞིང་རྔོག་སྤྲུགས་པས། །
བདག་བློ་མ་བདེ་ཕྱོགས་བཞིར་རིག་རིག་ཏུ། །
མིག་ཕུར་ཚུགས་ཀྱིས་བཙལ་ཅིང་བལྟས་པ་ན། །
ཀྱེ་མ་ཀྱག་ཀྱོག་ལམ་ཕྲན་འདི་ཉིད་དུ། །
འདམ་གྱི་ལྟེང་ཀ་མེ་ལོང་བཞིན་བཀྲ་ཞིང༌། །
མི་སྡུག་མེ་ཏོག་ཚར་དུ་དངར་བ་མཐོང༌། །
དེའི་ཚེ་རྟ་ཕོས་ཐ་ཚིག་འདི་ལྟར་སྒྲོག །
ཁྱོད་ཀྱིས་སྤྱང་རྗེས་བསྙེགས་ཏེ་སྐྱོད་འདི་ཅི། །

རང་མཐོང་ཨུ་ཚུགས་སྟོབས་ཀྱིས་དྲེགས་པའི་ཕྱིར། །
མདང་གི་བདག་པོའི་སྐྱེལ་མ་ཁྱོད་ཀྱིས་བཀག །
ཀྱི་ཧུད་འདག་བྱེད་དྲི་ཡིས་ཡོངས་ཁྱབ་ཅིང༌། །
རྐེད་འཆིང་དམར་པོས་དཀྲི་ལ་གོམས་མིན་ཁྱོད། །
ལམ་བར་ཁ་ནས་མ་ཎི་འདོན་པ་བཞིན། །
ཐན་ཐུན་བཟློ་བའི་སྒྲ་མཚམས་མ་ཆད་ཀྱང༌། །
བྱིན་ནུས་མ་ཐོན་རི་སྤྱང་ཉིད་ལ་ཐུག །

གདོང་ཡོངས་སྤུ་ཡིས་ཁེངས་པའི་ཞབས་འབྲིང་ཁྱོད། །
ཁམས་འདིའི་སྐྱེ་དགུའི་རིན་ཐང་ཤར་བ་དང༌། །
འབྲོག་པས་སླར་ཡང་རྔོན་མདའ་འཆང་བ་དང༌། །
རྔུལ་གྱི་ཐིགས་པར་དོན་སྙིང་ལྡན་པའམ། །
དཀར་གསལ་ཟླ་གཞོན་སྨག་དང་བྲལ་བའི་མོད། །
སྤྱང་ཀིས་མཆེ་བ་གཙིགས་ལ་སྐྲག་དགོས་མེད། །

འདག་ཆལ་དྲི་ཡིས་ཁེངས་པའི་མགྲོན་པོ་ཡིས། །
འབྲོག་པའི་རུ་ལ་བདེ་འཇགས་སྣོན་པ་ལས། །
འཇིགས་དང་དངངས་པའི་སྡུག་བསྔལ་ག་ལ་སྟེར། །
དཔེ་གླེགས་ཀྱིས་ནི་དཔྱིད་དཔལ་ཁུག་པར་འགྱུར། །
འགྲོ་བའི་མིག་ཟུང་སྔར་ལས་གསལ་བར་འགྱུར། །
སྔོན་བྱོན་མཁས་པའི་གསེར་ཞལ་མཐོང་བར་འགྱུར། །
རྒྱུ་མཚན་དེའི་ཕྱིར་ང་ཡིས་ཡང་དང་ཡང༌། །
སྤྱང་མི་རྟ་ཡི་རྗེས་ཤུལ་འཚོལ་བར་རིངས། །

ཉག་ཁ་བརྒལ་བས་དཀར་པོའི་སྨུག་ལས་ཐར། །
བསོད་ཟད་དེ་ནི་ཕ་གིར་རྐེད་སྒྱིང་གིས། །
བཀྲེས་པའི་གླལ་བ་བྱེད་བཞིན་འགྲོ་ཚུལ་ལས། །
སླད་མར་རྔོན་མདའི་ཁ་ནས་འབྲོས་ཐར་གྱི། །
གླགས་ཤིག་འཚོལ་ལས་ཐབས་གཞན་དབེན་པ་མཐོང༌། །
        (སངས་རྒྱས་ཀྱིས་བསྒྱུར)
 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྤྱང་རྗེས། མི་རྗེས། རྟའི་རྨིག་རྗེས།

2008-10-30 རྟ་མགྲིན་མགོན་པོ། ཀློག་གྲངས། མཆན ཡོད།

གཅོང་རོང་མཐིལ་ན་འབབ་པའི་དལ་འགྲོ་མ། །
སྨུག་པ་སྟུག་པོས་མནན་པས་འཁུན་སྒྲ་འབྱིན། །
ང་ཡི་རྗེས་སུ་འགྲེང་བའི་རྟ་ཕོ་ནི། །
གློ་བུར་མ་བདེ་སྣ་ཕུ་སྒྲ་འཚུབ་ཅིང༌། །
མགོ་བོ་ཀྲོག་ཀྲོག་རྔ་རྔོག་རབ་སྤྲུགས་ཏེ། །
ཡོབ་ཀྱིས་ལྕགས་ལ་རྡེག་པའི་ཏིང་སྒྲ་ཡིས། །
འབབ་ལྡན་མ་ཡི་ལན་ལ་མྱ་ངན་བྱིན། །

བདག་གིས་སྙིང་གཅུགས་གྲོགས་དེར་ཕྱི་མིག་གིས། །
བལྟས་ཚེ་དེ་ནི་མཐོང་བྱར་མི་འགྱུར་ཅི། །
སྲབ་ཀྱི་སྣེ་གཅིག་ལག་པས་དམ་བཟུང་ཡང༌། །
ཅིག་ཤོས་སྨུག་པའི་ནང་དུ་ཡལ་བར་གྱུར། །
རེས་འགར་ཐག་སྣེ་གཡོ་བའི་ངང་ཚུལ་ལས། །
གཞི་ནས་ངེད་གཉིས་ཁ་བྲལ་མེད་པ་ཤེས། །

རྟ་ཕོ་སླར་ཡང་འགྲེང་ཞིང་རྔོག་སྤྲུགས་པས། །
བདག་བློ་མ་བདེ་ཕྱོགས་བཞིར་རིག་རིག་ཏུ། །
མིག་ཕུར་ཚུགས་ཀྱིས་བཙལ་ཅིང་བལྟས་པ་ན། །
ཀྱེ་མ་ཀྱག་ཀྱོག་ལམ་ཕྲན་འདི་ཉིད་དུ། །
འདམ་གྱི་ལྟེང་ཀ་མེ་ལོང་བཞིན་བཀྲ་ཞིང༌། །
མི་སྡུག་མེ་ཏོག་ཚར་དུ་དངར་བ་མཐོང༌། །
དེའི་ཚེ་རྟ་ཕོས་ཐ་ཚིག་འདི་ལྟར་སྒྲོག །
ཁྱོད་ཀྱིས་སྤྱང་རྗེས་བསྙེགས་ཏེ་སྐྱོད་འདི་ཅི། །

རང་མཐོང་ཨུ་ཚུགས་སྟོབས་ཀྱིས་དྲེགས་པའི་ཕྱིར། །
མདང་གི་བདག་པོའི་སྐྱེལ་མ་ཁྱོད་ཀྱིས་བཀག །
ཀྱི་ཧུད་འདག་བྱེད་དྲི་ཡིས་ཡོངས་ཁྱབ་ཅིང༌། །
རྐེད་འཆིང་དམར་པོས་དཀྲི་ལ་གོམས་མིན་ཁྱོད། །
ལམ་བར་ཁ་ནས་མ་ཎི་འདོན་པ་བཞིན། །
ཐན་ཐུན་བཟློ་བའི་སྒྲ་མཚམས་མ་ཆད་ཀྱང༌། །
བྱིན་ནུས་མ་ཐོན་རི་སྤྱང་ཉིད་ལ་ཐུག །

གདོང་ཡོངས་སྤུ་ཡིས་ཁེངས་པའི་ཞབས་འབྲིང་ཁྱོད། །
ཁམས་འདིའི་སྐྱེ་དགུའི་རིན་ཐང་ཤར་བ་དང༌། །
འབྲོག་པས་སླར་ཡང་རྔོན་མདའ་འཆང་བ་དང༌། །
རྔུལ་གྱི་ཐིགས་པར་དོན་སྙིང་ལྡན་པའམ། །
དཀར་གསལ་ཟླ་གཞོན་སྨག་དང་བྲལ་བའི་མོད། །
སྤྱང་ཀིས་མཆེ་བ་གཙིགས་ལ་སྐྲག་དགོས་མེད། །

འདག་ཆལ་དྲི་ཡིས་ཁེངས་པའི་མགྲོན་པོ་ཡིས། །
འབྲོག་པའི་རུ་ལ་བདེ་འཇགས་སྣོན་པ་ལས། །
འཇིགས་དང་དངངས་པའི་སྡུག་བསྔལ་ག་ལ་སྟེར། །
དཔེ་གླེགས་ཀྱིས་ནི་དཔྱིད་དཔལ་ཁུག་པར་འགྱུར། །
འགྲོ་བའི་མིག་ཟུང་སྔར་ལས་གསལ་བར་འགྱུར། །
སྔོན་བྱོན་མཁས་པའི་གསེར་ཞལ་མཐོང་བར་འགྱུར། །
རྒྱུ་མཚན་དེའི་ཕྱིར་ང་ཡིས་ཡང་དང་ཡང༌། །
སྤྱང་མི་རྟ་ཡི་རྗེས་ཤུལ་འཚོལ་བར་རིངས། །

ཉག་ཁ་བརྒལ་བས་དཀར་པོའི་སྨུག་ལས་ཐར། །
བསོད་ཟད་དེ་ནི་ཕ་གིར་རྐེད་སྒྱིང་གིས། །
བཀྲེས་པའི་གླལ་བ་བྱེད་བཞིན་འགྲོ་ཚུལ་ལས། །
སླད་མར་རྔོན་མདའི་ཁ་ནས་འབྲོས་ཐར་གྱི། །
གླགས་ཤིག་འཚོལ་ལས་ཐབས་གཞན་དབེན་པ་མཐོང༌། །
        (སངས་རྒྱས་ཀྱིས་བསྒྱུར)
 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།