གྲོ་ཞིང་།


གྲོ་ཟོས་ནས་ནར་སོན་ཅིང༌།
ཟླ་བའི་འོག་ཏུ་དཀར་ཡོལ་ཆེན་པོ་བཏེགས།
དཀར་ཡོལ་ནང་གི་ཟླ་བ་དང༌།
གྲོ་ལ།
གྲག་འགུལ་ཅི་ཡང་མི་འདུག

ཁྱོད་གཉིས་དང་མི་འདྲ་བར།
བདག་གིས་གྲོ་ཞིང་ལ་བསྟོད་བསྔགས་བྱེད་དུས།
ཟླ་བ་ལ་བསྟོད་བསྔགས་བྱེད།

ཟླ་བའི་འོག་ཏུ།
མཚན་མོ་ལའང་གྲོ་འདེབས་པའི་ཕ་རྒན་གྱི།
ལུས་པོའི་སྟེང་དུ་གསེར་འོད་འགུལ་སྐྱོད་བྱེད་པ་དང་མཚུངས།

ཟླ་བའི་འོག་ཏུ།
འདབ་ཆགས་བཅུ་གཉིས།
གྲོ་ཞིང་བརྒྱུད་ནས་འཕུར།
ཁ་ཅིག་གིས་གྲོ་འབྲུ་རེ་གཉིས་འཐུ་ཞིང༌།
ཁ་ཅིག་རླུང་ལ་གཏད་ནས་གར་སྟབས་བསྒྱུར་ཏེ།   གཏན་དུ་ཁས་ལེན་མ་བྱས།

གྲོ་ལ་བལྟ་དུས་བདག་ནི་ས་རུ་ཉལ་ཞིང༌།
ཟླ་འོད་བདག་གི་ལུས་སྟེང་དུ་འཕྲོས་པ་ནི་ཁྲོན་པ་ཞིག་གི་སྟེང་དུ་འཕྲོས་པ་དང་མཚུངས།
ཕ་ཡུལ་གྱི་རླུང༌།
ཕ་ཡུལ་གྱི་སྤྲིན།
གཤོག་པ་བསྡུས་ནས།
བདག་གི་ཕྲག་པ་ཟུང་དུ་གཉིད།

གྲོ་རླབས_______
ལྷ་ཡུལ་གྱི་སྒྲོག་ཙེ།
རི་ཐང་གི
གྲོ་ཞིང་ཞིག་ཏུ་བཞག

འབྲེག་སྡུད་ཀྱི་དུས་ཚིགས་སུ།
གྲོ་རླབས་དང་ཟླ་འོད།
ཟོར་བ་མགྱོགས་པོ་དེ་བཀྲུས།

ཟླ་འོད་ཀྱིས།
ལན་རེར་བདག་ནི་ས་འདམ་ལས་ཀྱང་ཐང་ཆད་པ་རྟོགས།
འོན་ཀྱང་བག་ཚ་བའི་མཛའ་མོ།
མིག་མདུན་དུ།
གྲོ་སོག་གཡོ་སྐྱོམ་བྱེད།

ང་ཚོ་ནི་གྲོ་ཞིང་གི་སྙིང་ཉེ་ལགས།
གྲོ་སྡུད་ཀྱི་ཉིན་མོ་དེར་ང་དང་དགྲ་བོས།
ལག་པ་འཇུས་ནས་མཐུན་པོ་བྱས།
ང་ཚོས་མཉམ་དུ་ལས་ཀ་ལས་ནས་ཚར་ཤིང༌།
མིག་ཟུང་བཙུམ་ནས།   ལས་ཀྱིས་བསྐོས་པ་ཐམས་ཅད།
སྐབས་འདིར་ང་ཚོས་བློ་ཡིད་ཚིམ་པའི་ངང་དང་ལེན་བྱེད།

ཆུང་མ་ཚོས་དགའ་སྤྲོའི་ངང༌།
པང་ཁེབས་དཀར་པོས།
ཡུན་དང་ཡུན་དུ་ལག་པ་འབྱིད།

སྐབས་འདིར་ཟླ་འོད་ཏག་ཏག་ས་གཞིའི་སྟེང་དུ་འཕྲོས།
ང་ཚོ་རང་རང་གིས།
ནི་ལོ་གཙང་པོ་དང༌།   པ་པི་ལོང༌།   ཡང་ན་རྨ་ཆུ་ཡི།
བྱིས་པ་དག་ཁྲིད་དེ།   གཙང་པོའི་ངོགས་གཉིས་དང༌།
སྦྲང་ཁྱུ་གར་ལ་རྩེན་པའི་གླིང་ཕྲན་ནམ་བདེ་ཐང་དུ།
ལག་པ་བཀྲུས་ནས།
ཟ་མ་ཟ་བར་རྩོམ།

འདི་ལྟར་ང་ཡིས་ཁྱོད་ཚོ་ནང་དུ་འདུ་བར་བྱེད་པར་ཞུ།
ང་ཡིས་འདི་ལྟར་བཤད་ཆོག་པར་ཞུ།
ཟླ་བས་ཡིད་སེམས་སྐྱོ་བར་མི་བྱེད།
ཟླ་འོད་འོག་ཏུ།
བསྡོམས་ན་མི་གཉིས་ཡོད་དེ།
སྤྲང་བོ་དང་ཕྱུག་པོ།
ནི་ཡོག་དང་ཅེ་རུས་ས་ལེམ།
ད་དུང་ང་རང༌།
ངེད་གསུམ་པོས།
མཉམ་གཅིག་ཏུ་གྲོང་ཁྱེར་ཕྱི་རོལ་གྱི་གྲོ་ཞིང་རྨི་ལམ་དུ་རྨིས།
སྦྱར་དཀར་གྱི་སྡོང་བོས་བསྐོར་བའི།
བདེ་ཐང་གི་གྲོ་ཞིང༌།
བདེ་ཐང་གི་གྲོ།
ང་ཡི་ལུས་སྲོག་སྐྱོང་བའི་གྲོ!

                                                 1985.6
                                           (ལྡོང་བུས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གྲོ་ཞིང་།

2009-03-25 ཧེ་ཙི། ཀློག་གྲངས། མཆན ཡོད།


གྲོ་ཟོས་ནས་ནར་སོན་ཅིང༌།
ཟླ་བའི་འོག་ཏུ་དཀར་ཡོལ་ཆེན་པོ་བཏེགས།
དཀར་ཡོལ་ནང་གི་ཟླ་བ་དང༌།
གྲོ་ལ།
གྲག་འགུལ་ཅི་ཡང་མི་འདུག

ཁྱོད་གཉིས་དང་མི་འདྲ་བར།
བདག་གིས་གྲོ་ཞིང་ལ་བསྟོད་བསྔགས་བྱེད་དུས།
ཟླ་བ་ལ་བསྟོད་བསྔགས་བྱེད།

ཟླ་བའི་འོག་ཏུ།
མཚན་མོ་ལའང་གྲོ་འདེབས་པའི་ཕ་རྒན་གྱི།
ལུས་པོའི་སྟེང་དུ་གསེར་འོད་འགུལ་སྐྱོད་བྱེད་པ་དང་མཚུངས།

ཟླ་བའི་འོག་ཏུ།
འདབ་ཆགས་བཅུ་གཉིས།
གྲོ་ཞིང་བརྒྱུད་ནས་འཕུར།
ཁ་ཅིག་གིས་གྲོ་འབྲུ་རེ་གཉིས་འཐུ་ཞིང༌།
ཁ་ཅིག་རླུང་ལ་གཏད་ནས་གར་སྟབས་བསྒྱུར་ཏེ།   གཏན་དུ་ཁས་ལེན་མ་བྱས།

གྲོ་ལ་བལྟ་དུས་བདག་ནི་ས་རུ་ཉལ་ཞིང༌།
ཟླ་འོད་བདག་གི་ལུས་སྟེང་དུ་འཕྲོས་པ་ནི་ཁྲོན་པ་ཞིག་གི་སྟེང་དུ་འཕྲོས་པ་དང་མཚུངས།
ཕ་ཡུལ་གྱི་རླུང༌།
ཕ་ཡུལ་གྱི་སྤྲིན།
གཤོག་པ་བསྡུས་ནས།
བདག་གི་ཕྲག་པ་ཟུང་དུ་གཉིད།

གྲོ་རླབས_______
ལྷ་ཡུལ་གྱི་སྒྲོག་ཙེ།
རི་ཐང་གི
གྲོ་ཞིང་ཞིག་ཏུ་བཞག

འབྲེག་སྡུད་ཀྱི་དུས་ཚིགས་སུ།
གྲོ་རླབས་དང་ཟླ་འོད།
ཟོར་བ་མགྱོགས་པོ་དེ་བཀྲུས།

ཟླ་འོད་ཀྱིས།
ལན་རེར་བདག་ནི་ས་འདམ་ལས་ཀྱང་ཐང་ཆད་པ་རྟོགས།
འོན་ཀྱང་བག་ཚ་བའི་མཛའ་མོ།
མིག་མདུན་དུ།
གྲོ་སོག་གཡོ་སྐྱོམ་བྱེད།

ང་ཚོ་ནི་གྲོ་ཞིང་གི་སྙིང་ཉེ་ལགས།
གྲོ་སྡུད་ཀྱི་ཉིན་མོ་དེར་ང་དང་དགྲ་བོས།
ལག་པ་འཇུས་ནས་མཐུན་པོ་བྱས།
ང་ཚོས་མཉམ་དུ་ལས་ཀ་ལས་ནས་ཚར་ཤིང༌།
མིག་ཟུང་བཙུམ་ནས།   ལས་ཀྱིས་བསྐོས་པ་ཐམས་ཅད།
སྐབས་འདིར་ང་ཚོས་བློ་ཡིད་ཚིམ་པའི་ངང་དང་ལེན་བྱེད།

ཆུང་མ་ཚོས་དགའ་སྤྲོའི་ངང༌།
པང་ཁེབས་དཀར་པོས།
ཡུན་དང་ཡུན་དུ་ལག་པ་འབྱིད།

སྐབས་འདིར་ཟླ་འོད་ཏག་ཏག་ས་གཞིའི་སྟེང་དུ་འཕྲོས།
ང་ཚོ་རང་རང་གིས།
ནི་ལོ་གཙང་པོ་དང༌།   པ་པི་ལོང༌།   ཡང་ན་རྨ་ཆུ་ཡི།
བྱིས་པ་དག་ཁྲིད་དེ།   གཙང་པོའི་ངོགས་གཉིས་དང༌།
སྦྲང་ཁྱུ་གར་ལ་རྩེན་པའི་གླིང་ཕྲན་ནམ་བདེ་ཐང་དུ།
ལག་པ་བཀྲུས་ནས།
ཟ་མ་ཟ་བར་རྩོམ།

འདི་ལྟར་ང་ཡིས་ཁྱོད་ཚོ་ནང་དུ་འདུ་བར་བྱེད་པར་ཞུ།
ང་ཡིས་འདི་ལྟར་བཤད་ཆོག་པར་ཞུ།
ཟླ་བས་ཡིད་སེམས་སྐྱོ་བར་མི་བྱེད།
ཟླ་འོད་འོག་ཏུ།
བསྡོམས་ན་མི་གཉིས་ཡོད་དེ།
སྤྲང་བོ་དང་ཕྱུག་པོ།
ནི་ཡོག་དང་ཅེ་རུས་ས་ལེམ།
ད་དུང་ང་རང༌།
ངེད་གསུམ་པོས།
མཉམ་གཅིག་ཏུ་གྲོང་ཁྱེར་ཕྱི་རོལ་གྱི་གྲོ་ཞིང་རྨི་ལམ་དུ་རྨིས།
སྦྱར་དཀར་གྱི་སྡོང་བོས་བསྐོར་བའི།
བདེ་ཐང་གི་གྲོ་ཞིང༌།
བདེ་ཐང་གི་གྲོ།
ང་ཡི་ལུས་སྲོག་སྐྱོང་བའི་གྲོ!

                                                 1985.6
                                           (ལྡོང་བུས་བསྒྱུར)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།