སེམས་ཁོང་གི་ལོ་ངོ་གཅིག

ཀི་ཨོ་གིས་བརྩམས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-12-03

སྐམ་རྙིང་ཡིན་པར་བརྗོད་པའི་ལྡུམ་ར་དག་ལ་བསྐྱོད་ནས་གཟིགས་པས་ཚེ།།

རྒྱང་རིང་ཡུལ་ན་འཛུམ་པའི་གཙང་པོའི་ངོགས་སུ་འོད་སྣང་ཕྲ་མོ་འཚེར།།

དཀར་གཙང་སྤྲིན་པས་སྔར་མེད་སྔོ་མདོག་གཡུ་ཞུན་མདངས་རབ་མངོན་པ་ཡིས།།

ཁ་དོག་སྣ་ལྔས་བརྒྱན་པའི་ལམ་ཕྲན་དང་ནི་མཚོ་རྫིང་ཀུན་ལ་འཕྲོས།།

ཕ་རོལ་སེར་མདོག་ཐགས་སུ་བཀྲ་བའི་སྟག་པའི་རྐང་འཐུང་ཚོགས་རྣམས་དང་།།

སྐྱ་མདོག་གིས་སྤུད་གཅེར་སྡོང་ལ་གཟིགས་རླུང་གི་རྒྱུ་བ་ཤིན་ཏུ་འཇམ།།

འཕྱིས་པར་བཞད་པ་སེ་རྒོད་ད་དུང་རེ་ཞིག་ཡོངས་སུ་མ་རྙིད་པས།།

འགའ་ཞིག་བཏོག་སྟེ་མཆུ་ལ་སྦྱོར་ཞིང་མེ་ཏོག་ཕྲེང་བ་ལེགས་པོར་བསྒྲིགས།།

དེ་ཡང་སེམས་ནས་མ་བརྗེད་སྟོན་མཇུག་ཙི་བན་མེ་ཏོག་ཨེ་མ་རྨད།།

རི་སྐྱེས་རྒུན་འབུམ་ཕྱོགས་བཞིར་འགང་བས་དམར་སྨུག་མདངས་ནི་ཡུག་ཏུ་འདྲེས།།

ད་དུང་ལྷག་ལུས་འདུག་པ་སྐྱེས་སྟོབས་རབ་ཏུ་འབར་བའི་རྩྭ་ལྗང་རྣམས།།

དེ་དག་ཚང་མ་དལ་བ་དལ་བུར་སྟོན་གྱི་བཞིན་ལ་ལྷན་གཅིག་སྦྱོར་བར་བྱ།།

གསེར་མདོག་ལམ་ལམ་འཕྲོ་བའི་གཅེར་ཤིང་སྡོང་བོའི་གྲིབ་བསིལ་བགྲོད་ལམ་སྟེང་།།

ངེད་ཅག་ཕར་འགྲོ་ཚུར་འོང་བགྱིས་ཤིང་ཕལ་ཆེར་སྣེ་མོའི་མཐར་རུ་འབྱོར།།

ང་ཚོས་ཡལ་གའི་ཧྲག་ནས་ཡངས་པའི་ཐང་ཆེན་ཁྱོན་དུ་རྒྱང་བལྟས་ཀྱིས།།

ཡང་བསྐྱར་བཞད་པར་བརྩོན་པའི་ལྐོག་རྨེན་སྡོང་བོ་དེ་རིང་མཐོང་།།

ང་ཚོས་སྡོང་ལོ་གཉེན་མོའི་གྲིབ་བསིལ་མ་ཕོག་རྐུབ་སྟེགས་གང་བཙལ་ཞིང་།།

སུས་ཀྱང་དཀྲོག་པར་དབེན་པའི་ལྷིང་འཇགས་རབ་ལྡན་ཡུལ་གྲུ་དེར་ཆགས་ནས།།

རེ་སྨོན་ཁྲོད་ནས་ངེད་ཅག་ཕན་ཚུན་ལག་གདང་རིང་དུ་སྦྲེལ་བ་ཡིས།།

སྤྲོ་སྐྱིད་ངང་ནས་ཡུན་རིང་ཞི་འཇམ་འོད་སྣང་དེ་ལ་ལོངས་སྤྱོད་བགྱི།།

ང་ཚོའི་སེམས་པ་འཇགས་ཐབ་བྲལ་ལ་སྐར་མ་ཐོར་བུའི་འོད་ཐིག་དག།

ཡལ་གའི་སྟེང་ནས་བསིལ་རླུང་འཇམ་པོ་ང་ཚོའི་མགོ་ནས་སྐྱོམས་པས་ན།།

མིག་དབང་གཡོ་མེད་དེ་ལ་ཤོར་ཞིང་སྐབས་རེར་རྣ་བས་ཐོས་པ་ནི།།

ལེགས་པར་སྨིན་པའི་ཤིང་འབྲས་གང་དེ་ས་ལ་ལྷུང་བའི་སྒྲ་མིན་ནམ།།

ཁོ་བོས་སེམས་ནས་མོས་པའི་མེ་ཏོག་གང་དེ་དྲ་མའི་མདུན་བཞག་སྟེ།།

དེ་རིང་འཁྱག་པས་བསྡམས་པར་སྐྲག་ནས་མདངས་མཛེས་ཀ་ཏོ་རར་བཙུགས་ཡང་།།

སྐྱེད་སྲིང་གང་ལེགས་བགྱིས་པ་ཕན་མེད་གློ་བུར་བདག་ལ་གདུང་སེམས་སྦྱིན།།

དེ་ཡིས་མགོ་བོ་དུད་པ་རིམ་བཞིན་སྐམ་པར་འགྲོ་དང་གཉིས་སུ་མེད།།

འདས་པའི་དུས་སུ་དེ་ཉིད་རྣམ་པར་བཞད་པའི་ཡིད་འོང་ལྟས་དབང་ཉིད།།

ང་ཡི་དྲན་པའི་ཀློང་ནས་གཙང་མར་ཕྱགས་ཏེ་བདག་གིས་བརྗེད་པའི་ཆེད།།

ཁོ་བོས་རྣོ་ངར་མཚོན་ཞིག་འཚོལ་ནས་སེམས་ཁོང་སྡུག་གིས་བཀང་བཞིན་དུ།།

སྐམ་ཞིང་རྙིད་པའི་ལོ་འདབ་ཡོད་ཚད་བརྩེ་མེད་མཚོན་གྱིས་ཀུན་ནས་གཏུབས།།

ཅིའི་ཕྱིར་དེ་ཡིས་བདག་ལ་སྡུག་གི་ཚོར་བ་ཁོ་ན་སྦྱིན་ལགས་སམ།།

དེའི་ཕྱིར་གང་ཉིད་བདག་གི་དྲ་མའི་མདུན་ནས་རྟག་ཏུ་ཡལ་བར་སྨོན།།

ད་ལྟ་བདག་གིས་སླར་ཡང་སྟོང་བར་སྣང་བའི་མིག་ཟུང་ཡར་བཏེགས་ནས།།

ཅི་ཡང་དབེན་པའི་ལག་ཟུང་སྟོང་ཉིད་མུན་པའི་ཁམས་སུ་བསྲིང་བར་བྱ།།

སྟོན་གྱི་དུས་སུ་མེ་ཏོག་ཚང་ཚིང་གླིང་གའི་ནང་།།

དྲི་ཞིམ་གྱིས་ནི་སྔར་བཞིན་ཁྱེད་ལ་འཛུམ་མདངས་ངོམ།།

རླུང་གིས་བསྐྱོད་པའི་ཁྱོད་ཀྱི་དབུ་སྐྲའི་གསེབ་དག་ཏུ།།

སྦ་དམར་དང་ནི་རྣམ་ཤེས་བརྟས་པའི་རྩྭ་མཆོག་འཛིང་།།

གཡོ་ཞིང་ལྡེམ་པའི་གྲོ་སྙེ་ད་དུང་གསེར་མདངས་འཁྱུག།

དེ་བས་མཐོ་ཞིང་དེ་བས་སྟུག་པའི་འོས་མེད་ཀྱང་།།

སེ་རྒོད་སྔར་བཞིན་ཁྱེད་ལ་དུངས་པའི་སྤྲོ་སེམས་ཁོལ།།

དེ་ཡང་རང་མདངས་ཟད་ནས་ཉམས་པར་གྱུར་ཀྱང་རུང་།།

རེ་བའི་དགོས་པ་མེད་པ་དག་ལ་ངག་མ་དཀྲོལ།།

བདེ་ཞིང་སྐྱིད་པ་ངེད་ཅག་སེམས་ཀྱི་རེ་འདུན་ཡིན།།

ཡིན་ཡང་ཐོབ་པར་ཅོག་པ་ཉག་གཅིག་ལྡན་པ་ནི།།

ངེད་ཟུང་ཡང་བསྐྱར་འདི་ལ་སྐོར་བ་ཐེངས་གཅིག་རྒྱག།

ང་ཚོ་འཆམ་འཆམ་འགྲོ་སའི་རི་ཕྲན་གྲིབ་མས་གཡོགས།།

འོན་ཀྱང་ཕ་གའི་རི་ཕྲན་ད་དུང་ཉི་འོད་ཁྲོད།།

ཟླ་གཟུགས་འཇམ་མཉེན་རྩྭ་ལྡུམ་སྟེང་ནས་ངོན་པ་ནི།།

སྤྲིན་དཀར་ལེབ་མོ་གཡོ་ཞིང་རྒྱུ་བའི་ཉམས་དང་འདྲ།།

རྒྱང་ལ་འཐེན་པའི་ལམ་ཕྲན་སྔར་ལས་སྨག་ཏུ་ཚུད།།

ཤུབ་བུའི་རང་གཏམ་གང་དེས་ལམ་འགྲོའི་གོམ་མཚམས་བཅད།།

དེ་ནི་མཐོང་མིན་ཆུ་མིག་གྲོང་རོང་འགྲིམ་པའམ།།

བྱེའུས་རང་ལ་གྱེར་བའི་གཉིད་འགུག་གླུ་ཡིན་ནམ།།

ཕྱེ་ལེབ་མེ་ལྕེབ་ཟུང་ཞིག་སྔ་མོར་འཕུར་འོངས་ཤིང་།།

རྩྭ་གཞུང་རེ་རེར་ལྡིང་འཁོར་ཡང་མོས་རྩེད་འཇོ་རོལ།།

རི་ཕྲན་སྟེང་གི་སྣ་ཚོགས་མེ་ཏོག་སྐྱེ་དངོས་ཀྱིས།།

མཚན་མོར་དྲི་ངན་བསྐྱལ་ཞིང་མི་ཡི་སྐྱོ་ངལ་བསལ།།

                                          (ཀླུ་འབུམ་རྒྱལ་གྱིས་བསྒྱུར)

རྩོམ་ཁུངས། ༢༠༠༠ལོའི་གངས་རྒྱན་མེ་ཏོག

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སེམས་ཁོང་གི་ལོ་ངོ་གཅིག

2009-12-03 ཀི་ཨོ་གིས་བརྩམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།