མཧཱ་ཏ་མ་གྷན་དྷི་སྐུ་གཤེགས་རྗེས་ཀྱི་མྱ་ངན་སྙན་ཚིག

རྒྱ་གར་སྲིད་བློན་པཎ་ཆེན་ནེ་ཧ་ར མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-08-08

 


དེང་རང་རེའི་ཁྲོད་ནས་འོད་སྣང་ནུབ།།

ད་ཕྱོགས་ཀུན་མུན་པ་ཁོ་ནས་ཁྱབ།།
ཚུལ་གང་དང་ཇི་ལྟར་སྨྲ་མི་ཤེས།།
ངེད་རྣམས་ཀྱིས་ཕ་ཞེས་གསོལ་བ་ཡི།།
ཡུལ་སྤྱི་ཡི་མེས་པོ་ད་མ་བཞུགས།།
ངས་འོད་སྣང་ནུབ་ཅེས་ཁ་ནས་ཐལ།།
དེ་ལྟར་ཡང་ང་ནི་ནོར་ནས་འདུག།
ཡུལ་འདི་ཉིད་གསལ་བའི་འོད་སྣང་དེ།།
གཞི་ཐ་མལ་རང་བཞིན་མ་ལགས་ཏེ།།
ཡུལ་འདི་ལ་ལོ་མང་གསལ་བ་ཡི།།
འོད་དེ་ནི་ད་དུང་ལོ་མང་འཆར།།
ལོ་སྟོང་གི་རྗེས་སུ་འོད་སྣང་དེ།།
ཡུལ་འདི་ཡི་ནང་དུ་མཐོང་འགྱུར་ཞིང༌།།
ཕྱི་འཛམ་བུ་གླིང་གིས་མཐོང་བར་འགྱུར།།
དེས་གྲངས་མེད་རྒྱུད་ལ་བདེ་བ་སྟེར།།
ཅི་ཞེ་ན་འོད་དེས་བདེན་པ་མཚོན།།
ཁོང་རྟག་པའི་སྐྱེས་མཆོག་དམ་པ་དེས།།
དཔལ་གཡུང་དྲུང་བདེན་པ་ཉིད་དང་བཅས།།
ངེད་རྣམས་ཀྱི་ཁྲོད་དུ་རྟག་བཞུགས་ནས།།
ལམ་ཡང་དག་བསྟན་ཅིང་འཁྲུལ་བ་འཇོམས།།
ཆེས་རྙིང་པའི་སྲོལ་ལྡན་ཡུལ་སྡེ་འདི།།
མཆོག་རང་དབང་ལམ་དུ་དྲངས་པར་མཛད།།

                    (ལྷ་ལུང་བློ་བཟང་ཕུན་ཚོགས་ཀྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མཧཱ་ཏ་མ་གྷན་དྷི་སྐུ་གཤེགས་རྗེས་ཀྱི་མྱ་ངན་སྙན་ཚིག

2009-08-08 རྒྱ་གར་སྲིད་བློན་པཎ་ཆེན་ནེ་ཧ་ར ཀློག་གྲངས། མཆན ཡོད།

 


དེང་རང་རེའི་ཁྲོད་ནས་འོད་སྣང་ནུབ།།

ད་ཕྱོགས་ཀུན་མུན་པ་ཁོ་ནས་ཁྱབ།།
ཚུལ་གང་དང་ཇི་ལྟར་སྨྲ་མི་ཤེས།།
ངེད་རྣམས་ཀྱིས་ཕ་ཞེས་གསོལ་བ་ཡི།།
ཡུལ་སྤྱི་ཡི་མེས་པོ་ད་མ་བཞུགས།།
ངས་འོད་སྣང་ནུབ་ཅེས་ཁ་ནས་ཐལ།།
དེ་ལྟར་ཡང་ང་ནི་ནོར་ནས་འདུག།
ཡུལ་འདི་ཉིད་གསལ་བའི་འོད་སྣང་དེ།།
གཞི་ཐ་མལ་རང་བཞིན་མ་ལགས་ཏེ།།
ཡུལ་འདི་ལ་ལོ་མང་གསལ་བ་ཡི།།
འོད་དེ་ནི་ད་དུང་ལོ་མང་འཆར།།
ལོ་སྟོང་གི་རྗེས་སུ་འོད་སྣང་དེ།།
ཡུལ་འདི་ཡི་ནང་དུ་མཐོང་འགྱུར་ཞིང༌།།
ཕྱི་འཛམ་བུ་གླིང་གིས་མཐོང་བར་འགྱུར།།
དེས་གྲངས་མེད་རྒྱུད་ལ་བདེ་བ་སྟེར།།
ཅི་ཞེ་ན་འོད་དེས་བདེན་པ་མཚོན།།
ཁོང་རྟག་པའི་སྐྱེས་མཆོག་དམ་པ་དེས།།
དཔལ་གཡུང་དྲུང་བདེན་པ་ཉིད་དང་བཅས།།
ངེད་རྣམས་ཀྱི་ཁྲོད་དུ་རྟག་བཞུགས་ནས།།
ལམ་ཡང་དག་བསྟན་ཅིང་འཁྲུལ་བ་འཇོམས།།
ཆེས་རྙིང་པའི་སྲོལ་ལྡན་ཡུལ་སྡེ་འདི།།
མཆོག་རང་དབང་ལམ་དུ་དྲངས་པར་མཛད།།

                    (ལྷ་ལུང་བློ་བཟང་ཕུན་ཚོགས་ཀྱིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།