གཤོག་པ་ནག་པོ།

དོ་ནུབ་གཞིས་ཀ་རྩེ་རུ་ཡོད།
ནམ་གུང་ཙམ་ལ་ཆར་བ་ཆུང་ཆུང་བབས་བྱུང༌།
བྱང་ཕྱོགས་ཀྱི་སྐར་མའི་ཕྲེང་བ་གཅིག་སྟེ།  གཅེན་དང་གཅུང་མོ་བདུན་པོ་ཁོ་ནས།
དཀར་གསལ་གསལ་གྱི་སོ་ཡི་ཨམ་གཙིགས་བསྡམས་ཏེ།
ང་ཡི་གཤོག་པ་ནག་པོ་ཆ་གཅིག་འདི་མཐོང་བྱུང༌།

བྱང་ཕྱོགས་ཀྱི་སྐར་མ་བདུན་པོས་འཇིག་རྟེན་གསལ་བར་མ་ནུས།
ཉིན་མོར་ལུག་རྫི་བུ་མོས་ནས་འབྲུ་སྔས་སུ་བསྙེས་པའི་ས་དེ་དོ་ནུབ་འདམ་གྱིས་   བཟུང་འདུག
དོ་ནུབ་གཞིས་ཀ་རྩེ་རུ་ཡོད། 
ནམ་ཕྱེད་ཙམ་ལ་ནམ་མཁའ་རུ་རྒྱུ་སྐར་ཕྲེང་བ་རྒྱུ།

འོན་ཀྱང་མཚན་མོ་ཇི་ལྟར་ཟབ་ན་མུན་པ་དེ་ལྟར་གནག
འོན་ཀྱང་མུན་པ་ང་ཡི་གཤོག་པ་ལས་ནག་པོ་མ་བྱུང༌།
དོ་ནུབ་གཞིས་ཀ་རྩེ་རུ་ཡོད། འབོལ་ཁྲི་ལས་ངལ་གསོས་ཤིང་ཕྲུ་གུ་དམར་འབྱར་གྱི་ངུ་སྐད་ཐོས་འོངས།
ཅི་ཞིག་གི་ཕྱིར་དུ་སྐྱེ་བོ་ཆུང་ངུ་འདི་ཡིས་སེམས་ཀྱི་བཟོད་སྒོམ་མ་ཐེག?
ཁོ་མོས་མུན་པའི་ཁྲོད་ནས་བདེ་སྐྱིད་ཚོར་བྱུང་བ་ལགས་སམ།

ཁྱོད་རང་སྐད་དམའ་མོས་ངུ་རོགས་མཛོད།     འོན་ཀྱང་མཚན་གྱི་གཉིད་ལའང་རོལ་བར་ཞུ།
ང་རང་དོ་ནུབ་གཉིད་ལ་ཞུགས་ཐབས་བྲལ་བ་ནི་མཚན་གྱི་མུན་པ་ལས་ནག་པོའི་ གཤོག་པ་ནག་པོ་ཆ་འདི་ཡི་རྐྱེན་གྱིས་ལགས།
ང་ཡིས་སྤྱན་ཆབ་མི་གཏོང་ལ་གླུ་སྒྲའང་མི་སྒྲོག་པར།   རང་གི་གཤོག་པ་ལ་བརྟེན་ནས་བྱང་ཕྱོགས་སུ་འཕུར་ངེས།
བྱང་ཕྱོགས་སུ་འཕུར་ངེས་ཏེ།  བྱང་ཕྱོགས་ཀྱི་སྐར་མ་བདུན་པོ་ད་དུང་བྱང་ཕྱོགས་ན་ཡོད།
འགྲོ་ལམ་དུ་ཁ་ཕྱོགས་བསྟན་ཡོད་པ་དེ་ཙམ་ནི།  དྲན་གདུང་ཤིག་དང་འདྲ་བར།
ཁོ་མོ་བདག་གི་ལུས་ཡོངས་སུ་སྐྱེས་ཤིང༌།    སྒྲོན་འོད་ཀྱི་འོག་ཏུ་གཤོག་པ་ནག་པོ་ཞིག་དང་དངོས་གནས་འདྲ་བོར་སྣང༌།

                                                        1988.7.(?)
                         (ལྡོང་བུས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཤོག་པ་ནག་པོ།

2009-03-10 ཧེ་ཙི། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།