ཟླ་དགུ་བ།

ལྷ་ཚོགས་ཤི་རྗེས་ཀྱི་རྩྭ་ཐང་དུ་རི་སྐྱེས་མེ་ཏོག་ཐང་མར་བརྡལ་བ་མིག་གིས་མཐོང༌།
རྒྱང་རིང་གི་རྒྱང་རིང་ན་གཡུག་པའི་རླུང་བུ་རྒྱང་རིང་ལས་ཀྱང་རྒྱང་ཐག་རིང༌།
བདག་གི་རོལ་ཆ་ལ་དབུགས་འབྱིན་མེད་པར་མིག་ཆུ་ཀུན་ནས་སྟོང༌།
བདག་གིས་རྒྱང་རིང་གི་རྒྱང་རིང་འདི་ཉིད་རྩྭ་ཐང་ལ་ཕྱིར་སྦྱིན།
གཅིག་ལ་ཤིང་སྡོང་དང༌།   ཅིག་ཤོས་ལ་རྟ་རྔ་རུ་འབོད།

རྒྱང་རིང་ན་འཆི་བའི་ཁྲོད་ཀྱི་རི་སྐྱེས་མེ་ཏོག་ཐང་མར་བརྡལ་བ་ཁོ་ན་གནས།
ཟླ་དཀར་མེ་ལོང་ནང་བཞིན།   རྩྭ་ཐང་གི་མཐོངས་སུ་དཔྱངས་ཏེ།   ལོ་ངོ་སྟོང་ལ་འོད་སྣང་འཚེར།

གཅིག་པུ་རྟ་ལ་ཞོན་ནས་རྩྭ་ཐང་བརྒལ།

                                  1986
                 (ལྡོང་བུས་བསྒྱུར)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཟླ་དགུ་བ།

2009-03-20 ཧེ་ཙི། ཀློག་གྲངས། མཆན ཡོད།

ལྷ་ཚོགས་ཤི་རྗེས་ཀྱི་རྩྭ་ཐང་དུ་རི་སྐྱེས་མེ་ཏོག་ཐང་མར་བརྡལ་བ་མིག་གིས་མཐོང༌།
རྒྱང་རིང་གི་རྒྱང་རིང་ན་གཡུག་པའི་རླུང་བུ་རྒྱང་རིང་ལས་ཀྱང་རྒྱང་ཐག་རིང༌།
བདག་གི་རོལ་ཆ་ལ་དབུགས་འབྱིན་མེད་པར་མིག་ཆུ་ཀུན་ནས་སྟོང༌།
བདག་གིས་རྒྱང་རིང་གི་རྒྱང་རིང་འདི་ཉིད་རྩྭ་ཐང་ལ་ཕྱིར་སྦྱིན།
གཅིག་ལ་ཤིང་སྡོང་དང༌།   ཅིག་ཤོས་ལ་རྟ་རྔ་རུ་འབོད།
བདག་གི་རོལ་ཆ་ལ་དབུགས་འབྱིན་མེད་པར་མིག་ཆུ་ཀུན་ནས་སྟོང༌།

རྒྱང་རིང་ན་འཆི་བའི་ཁྲོད་ཀྱི་རི་སྐྱེས་མེ་ཏོག་ཐང་མར་བརྡལ་བ་ཁོ་ན་གནས།
ཟླ་དཀར་མེ་ལོང་ནང་བཞིན།   རྩྭ་ཐང་གི་མཐོངས་སུ་དཔྱངས་ཏེ།   ལོ་ངོ་སྟོང་ལ་འོད་སྣང་འཚེར།
བདག་གི་རོལ་ཆ་ལ་དབུགས་འབྱིན་མེད་པར་མིག་ཆུ་ཀུན་ནས་སྟོང༌།
གཅིག་པུ་རྟ་ལ་ཞོན་ནས་རྩྭ་ཐང་བརྒལ།

                                  1986
                 (ལྡོང་བུས་བསྒྱུར)
 
རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།