གཟུགས་འགྱུར་ཟིན་ཐོ། ༡

ཧྥོ་རན་ཙི་ཁ་ཧྥ་ཁས་འཛད། གྲུ་ཆར་ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-10-31

གཉིས་པ།

ས་སྲོད་ཀྱི་དུས་སྐབས་བསླེབས་ཙམ་ན།ཀོ་ལི་ཀོར་ད་གཟོད་གཉིད་སྟུག་པོ་ཞིག་ལས་སད་བྱུང་དང་འདྲ། དོན་ངོ་མ་དུས་ཡིན་རིང་བོ་མི་འགོར་བར་ཁོ་རང་ཉིད་ནི་སད་ངེས་ཅན་ཡིན་ཏེ།ད་ནི་ངལ་སོས་ཤིང་གཉིད་ཀྱང་ཡོངས་སུ་དྭངས་སོང་བསམས་ཡོད།ཡིན་ནའང་ཁོ་ནི་ཁོམ་པར་མྱུར་ལེན་བྱས་པའི་སྒྲ་ཞིག་གམ།ཡང་ན་སྒོ་ཚོམས་དང་འབྲེལ་ཡོད་པའི་ཁང་སྒོ་དལ་གྱིས་ཕྱེ་བའི་སྒྲ་ཡིས་དཀྲོགས་ཏེ་སད་དུ་བཅུག་པ་ཡིན་སྙམ་བྱུང་།སྲང་ལམ་གྱི་གློག་སྒྲོན་དག་གིས་ཁང་བའི་གནམ་ཡོལ་ངོས་དང་སྣོད་ཅ་ལག་གི་མཐོ་ས་དགལ་འོད་རབ་རིབ་ཅིག་སྤྲོས་ཡོད་ནའང་།ཞོལ་དུ་ཡོད་པའི་ཀོ་ལི་ཀོར་གྱི་ལུས་པོ་ནི་མུན་ནག་གིས་ཡོངས་སུ་བསྒྲིབས་འདུགཁོ་ནི་དལ་ལྷོད་ལྷོད་དང་སྔར་བཞིན་ཁབ་བ་ཁོབ་བེའི་ངང་ད་ལྟ་གཞི་ནས་གཅེས་སྤྲས་བྱེད་འོས་པ་ཤེས་པའི་རེག་རྭ་དེས་ནོམ་ཉུག་བྱེད་བཞིན་སྒོ་ཁར་ནུར་ཏེ་ཅི་ཞིག་བྱུང་བར་ལྟ་འདོད་སྐྱེས།ཁོའི་ལུས་པོའི་གཡོན་ཕྱོགས་ཧྲིལ་བོ་ཧ་ཅང་རིང་ལ་དམ་དྲགས་ཤིང་བདེ་སྣང་བྲལ་པའི་རྨ་ཁ་ཞིག་དང་འདྲ་ལ།གཞོགས་གཉིས་སུ་བསྟར་པའི་སུག་པ་ཕྲ་མོ་དག་ལ་བརྟེན་ན་དོན་དངོས་ཐོག་འཐེང་བཞིན་འགྲོ་དགོས།དེར་མ་ཟད་སུག་པ་ཡ་གཅིག་ནངས་མོའི་དོན་རྐྱེན་ཁྲོད་རྨས་ལྕི་མོ་ཕོག་ཟིན།སུག་པ་གཅིག་ལ་མ་གཏོགས་རྨས་མ་ཕོག་པ་དེ་ནི་ཕལ་ཆེར་ངོ་མཚར་ཞིག་ཏུ་བརྩི་ཆོག་སྟེ། ད་ནི་ཉབ་བ་ཉོབ་བེར་རྗེས་སུ་ནར་རེ་དཔྱངས་འདུག

ཉིན་དང་པོར་།ཨ་ཕས་ཨ་མ་དང་སྲིང་མོ་གཉིས་ལ་ཁྱིམ་ཚང་གི་ད་ལྟའི་དཔལ་འབྱོར་གནས་བབ་དང་མ་འོངས་པའི་མདུན་ལྗོངས་གསལ་བཤད་བྱེད་ཅིང་མཆིས།ཁོ་མཚམས་མཚམས་སུ་ཅོག་ཙེའི་མཐའ་རུ་ཡར་ལངས་ཤིང་འཛིན་ཡིག་གང་རུང་ངམ་བརྗེད་བྱང་ཞིག་ལག་ཏུ་ཡང་ཡང་ལེན་པར་བྱེད།དངོས་པོ་དེ་དག་ནི་ལོ་ལྔའི་ཡར་སྔོན་དུ་ཁོའི་ཀུང་ཟི་དེའི་མ་རྩ་བརྡིབས་དུས་ཁོས་ཉེན་འགོག་སྒམ་ཆུང་དེར་ཉར་ཚགས་བྱས་པ་ཡིན།མི་རྣམས་ཀྱིས་ཁོས་ཇི་ལྟར་འབྱེད་ཚུལ་དང་རྒྱག་ཚལ་དཀའ་མོ་ཡིན་པའི་ཟྭ་དེ་འབྱེད་པ་དང་།མཁོ་དངོས་བླངས་རྗེས་ཟྭ་ཕྱིར་རྒྱག་པ་སོགས་རྒྱུན་དུ་ཐོས་ཡོད་ངེས།ཨ་ཕའི་གསལ་བཤད་དེ་དག་ནི་ཀོ་ལི་ཀོར་བཙོན་དུ་ཚུད་རྗེས་སུ་ཐོས་པའི་སྐྱིད་ཀྱི་བྱ་བ་ཐོག་མ་སྟེ།ཁོའི་བསམ་པར་ཀུང་ཟི་དེས་ཨ་ཕར་རྒྱུ་ནོར་ཏིལ་ཙམ་ཡང་མ་བསྐྱུར་པའམ།མ་མཐའ་ཡང་ཨ་ཕས་ཁོ་ལ་དེའི་སྐོར་གྱི་ལྡོག་ཕྱོགས་ཀྱི་གཏམ་ཅི་ཡང་མ་གླེངས་ཏེ།ཀོ་ལི་ཀོར་གྱིས་ཀྱང་དེ་འབྲེལ་གྱི་ཚིག་གཅིག་ཀྱང་ཁོ་ལ་དྲིས་མ་མྱོང་།དང་ཐོག་ཀོ་ལི་ཀོར་གྱིས་བློ་རྩེ་གཅིག་ཏུ་བསྒྲིགས་ནས་ཁྱིམ་མི་ཚང་མ་ཨ་ཕའི་ལས་དོན་ཕམ་པ་དེས་བསླངས་པའི་སེམས་སྡུག་ལས་ཐར་ཆེད་ཧུར་ཐག་འབད་ཐག་སྒོས་བྱ་བར་བརྩོན་ཅིང་།ཕལ་ཆེར་ཞག་གཅིག་གི་ཡུན་ལ་ལས་དོན་ཙག་ཙིག་སྒྲུབ་མཁན་ཆུང་ཆང་ཞིག་ནས་འགྲུལ་སྐྱོད་འགྲེམ་འཚོང་པ་ཞིག་ཏུ་གྱུར་ལ།དུས་མཚུངས་སུ་སྒོར་མོ་མང་བོ་གསོག་པའི་གོ་སྐབས་ཀྱང་རེག་པ་རེད།ཁོའི་བྱ་བའི་གྲུབ་འབྲས་ལ་ཐོབ་པའི་བར་བཙའི་སྒོར་མོ་དེ་དག་མྱུར་མོར་ལག་དངུལ་དུ་སྒྱུར་ཐུབ་པ་ཡ་མཚན་སྐྱེས་ཤིང་།དགའ་སྤྲོས་ཁེངས་པའི་ཁྱིམ་མི་དག་གི་མདུན་ཅོག་སྟེང་དུ་འཇོག་ཐུབ་པ་བྱུང་བ་དེ་རེད།དེ་ནི་དངོས་གནས་མཛེས་སྡུག་དཔལ་གྱིས་ཁེངས་པའི་གནས་སྐབས་ཤིག་ཡིན་ནའང་།དེ་ལྟའི་མཛེས་སྡུག་གི་གནས་སྐབས་ནི་ཕྱིས་སུ་རྩ་བ་ནས་བྱུང་མ་མྱོང་སྟེ།མ་མཐའ་ཡང་སྨོན་བཞིན་པའི་གཡང་དཔལ་ནང་བཞིན་བྱུང་མྱོང་མེད།དོན་ལ་ཀོ་ལི་ཀོར་གྱིས་སྒོར་མོ་མང་བོ་འཚོལ་མ་ཐུབ་པ་མིན།ཁོར་ཁྱིམ་ཚང་གི་འགྲོ་སྒོ་ཡོད་ཚད་གཏོང་བའི་ནུས་པ་ཡོད་པར་མ་ཟད།དངོས་སུ་འགན་དེ་ཡང་ཕྲག་ཏུ་བླངས་ཡོད།ཚུལ་དེ་ཁྱིམ་མི་ཡིན་ནའང་ཆོགཀི་ལོ་ཀོར་ཡིན་ནའང་འདྲ།མི་ཚོས་དེ་ལྟར་དྲིན་ཆེན་དུ་གོ་བའི་ཚུལ་གྱིས་སྒོར་མོ་ཚུར་ལེན་པ་དང་།ཁོས་ཀྱང་སྤྲོ་སེམས་འཁོལ་བའི་ངང་སྒོར་མོ་ཕར་སྤྲོད་པར་བྱེད་ནའང།ཁོ་ཚོའི་བར་ཁྱད་པར་ཅན་གྱི་བརྩེ་བ་ཞིག་ནམ་ཡང་ཆགས་མ་ཐུབ།སྲིང་མོ་ཁོ་ནས་ད་གཟོད་ཁོ་ལ་ཉེ་བྱམས་ཀྱི་སྣང་བ་ཞིག་སྦྱིན་པར་བྱེད་པས།སེམས་སུ་སང་ལོ་མོ་རོལ་མོ་སློབ་གླིང་དུ་བསྐྱལ་རྒྱའི་འཆར་ཟིན་བཀོད།མོ་ནི་ཀོ་ལི་ཀོར་དང་མི་འདྲ་སྟེ།རོལ་དབྱངས་ཀྱི་ཕྱོགས་ལ་མོས་པ་ཟབ་མོ་ཞིག་མཆིས་པར་མ་ཟད།མན་གནོན(མ་ནེ་ཡིས་གནོན་པའི)རྒྱུད་མང་སྦྲེང་ལའང་མཁས་པ་ཡིན།སློབ་གྲྭ་དེར་འགྲོ་དགོས་ཚེ་སྒོར་མོ་མང་དུ་གཏོང་དགོས་པ་ནི་སྨོས་མ་དགོས།ཁོས་ཐབས་བཀོད་གཞན་ཅི་རིགས་འཐེན་ཏེ་བཙལ་ཅི་ཐུབ་བྱ་ངེས།ཀོ་ལི་ཀོར་གྲོང་ཁྱེར་དུ་ཡུན་ཐུང་ཙམ་ལ་བསྡད་པའི་རིང་།སྲིང་མོ་དང་ཁ་བརྡ་བྱེད་པའི་བར་གླགས་སུ་རོལ་དབྱངས་སློབ་གླིང་ཡང་དང་བསྐྱར་གྱིས་གླེངས་མོད།དེ་ནི་ནམ་ཡང་མངོན་འགྱུར་བྱེད་དཀའ་བའི་རྨི་ལམ་ཞིག་ཏུ་བརྩིས་ཡོད།ད་ལྟའི་གནས་བབ་དང་མི་མཐུན་པའི་སྐད་ཆ་དག་ནི་ཕ་མ་གཉིས་ལ་མཚོན་ན་ཉན་འདོད་ཙམ་མི་སྐྱེ།འོན་ཀྱང་ཀོ་ལི་ཀོར་གྱིས་བརྗེད་ཐབས་མི་འདུག་སྟེ།ཡེ་ཤེས་འཁྲུངས་སྐར་གྱི་སྔ་ནུབ་ཏུ་དོན་དེ་ཡོངས་སུ་བསྒྲགས་རྒྱུ་བྱས།ཁོས་ལུས་པོ་དྲང་མོར་དགྱེ་སྟེ་སྒོ་ལ་འབྱར་ནས་རྣ་བ་བླགས་པའི་ཚེ་ན།ཀླད་པའི་ནང་དུ་ད་ལྟའི་གནས་བབ་འོག་དགོས་མཁོ་ཅི་ཡང་མེད་པའི་དྲན་པ་དེའི་རིགས་ཤར་བྱུང་།སྐབས་ལ་ལར་ཁོ་ལ་ངལ་དུབ་བྱུང་སྟེ་ཉན་ཐབས་མེད་པར་གྱུར་ཅིང་།སྒྱིད་ལུག་ངང་དུ་དྲང་མོར་འདུག་དགོས་བྱུང་སྟེ།དེ་ཙམ་གྱིས་བསྐྱེད་ཅིང་མཆེད་པའི་སྒྲ་ཆུང་ངུ་ཙམ་ཡང་ཤག་མཚེས་པ་དག་གིས་གོ་སོང་བས།ཚང་མ་སྐད་ཅིག་ཉིད་ལ་ཁུ་སིམ་པོར་བསྡད་སོང་།“ད་ལྟ་ཁོས་ཡང་ཅི་ཞིག་བྱེད་བཞིན་ཡོད་དམ།”ཅུང་ཙམ་འགོར་རྗེས་ཨ་ཕས་དེ་ལྟར་བཤད་སོང་སྟེ།སྐད་ཆ་དེ་ཕལ་ཆེར་སྒོའི་ཕྱོགས་སུ་གཏད་ནས་སྨྲས་པ་འདྲ།ཡུད་ཙམ་ནས་མཚམས་ཆད་ཟིན་པའི་ཁ་བརྡ་སླར་ཡང་མཐུད་སོང་།

ཨ་ཕས་རྒྱུན་དུ་རང་ཉིད་ཀྱི་སྐད་ཆ་བསྐྱར་ཟློས་བྱེད་པ་ནི།གཅིག་ན་ཁོ་རང་ཉིད་དོན་དག་དེའི་རིགས་ས་ཡུན་རིང་མ་ཕྲད་པ་དང་།ཕྱོགས་གཞན་ཞིག་ནས་བཤད་ན་དེ་ཚང་མ་ཨ་མས་ཉན་ཐེངས་གཅིག་གིས་ཧ་གོ་བས་ཡིན།ཀོ་ལི་ཀོར་གྱིས་གཞི་ནས་གསལ་བོར་ཤེས་པ་འདི་ལྟ་སྟེ།སྤྱིར་དཀའ་ཁག་ཅི་རིགས་ལ་ཕྲད་ཟིན་ཀྱང་།འདས་པའི་དུས་སུ་ཁབ་གསོག་འབིག་གསོག་བྱས་པའི་རྒྱུ་ནོར་ཉུང་ངུ་དེ་ཙམ་ཡང་སྐྱེད་ཀ་བེད་སྤྱད་པས་ཅུང་ཙམ་འཕེལ་ནས་ཡོད།གཞན་ཡང་ཀོ་ལི་ཀོར་གྱིས་ཟླ་རེར་ལག་སྣེར་གྲོན་དངུལ་ཙག་ཙིག་ཙམ་བསྐྱུར་རྗེས་གཞན་ཡོངས་སུ་ཁྱིམ་ཚང་ལ་ཁྱེར་ཡོང་བའི་སྒོར་མོ་ལས་ཡོད་ཚད་བཀོལ་ཚར་མེད་པས།གསོག་འཇོག་བྱས་ཏེ་ད་ལྟ་གྲངས་ཀ་ངེས་ཅན་ཞིག་ཡོད།ཁོས་སྒོ་རྒྱབ་ནས་མགོ་བོ་ཡང་ཡང་ལྡེམ་ཞིང་།དེ་ལྟའི་བསམ་ཡུལ་ལས་འདས་པའི་སེམས་ཆུང་ནན་ཏུར་དང་བསྲི་ཚགས་བྱས་པའི་ཆ་ལ་དགའ་སྤྲོ་དཔག་མེད་སྐྱེས།མ་གཞིར་ཁོས་བསོགས་དངུལ་དེ་དག་གིས་ཨ་ཕས་ཚོང་བདག་ལ་ཆད་པའི་བུ་ལོན་སྔ་མོ་ནས་བཅལ་ཏེ།ཁོ་ལས་གནས་དེ་རུ་སྔ་མོ་ནས་ཕྱིར་བུད་ཆོག་ནའང་།ད་ལྟ་བལྟས་ཚེ་ཨ་ཕས་མི་འབུད་པའི་བཀོད་སྒྲིག་གནང་བྱུང་བ་ནི་དངོས་གནས་བློ་བཀོད་རབ་ཅིག་ཅི་ལ་མིན།ཡིན་ནའང་ཁྱིམ་ཚང་གང་བོས་སྐྱེད་ཀ་དེ་ཙམ་ལ་བརྟེན་ནས་ཉི་མ་བསྐྱལ་རྒྱུ་ཟེར་ན་ཧ་ཅང་དཀའ་བའི་གནས་ཡིན།སྒོར་གྲངས་དེ་ཙམ་གྱིས་ཁྱིམ་ཚང་གང་བོར་ལོ་གཅིག་དང་མང་ནའང་ལོ་གཉིས་ལས་འདང་མི་ཐུབ་སྟེ།གཏན་ནས་འདང་ཐབས་མེད།དེབས་བསོགས་དངུལ་དེ་དག་ནི་ངོ་མ་དགོས་མཁོ་ཆེ་བ་བྱུང་བའི་ཚེ་མ་གཏོགས་ཚོད་ཚོད་དུ་དགོལ་མི་རུང་བ་ལ།འཚོ་ཚིས་ཕྱོགས་ཀྱི་དངུལ་ནི་ད་དུང་ཁོ་ཚོས་འབད་བརྩོན་ལེན་བྱེད་དགོས།ཨ་ཕས་གཟུགས་གཞི་ཐང་བོ་ཡིན་ནའང་ལོ་མཐོན་པོར་བསླེབས་ཡོད་པའི་ཁར།དུས་ཡུན་ལོ་ལྔ་ལ་ལས་ཀ་ཅི་ཡང་མ་བསྒྲུབས་པས།ད་ནི་རང་གིས་ཅི་ཞིག་སྒྲུབ་ནུས་མིན་གྱི་ཐད་ལ་ཅིས་ཀྱང་ཡིད་ཆེས་བྱེད་དཀའ།བགྲང་བྱ་ལྔ་ཡི་རིང་ནི་ཁོའི་དཀའ་ཚེགས་འབྲས་མེད་ཀྱི་མི་ཚེ་ལམ་བུའི་ཐོག་གི་ཐེངས་དང་པོ་བག་ཕེབས་ཀྱི་འཚོ་བ་རོལ་རྒྱུ་བྱུང་བའི་ལོ་ལྔ་ཡིན་ཏེ།ཁོའི་ལུས་པོ་དར་དྲགས་པས་འགུལ་སྐྱོད་བྱེད་དུས་ཧ་ཅང་སྟབས་མི་བདེ་བར་གྱུར་ཡོད།ལོ་ན་མཐོ་བའི་ཨ་མར་མཚོན་ན་དབུགས་རྒོད་རྩེག་པའི་ནད་ཕོག་འདུག་པས།ཁྱིམ་དུ་ཕར་འགྲོ་ཚུར་འགྲོ་བྱེད་རྒྱུའང་ཁག་པོར་གྱུར་སྣང་།ཉིན་རེའི་མཚམས་སུ་དབུགས་འབྱིན་རྔུབ་ལ་ཡང་གེགས་བར་མེད་འབྱུང་བས།རྒྱངས་ཀྱིས་ཕྱེ་བའི་དྲ་མའི་ཉེ་ལོགས་ཀྱི་འབོལ་ཁྲིར་བསྔས་ནས་ངལ་གསོ་དགོས་པས་ན།མོ་སྒོར་མོ་འཚོལ་དུ་འགྲོ་ནུས་སམ།གཞན་སྲིང་མོ་ནི་ལོ་བཅུ་བདུན་པ་ལ་སོན་མ་ཐག་པ་སྟེ།ད་དུང་བྱིས་པ་ཞིག་རེདཅེས་བཤད་ཆོགམོས་མཚོན་ན་སྔར་བཞིན་གྱི་འཚོ་བ་རོལ་སྟངས་དེ་ཡོད་ན་འགྲིག་སྟེ།གོན་པ་གྲ་དག་གྱོན་ཞིང་གཉིད་སྐྱིད་པོར་རོལ་པ་ལས་གཞན།ཁྱིམ་ལས་ཙག་ཙིག་རེ་ལས་རོགས་བྱེད་པ་དང་འགྲོ་གྲོན་ཆུང་བའི་སྤྲོ་སྐྱིད་ཀྱི་བྱ་འགུལ་དག་ཏུ་ཞུགས་ཆོག་པ་བཅས་རེད།ལྷག་དོན་མོས་ནམ་རྒྱུན་མན་གནོན་རྒྱུད་མང་སྦྲེང་ཞིང་སྦྱོར་དགོས་པས།སྲིང་མོས་ཕྱི་རོལ་ཏུ་སྒོར་མོ་ཇི་ལྟར་འཚོལ་ལམ།གང་ལྟར་སྒོར་མོ་ངེས་པར་འཚོལ་དགོས་པའི་གལ་ཆེའི་རང་བཞིན་གླེང་ཚེ།ཀོ་ལི་ཀོར་གྱིས་སྒོ་ལ་འཇུས་ན་བཏང་སྟེ་བསིལ་ཀྱིག་ཀྱིག་གི་ནེམ་ཁྲིར་མཆོང་མ་ལྡིང་གི་སྡོད་དགོས་བྱུང་།རྒྱུ་མཚན་ནི་ཁོ་ངོ་ཚ་དང་སེམས་སྡུག་གིས་མནར་ཏེ་ལུས་ཡོངས་ཚ་བེར་བེར་བྱེད་པས་རེད།དང་ཐོག་གི་ཉིན་བཅུ་བཞིའི་རིང་དུ།ཕ་མ་གཉིས་ཁོ་ལ་བལྟ་རུ་ཡོང་མ་ཕོད།ཁོས་རྒྱུན་དུ་ཐོས་པ་ནི་ཁོ་ཚོས་སྲིང་མོས་ད་ལྟ་གཉེར་བཞིན་པའི་བྱ་བར་ཇི་ལྟར་བསྔགས་བརྗོད་བྱེད་པ་དེ་ཡིན།ཡིན་ནའང་།ད་ལྟའི་བར་ཁོ་ཚོ་ནམ་རྒྱུན་སྲིང་མོའི་དོན་དུ་འཚིག་པ་ཟ་བཞིན་ཡོད་དེ།ཁོ་ཚོའི་བསམ་པར་སྲིང་མོ་ནི་ཅི་ཡང་མི་ནུས་པ་ཞིག་རེད་འདོད་ཡོད།ད་ནི་སྲིང་མོས་དེ་རུ་གད་དར་བགྱིད་བཞིན་པའི་སྐབས་དེར།ཨ་ཕ་དང་ཨ་མ་གཉིས་ཀས་རྒྱུན་པར་ཀོ་ལི་ཀོར་གྱི་སྒོ་ཁར་ངང་སྒུག་བྱས་ནས་ཡོད།མོ་སྒོ་ལ་ཐོན་མ་ཐག་ཁང་བའི་ནང་གི་གནས་ཚུལ་མཐའ་དག་གཅིག་གཉིས་གཉིས་སྒོས་མི་བཤད་ཀ་མེད་ཡིན་ཏེ།དཔེར་ན་ཀོ་ལི་ཀོར་གྱིས་ཅི་ཞིག་ཟོས་པ་དང་།ད་རེབ་ཁོའི་བྱ་བ་སྤྱོད་པ་ག་འདྲ་ཡིན་ཚུལ།ཇེ་དགར་འགྲོ་བའི་ལྟས་ངན་ཡོད་མེད་སོགས་ཡིན།ཨ་མར་མཚོན་ན་སྔ་མོ་ནས་ཀོ་ལི་ཀོར་ལ་ལྟ་འདོད་ཡོད་ནའང་།ཨ་ཕ་དང་སྲིང་མོ་གཉིས་ཀས་གནས་ལུགས་ལུང་བ་གང་བགྲངས་ཏེ་འགོག་ཅི་ཐུབ་བྱས།ཚུལ་དེར་ཀོ་ལི་ཀོར་གྱིས་ཧ་ཅང་གཟབ་ནན་སྒོས་ཉན་པར་མ་ཟད།ཁོ་ཚོའི་དྲན་ཚུལ་བྱེད་ཚུལ་དག་ལ་ཡིད་འཐད་ཀྱང་བྱུང་ཡོད།རྗེས་སུ་ཁོ་ཚོས་ཨ་མ་ད་དུང་བཙན་ཤུགས་ཀྱིས་བཀག་པ་ལ།མོས་སྐད་ཤུགས་ཆེན་པོས“ང་ཀོ་ལི་ཀོར་ལ་བལྟ་བར་འགྲོ་རུ་ཆུགས་དང་།ཁོ་ནི་ངའི་བུ་མ་སྟེས་པ་དེ་རེད་ཡ།ཁྱོད་ཚོས་ང་ཁོ་ལ་ངེས་པར་ལྟ་རུ་འགྲོ་དགོས་པའང་མི་ཤེས་སམ”ཞེས་འུར་བརྒྱབ་སོང་།གཏམ་དེ་གོ་བས་ཀོ་ལི་ཀོར་གྱི་སེམས་ལ་དོན་དུ་ཨ་མ་ནང་དུ་སོང་ནས་ང་ལ་ལྟ་སྐོར་རེ་བྱས་ན་མི་ཆོག་པ་མེད་དེ།ཡིན་ནའང་ཉིན་རེར་ཐེངས་རེར་མིན་པར།གཟའ་འཁོར་རེར་་ཐེངས་རེ་བྱས་ན་འགྲིག་སྟེ།མོ་ནི་ཕྱོགས་གང་ནས་བཤད་ཀྱང་སྲིང་མོ་ལས་བསམ་ཤེས་ཡིན།སྲིང་མོ་ནི་སྐྲག་རྒྱུ་འཇིགས་རྒྱུ་མེད་པ་ཞིག་ཡིན་ཀྱང་།མོ་གང་ལྟར་ད་དུང་བྱིས་པ་གོ་མེད་ཅིག་ཡིན་པས།མཐར་གཏུགས་ན་འཇིག་རྟེན་གྱི་ཉམས་མྱོང་མ་བརྒྱུད་བཞིན་དུ།འོས་འགན་མི་ཐག་པ་ཞིག་རང་ཐོག་ཏུ་བླངས་པཙམ་རེད།ཀོ་ལི་ཀོར་གྱིས་ཨ་མ་མཐོང་འདོད་ཀྱི་རེ་འདུན་དེ་མ་འགྱངས་པར་མངོན་འགྱུར་བྱུང་།ཕ་མའི་གནས་ཚུལ་ལ་གཞིགས་ཏེ།ཉིན་མོའི་དུས་སུ་ཀོ་ལི་ཀོར་སྒེའུ་ཁུང་གི་ཉེ་ལོགས་དག་ཏུ་འགྲོ་མི་འདོད་ལ།དོན་དངོས་སུ་འགུལ་སྐྱོད་བྱས་ནའང་།སྤྱི་ཁྲུ་གྲུ་བཞི་མ་འགའི་མཐིལ་གཅལ་ཐོག་ཏུ་ཡར་ནུར་མར་ནུར་བྱ་ཡུལ་ཆེན་པོ་མི་འདུགདེ་ལྟར་འགུལ་མེད་དུ་སྡོད་པ་ཡིས།མཚན་མོས་དུས་སུ་ཁོ་ལ་བཟོད་ཐབས་བྲལ་པའི་ཚོར་སྣང་སྦྱིན་པར་མ་ཟད།ཟ་མར་ཡང་བྲོ་བ་མེད་པར་གྱུར་འགྲོ།སྐྱོ་བ་བསང་བྱེད་དུ་ཁོ་ལ་རིམ་བཞིན་རྩིག་ངསོ་དང་ཁང་བའི་གནམ་ཡོལ་ངོས་སུ་ངེས་མེད་དུ་རྒྱུ་བའི་གོམས་སྲོལ་ཆགས།ལྷག་དོན་ཁོ་ནི་གནམ་ཡོལ་ངོས་ནས་ཐུར་དུ་དཔྱངས་རྒྱུར་མོས་པ་ཆེ་སྟེ།དེ་ནི་མཐིལ་གཅལ་དུ་ནར་ནས་འདུག་པ་དང་མི་འདྲ་བར་དབུགས་ཀྱི་རྒྱུ་བ་ཡང་ཞིང་ལྷོད་ལ།གཡོ་འགུལ་ཆུང་ངུས་ལུས་ཡོངས་སུ་ཁྱབ་པར་བྱས་འགྲོ།གནམ་ཡོལ་དུ་ཡོད་པའི་ཀོ་ལི་ཀོར་ལ་མཚོན་ན།ཧ་ཅང་སྤྲོ་བ་དང་སེམས་པ་ཡེངས་པའི་སྣང་ཚུལ་འོགགནས་ཚུལ་འདི་འདྲ་འབྱུང་ཡང་སྲིད་དེ།ཁོས་རང་ཉིད་ལ་ངོ་མཚར་བའི་ངང་སུག་པ་དག་ལྷོད་པར་བྱས་པ་ན།ཅལ་སྒྲ་ཞིག་དང་མཉམ་དུ་ཐང་ལ་ལྷུང་བ་རེད། ད་ལྟ་ཁོ་ནི་སྔར་དང་མི་འདྲ་བར་རང་ཉིད་ཀྱི་ལུས་པོར་ཚོད་འཛིན་བྱེད་ཐུབ་ཡོད་དེ། ཐ་ན་ལྗིན་ཏིག་གེར་ལྷུང་ཐེངས་དེར་ཡང་རྨས་མ་ཕོགདེར་བརྟེན་སྲིང་མོས་དུས་ཐོག་དེར་ཀོ་ལི་ཀོར་གྱིས་རང་ཉིད་ལ་རྙེད་པའི་སྤྲོ་སྐྱིད་ཡོང་ཐབས་དེ་མཐོང་སྟེ།ནུར་ནས་འགྲོ་དུས་ཁོས་འབྱར་བག་ཅན་གྱི་རྫས་ཤུལ་རེ་བསྐྱུར་འདུག་པས་ན།མོས་ཐབས་བརྒྱ་ཇུས་སྟོང་གིས་ཀོ་ལི་ཀོར་ལྟ་སྟབས་བདེ་བཟོ་རྒྱུ་དྲན་ཞིང་།ཁྱིམ་གྱི་ཀ་ཅ་སྟེ་ལྷག་པར་སྒམ་དང་ཅོག་ཙེ་སོགས་ཁོའི་བགྲོད་ལམ་ཁེགས་བྱེད་དུ་འགྲོ་བའི་རིགས་རྣམས་སྤར་རྒྱུ་བྱས།ཡིན་ནའང་ལས་ཀ་དེ་དོན་འཁྱོལ་ཡོང་བ་ལ་མོ་གཅིག་པུས་མི་ཆོག་སྟེ། ཨ་ཕ་རོགས་རམ་བྱེད་དུ་འབོད་མི་ཐུབ་ལ། གཡོག་མོ་བོས་ཀྱང་རོགས་མི་བྱེད་ཁོ་ཐག་ཡིན།རྒྱུ་མཚན་ནི་ལོ་ཕལ་ཆེར་བཅུ་བདུན་ལ་སོན་པའི་གཞོན་ནུ་མ་དེས།སྔོན་ཆད་ཀྱི་ཟ་མ་ལས་མཁན་མ་དེས་ལས་གཡོལ་ཞུས་པ་ནས་བཟུང་།ཁྱིམ་ལས་ཡག་པོ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ནའང་།ཁྱིམ་བདག་ལ་དུབ་རྒྱུན་རང་ཉིད་ཇ་ཁང་དུ་སྒོར་ཟྭ་བརྒྱབ་ནས་འདུག་པ་དང་།ཁྱིམ་མོས་མོ་གཟས་ནས་བོས་པའི་ཚེ་མ་གཏོགས་སྒོ་འབྱེད་མི་དགོས་པའི་ཆོག་མཆན་ཞུས་ནས་ཐོབ་ཡོད།དེར་བརྟེན་མོའང་བྱ་ཐབས་ཟད་དེ་ཐེངས་ཤིག་ཨ་ཕ་ཁྱིམ་དུ་མེད་པའི་སྐབས་དང་བསྟུན་ནས་ཨ་མ་རོགས་རམ་ལ་བོས།ཨ་མ་ནི་ཐོག་མར་འུར་དང་བཅས་རྒྱུགས་ཡོང་མོད།ཀོ་ལི་ཀོར་གྱི་སྒོ་ཁར་བསླེབས་མ་ཐག་ལས་ལམ་སང་དུ་ལྐུགས་པ་ལྟར་དུ་ལུས་སོང་། སྲིང་མོས་སྔོན་ལ་ཁང་བའི་ནང་དུ་བལྟས་ཙམ་བྱས་ཏེ་ཡོད་ཚད་རྒྱུན་ལྡན་ཡིན་མིན་ཐག་བཅད་རྗེས། ད་གཟོད་ཨ་མ་ནང་ལ་ཡོང་དུ་བཅུགསྐབས་དེར་ཀི་ལི་ཀོར་གྱིས་ཚབ་ཚབ་ངང་མལ་སྟན་གྱི་ཁེབས་དམའ་མོར་འཐེན་ཏེ་ལྟེབ་གཉེར་གང་མང་ཞིག་འབབ་ཏུ་བཅུག་པར་བརྟེན།ཕར་བལྟས་ཚོད་དུ་ནེམ་ལྡན་ཉལ་ཁྲིའི་ངོས་སུ་གློ་བུར་སྐྱེས་ནས་བྱུང་བའི་མལ་སྟན་གྱི་ཐོག་ཁེབས་ཤིག་དང་མཚུངས།ཐེངས་དེར་ཀོ་ལི་ཀོར་གྱིས་དངོས་གནས་མལ་སྟན་ཐོག་ཁེབས་ཀྱི་འོག་ནས་ཕྱི་ལ་ལྐོག་ལྟ་བྱེད་མ་ཕོད།ཁོས་ཐེངས་དེར་མྱུར་དུ་ཨ་མ་དང་ངོ་འཕྲད་པའི་རེ་བ་བཏང་བ་ཡིན་ཏེ། མོ་ལྟ་སྐོར་ལ་བསླེབས་པ་ཙམ་གྱིས་ཀོ་ལི་ཀོར་གྱི་ཡིད་སེམས་སྤྲོ་བ་འབུམ་གྱིས་ཁེངས་ཡོད།“ཕེབས་ཤོག ང་ཚོས་ཁོ་མཐོང་མི་ཐུབ།”སྲིང་མོས་ཨ་མའི་དཔུང་བར་འཇུས་ནས་དེ་ལྟར་བཤད་པས། ཀོ་ལི་ཀོར་གྱིས་ཉམ་ཆུང་བའི་མ་སྨད་དེ་གཉིས་ཀྱིས་ཤིན་ཏུ་ལྗི་བའི་ཆ་སྒམ་རྙིང་བ་དེ་ཇི་ལྟར་སྣུར་བའི་སྒྲ་ཐོས་བྱུང་།སྲིང་མོས་སྔ་ཕྱི་ཀུན་ཏུ་ལས་ཀ་ལྗི་མོ་བཙལ་ནས་ལས་པ་ལ།ཨ་མས་མོ་ཐང་ཆད་པར་དོགས་ནས་བཀག་འགོག་གི་སྐད་ཆ་ཇི་ལྟར་བཤད་ཀྱང་མོས་ཡུན་རིང་བོ་ཞིག་ལ་སྣུར་སྤོ་བྱས།ལས་ཀ་དེ་བརྒྱུད་ནས་མོ་གཉིས་ཀྱིས་ཁོའི་ཁང་བའི་ནང་གི་ཅ་ལག་ཐམས་ཅད་སྒོར་བསྣུར་པར་མ་ཟད།ཁོ་དགའ་བའི་དངོས་པོ་ཡོད་དོ་ཅོག་ཀྱང་ཁྱེར་སོང་།དེ་ལས་ཁོའི་གཞུ་དབྱིབས་ཅན་གྱི་སོག་ལེ་ཕྲ་མོ་དང་ཅ་ལག་གཞན་རྣམས་འཇོག་བྱེད་ཀྱི་ཆ་སྒམ་དེའང་སྒོའི་ཕྱི་རུ་སྣུར་སྤོར་བྱས་ཟིན་ཏེ།ད་ལྟ་མོ་གཉིས་ཀྱིས་དང་ཐོག་མཐིལ་ཤིང་སྟེང་འཛེར་མ་མས་གཏན་ཁེལ་བྱས་ཡོད་པའི་དཔེ་ཅོག་གཏོར་ནས་ལེན་གྱིན་འདུག དེ་སྔོན་ཁོ་ནི་ཚོས་ལས་སློབ་གྲྭ་ཆེན་མོའི་སློབ་མ་ཡིན་དུས་དང་། གྲོང་ཁྱེར་གྱི་བཙུགས་པའི་སློབ་འབྲིང་གི་སློབ་མ་ཡིན་དུས།ཐ་ན་རྒྱལ་དམངས་སློབ་ཆུང་གི་སློབ་མ་ཡིན་དུས་ནས་བཟུང་།དཔེ་ཅོག་དེའི་སྟེང་དུ་ལས་བྱ་བྲིས་པ་ཡིན།སྐབས་དེར་ཁོ་ལ་མཚོན་ན་མ་སྨད་གཉིས་ཀྱིས་ཞེ་ལ་བཅངས་པའི་བསམ་འདུན་བཟང་བོ་དེར་ཞིབ་བཤེར་བྱེད་ཁོམ་མེད་པར་མ་ཟད།ཐ་ན་མོ་གཉིས་ཡོད་མེད་ཀྱང་བརྗེད་ཟིན་པ་འདྲ། དེ་དུས་མ་སྨད་གཉིས་ནི་ལས་ཀ་ལས་ཏེ་སྟོབས་ཟད་ཤུགས་རྫོགས་ཀྱི་ཚད་ལ་བསླེབས་ཡོད་པས། དེ་ཡི་ཚེ་ན་མོ་གཉིས་ཀྱི་ལྗིད་ཏིག་ཏིག་གི་གོམ་སྒྲ་ལས་ཅི་ཡང་ཐོས་རྒྱུ་མི་འདུག  

དེར་བརྟེན།ཁོ་ནི་གློ་རྡེག་ལ་སྒོའི་ཕྱི་ལ་བརྒྱགས་སོང(དེ་དུས་མ་སྨད་གཉིས་ཀྱིས་ཤག་མཚེས་ཀྱི་དཔེ་ཅོག་ལ་བརྟེན་ནས་ངལ་ཅུང་ཙམ་གསོ་བཞིན་འདུག)།ཁོས་ཁོམ་པའི་ཁ་ཕྱོགས་ཐེངས་བཞི་ཙམ་ལ་བསྒྱུར་ནའང་།ཁོས་ཐོག་མར་ཅི་ཞིག་བསྐྱབ་དགོས་པ་གཏན་ཁེལ་བྱེད་མ་ཐུབ།སྐབས་དེར་ཁོས་སྟོང་ཤིག་ཤིག་ཏུ་གྱུར་པའི་རྩིག་ངོས་སུ་གསལ་ལེར་བཀལ་འདུག་པའི་པགས་རིགས་ཀྱི་གྱོན་ཆོས་གྱོན་པའི་ལྕམ་མོ་དེའི་འདྲ་པར་བྲིས་མ་དེ་མཐོང་བས།བྲེལ་མྱུར་ངང་གྱང་ངོས་འགོས་ནས་པར་སྒྲོམ་ཤེལ་ལེབ་ཐོག་ལ་དམ་པོར་འཐམས་པ་ན།ཁོ་ནི་ཤེལ་སྒོའི་སྟེང་འབྱར་སོང་ལ།ཚ་རག་རག་གི་ཕོ་བའི་ངོས་སུ་བདེ་བའི་སྣང་བ་ཞིག་བྱུང་།ཀོ་ལི་ཀོར་གྱི་ལུས་ཡོངས་ཀྱིས་བསྒྲིབས་ཟིན་པའི་འདྲ་པར་ད་ནི་སུས་ཀྱང་འཁྱེར་མི་ཐུབ།ཁོས་མགོ་བོ་གཟིམ་ཁང་གི་སྒོའི་ཕྱོགས་སུ་འཁོར་ཏེ་མོ་གཉིས་ཡོང་བར་བལྟས་འདུག

མ་སྨད་གཉིས་ཀྱིས་ཅུང་ཙམ་ལ་ངལ་གསོའི་རྗེས་གཞིན་ནས་ཕྱིར་བསླེབས་བྱུང་།སྲིང་མོ་ཀོ་ལེ་ཐེའི་དཔུང་བས་ཨ་མ་ལ་འཁྱུད་པ་ནི་ཕལ་ཆེར་ཡར་ལ་བཏེགས་པ་འདྲ་བ་ཞིག་བྱས་ནས“ང་ཚོར་ད་ལྟ་དངོས་པོ་ཅི་ཞིག་འཁྱེར་རྒྱུ་ཡོད”ཅེས་འཆད་ཞོར་དུ་ཕྱོགས་བཞིར་སྐོར་ལྟ་བྱས།སྐབས་དེར་མོའི་མིག་འོད་དང་གྱང་ངོས་ཀྱི་ཀོ་ལི་ཀོར་གྱི་མིག་མདའ་རྩེ་སྤྲོད་དུ་ཕྲད་ཅིང་།ཕལ་ཆེར་ཨ་མ་གནས་དེ་རུ་ཡོད་པའི་རྐྱེན་གྱིས་མོ་ད་གཟོད་ལྷོད་འཇགས་སུ་གནས་ཐུབ་པ་བྱུང་བ་དང་།ཨ་མས་ཡར་ལྟ་མར་ལྟ་བྱེད་ཚུལ་འགོད་ཆེད་མོ་མགོ་བོ་སྒུར་ཏེབསྡད།སྐད་ཅུང་ཙམ་འདར་གྱིན་ཡོད་ནའང་འདང་སྤུ་ཙམ་ཡང་མི་རྒྱག་པར“ཤོག་དང་།ང་ཚོ་གནས་སྐབས་སུ་ཕྱིར་ཚོམས་ཁང་དུ་འགྲོ”ཞེས་བཤད།ཀོ་ལི་ཀོར་ལ་མཚོན་ན།ཀོ་ལི་ཐེའི་དམིགས་ཡུལ་ནི་གསལ་བོ་ཡིན།མོས་ཐོག་མར་ཨ་མ་བདེ་འཇགས་ཡིན་པའི་སར་འཁྲིད་པ་དང་།དེ་ནས་ཁོ་རྩིག་ངོས་ནས་མར་བདའ་འདེད་བྱེད་རྒྱུ་དེ་རེད།ཡ།མོར་ཚོད་ལྟ་བྱེད་དུ་ཆུགས་ཤིགཁོས་དེ་ལྟར་སེམས་བཞིན་པ་དང་འདྲ་སྟེ།འདྲ་པར་ལ་དམ་པོར་འཐམས་ཏེ་གཏན་ནས་མ་ལྷོད།ཐབས་ཀྱིས་སྟོངས་ཚེ་ཁོ་ད་རུང་ཀོ་ལེ་ཐེའེ་ངོ་མ་མཆོང་དགོས་སྙམ་ཡོད།

ཡིན་ནའང་ཀོ་ལེ་ཐེའི་སྐད་ཆས་ཨ་མའི་སེམས་པ་ལྷག་ཏུ་མི་བདེ་བར་བཏང་སོང་།མོ་གཞོགས་སུ་གོམ་པ་འགའ་སྤོས་མ་ཐག་གྱང་ཤོག་རི་མོ་ཅན་གྱི་སྟེང་དུ་ཁམ་ཐིག་ཆེན་པོ་ཞིག་ཡོད་པ་མཐོང་བར་མ་ཟད།མོའི་སེམས་རྣལ་དུ་མ་བབ་གོང་ལ་དེ་ནི་ཀོ་ལི་ཀོར་ཡིན་པ་ཐག་གིས་ཆོད་པར་བརྟེན།ཅུང་དམའ་ལ་འགགས་པའི་སྐད་ཀྱིས“ཨ་གནམ་རྒན་མ།ཨ། གནམ་རྒན་མ”ཞེས་འཆད་ཞོར་དུ།རེ་ཐག་ཡོངས་སུ་ཆད་པ་ལྟར་ལག་ཟུང་ཕྱོགས་གཉིས་སུ་བརྐྱངས་པ་དང་བཅས་ནེམ་ལྡན་ཉལ་ཁྲིའི་སྟེང་སྤྱི་ཚོགས་སུ་འགྱེལ་ནས་འགུལ་རྒྱུ་མེད་པར་གྱུར།“ཁྱོད།ཀོ་ལི་ཀོར།”སྲིང་མོས་ཁུ་ཚུར་བཅངས་ཤིང་ཁོང་ཁྲོའི་མེ་ལྕེ་མཆེད་པའི་ཉམས་ཀྱིས་དེ་ལྟར་བཤད།དེ་ནི་གཟུགས་འགྱུར་བ་ནས་ད་ལྟའི་བར་མོས་ཐད་ཀར་ཁོར་བཤད་པའི་སྐད་ཆ་ཚིག་དང་པོ་ཡིན།མོ་ཤག་མཚེས་སུ་ཨ་མ་དྲན་པ་སད་བྱེད་ཀྱི་དྲི་ཞིམ་རྫས་བཅུད་ལེན་དུ་བུད་སོང་།ཚུལ་དེ་མཐོང་བས་ཀོ་ལི་ཀོར་ཡང་རོགས་བྱེད་དུ་འགྲོ་དགོས་སྙམ་པའི་དུས་མཚུངས་སུ།འདྲ་པར་དེ་བསྐྱབ་པའི་དུས་ཚོད་ད་དུང་རང་ཉིད་ལ་ཡོད་ངེས་བསམས།ཡིན་ནའང་ཁོ་ཤེལ་ལེབ་ངོས་སུ་དམ་པོར་འབྱར་འདུག་པས།སྟོབས་ཤུགས་ཆེན་པོ་ཡང་ཡང་བཀོལ་པ་བརྒྱུད་ད་གཟོད་ཐར་ཐུབ་པ་བྱུང་།མཐུད་ནས་ཁོ་ཡང་ཤག་མཚེས་སུ་སོང་ལ།སྔར་དང་འདྲ་བའི་སྲིང་མོར་ཐབས་བཀོད་སྣ་ཚོགས་འཐེན་དགོས་སྙམ།ཡིན་ནའང་།ཕྱིས་སུ་ལག་པ་བསྲིང་འདོད་ཀྱི་ཕུ་རུང་ཐུང་བའི་དཔེ་ལྟར་སོང་བས།མོའི་རྒྱབ་ཏུ་འུ་ཐུག་པའི་ངང་འདུག་དགོས་པ་བྱུང་།སྐབས་དེར་མོས་བྲེལ་འཚུབ་ངང་དམ་བེ་མང་བོའི་ཁྲོད་དུ་ཅི་ཞིག་འཚོལ་གྱིན་འདུག ཡུད་ཙམ་ནས་མོ་ཁ་ཕྱིར་འཁོར་ཏེ་ཁོ་མཐོང་འཕྲལ་འཇིགས་སྔངས་ཀྱི་རྣམ་པ་དང་བཅས་ལག་གི་དམ་བེ་ཆུང་ཆུང་དེ་སར་ལྷུང་ནས་ཆག་ཅིང་།ཤེལ་གྲུག་ཅིག་གིས་ཀོ་ལི་ཀོར་གྱི་གདོང་ལ་རྨ་བཏོད་དང་འབྲེལ།ཟག་བྱེད་རང་བཞིན་དང་ལྡན་པའི་སྨན་ཆུ་དེ་ཁོའི་མཐའ་འཁོར་དུ་བཞུར་གྱིན་འདུགཀོ་ལེ་ཐེ་གནས་དེ་རུ་བྲེལ་ཟིང་གིས་ཅུང་ཙམ་ལའང་སྡོད་མི་ཚུགས་ཏེ།དམ་བེ་ཆུང་ཆུང་རྣམས་ལས་མང་བོ་ཞིག་ཁྱེར་ཏེ་ཐད་ཀར་ཨ་མ་ཡོད་སའི་ཁང་དེར་བརྒྱུགས་ཤིང་།རྐང་བས་ཁང་བ་དེའི་སྒོ་ཁོག་སྒྲ་དང་བཅས་བརྒྱབ་སོང་།ད་ནི་ཀོ་ལི་ཀོར་དང་ཁོའི་ཨ་མ་རང་རང་སར་བཀར་ནས་མི་འཕྲད་པར་བྱས་འདུག་ཅིང་།ཁོའི་ནོར་འཁྲུལ་གྱི་དབང་གིས་ཨ་མ་ལྔ་ལམ་དུ་འགྲོ་བའི་ཉེན་ཁས་ཀུན་ནས་བསྐོར་འདུགཁོས་སེམས་ལ་ཨ་མའི་འགྲམ་དུ་ངེས་པར་འདུག་དགོས་པའི་སྲིང་མོ་སྐྲག་ནས་བྲོས་འགྲོ་སྙམ་པས་སྒོའང་འབྱེད་མ་ཕོད།དེར་བརྟེན་ཁོ་ལ་མཚོན་ན་ངང་སྒུག་བྱེད་པ་ལས་གནས་སྐབས་སུ་ལས་རྒྱུ་ཅི་མེད། ལེ་བདའ་དང་སྐྱོ་སྡུག་གི་གནོན་ཤུགས་དྲག་པོའི་འོག ཁོ་གཞི་ནས་གོག་འགྲོ་བྱེད་དགོས་བྱུང་།ཁོ་གང་བྱུང་དུ་གོག་འགྲོ་བྱས།ཁོ་ནི་རྩིག་ངོས་དང་ཅ་ལགཁང་བའི་གནམ་ཡོལ་ངོས་སོགས་སུ་ཅི་འདོད་ལྟར་གོག་འགྲོ་བྱས། མཇུག་མཐར་རེ་ཐག་ཆད་པའི་ཚོར་སྣང་ལ་ཁང་བ་ཧྲིལ་བོ་ཁོའི་མཐའ་རུ་འཁོར་བཞིན་འདུག་ལ། འཁོར་རྒྱུན་དེའི་ནང་ཁོ་གཞི་ནས་ཅོག་ཙེ་ཆེན་པོ་དེའི་དཀྱིལ་ལ་ལྷུང་ནས་བརྡབས་སོང་།

ཡུད་ཙམ་འགོར་རྗེས། ཀོ་ལི་ཀོར་ནི་སྟོབས་ཤུགས་ཡོངས་སུ་ཉམས་ཏེ་ནར་འགྱེལ་བྱས་ནས་སྡོད་དགོས་བྱུང་སོང་།ཕྱོགས་བཞི་ཧྲིལ་བོ་དབེན་ཐིང་ངེས་པའང་མེད།དེ་དུས་སྒོ་དྲིལ་གྲག་བྱུང་།བུ་མོ་དེས་རང་ཉིད་ཇ་ཁང་ནང་དུ་ཟྭ་བརྒྱབ་ནས་བཅུག་ཡོད་པས། སྒོ་དབྱེ་རུ་ཀོ་ལེ་ཐེ་འགྲོ་དགོས་པ་རེད། མ་གཞིར་དེ་ནི་ཨ་ཕ་ཕྱིར་བསླེབས་པ་ཡིན་འདུག ཁོས་ཐད་ཀར“དོན་དག་ཅི་ཞིག་བྱུང་སོང་བ་ཡིན་ནམ”ཞེས་དྲིས་བྱུང་སྟེ། ཕལ་ཆེར་ཀོ་ལི་ཐེའི་ཕྱིའི་རྣམ་འགྱུར་དེས་གསང་བ་ཕྱིར་མངོན་དུ་བཅུག་པ་འདྲ།མོས་སྐད་འགག་བཞིན་ལན་འདེབས་པའི་ཚུལ་ལ་ཉན་ན།མོའི་ངོ་གདོང་དེ་ཨ་ཕའི་བྲང་ཁར་གླན་ཡོད་པ་པ་ངེས་ཅན་ཡིན།“ད་ཅི་ཀོ་ལི་ཀོར་སྒོར་བྲོས་ཡོང་བར་བརྟེན། ཨ་མ་མགོ་ཡོམ་འཁོར་ནས་འགྱེལ་སོང་བ་ཡིན་ཏེ།ད་ལྟ་ཅུང་ཙམ་ཇེ་བཟང་དུ་སོང་ཡོད”ཀོ་ལི་ཐེས་དེ་ལྟར་གསལ་བྱེད་བྱས་པ་ན།ཨ་ཕས“ངའི་ཚོད་དཔག་བྱས་པ་ལས་མ་འདས”ཞེས་ཟེར་ལ།མཐུད་ནས་སླར་ཡང“ངས་ནམ་རྒྱུན་ཁྱོད་ཚོའི་བཤད་པ་མ་ཡིན་ནམ།ཡིན་ནའང་ཁྱོད་ཚོ་མ་སྲུ་རྣམས་ལ་ཉན་འདོད་མི་འདུག་པ”ཞེས་ཟེར། ཀོ་ལི་ཀོར་གྱི་སེམས་ལ་ཨ་ཕས་ཀོ་ལེ་ཐེའི་ཚིག་འདུས་དྲགས་ཀྱི་གསལ་བཤད་དེ་ངན་ཕྱོགས་སུ་གོ་བ་བླངས་པར་མ་ཟད།ཀོ་ལི་ཀོར་གྱིས་དྲག་ཤུལ་སྤྱད་པའི་ཉེས་པའང་བསགས་ཡོད་པར་སྙམ་པས།ཁོས་ཐོག་མར་ངེས་པར་ཨ་ཕའི་ཁོང་ཁྲོ་ཞི་བར་བྱ་དགོས་འདོད་ནའང་།ཁོར་འགྲེལ་བཤད་ཀྱང་བྱེད་མི་ཐུབ་པས།ཨ་ཕ་སྒོ་ཚོམས་བརྒྱུད་ནས་འོང་སྐབས།དེ་མ་དེ་ཚུགས་ཀྱིས་ཁོ་མཐོང་བར་བྱེད་ཆེད།ཁོ་ནི་བྱོལ་ནས་རང་གི་སྒོ་ཁར་བསྡད་ཅིང་སྒོ་འགྲམ་དུ་འཁུམས་པར་གནས་ལ།དེ་དུས་ཀོ་ལི་ཀོར་ལ་ད་དུང་ཆེས་ལེགས་པའི་རེ་འདུན་ཞིག་ཡོད་པ་ནི།བློ་གཅིག་སེམས་གཅིག་ངང་མྱུར་དུ་རང་གི་ཁང་བར་ཕྱིར་ལྡོག་རྒྱུ་དེ་ཡིན།ཁོ་ཚོས་རྒྱུ་མཚན་ཅིའང་མེད་པའི་ངང་ཁོ་ལ་བདའ་འདེད་དགོས་དོན་མེད་དེ།ཁོ་ཚོས་ཁང་བའི་ཁང་སྒོ་ཕྱེ་བ་ཙམ་གྱིས་ཁོ་རང་འགུལ་གྱིས་ནང་དུ་སོང་ཆོག་པ་ཡིན།

ཡིན་ནའང་ཨ་ཕར་དེའི་སྣང་བ་སྤུ་ཙམ་ཡང་མེད་དེ།ཁོའི་ཕྲ་ཞིང་ཞིབ་པའི་བརྩེ་དུངས་དེ་དག་གཏན་ནས་ཚོར་མ་བྱུང་།“ཨ”ཁོ་ནང་དུ་ཡོང་མ་ཐག་དེ་ལྟར་འུར་བརྒྱབ་སོང་སྟེ།སྐད་ཀྱི་གདངས་སུ་ཕལ་ཆེར་ཁོང་ཁྲོ་འདྲེས་ཡོད་ལ་སྤྲོ་སྣང་ཡང་འདྲེས་པ་ཡོད་འདྲ།ཀོ་ལི་ཀོར་གྱིས་མཐོ་བོ་སྒོ་ཐོག་ནས་ཕྱིར་བསྐུམས་ཤིང་ཤིང་མཐུད་ནས་ཡར་དགྱེ་ཙམ་དང་བཅས་ཨ་ཕར་བལྟས། ཨ་པ་དེ་འདྲ་ཞིག་ཡིན་པ་ནི་ཁོའི་ཡིད་ཀྱི་དགུ་ལའང་དྲན་མ་མྱོང་།དངོས་གནས་ཉེ་ཆར་ཁོ་ཡ་མཚན་པའི་ངང་ཡར་ནུར་མར་ནུར་ཁོ་ན་བྱེད་པ་ལས།སྤོན་ཆད་དང་འདྲ་བར་ཁྱིམ་གྱི་གྲུ་ག་གཞན་དག་ཏུ་བྱུང་བའི་དོན་རྣམས་ལ་སེམས་ཁུར་བྱེད་དགོས་པའི་ཚུལ་བརྗེད་ཟིན་པ་འདྲ།དོན་དངོས་སུ་གནས་ཚུལ་འགྱུར་ལྡོག་གི་ཕྱོགས་ལ་སྔོ་མོ་ནས་བསམ་བློའི་གྲ་སྒྲིག་ཡོད་དགོས་པ་ཡིན། ཡིན་ནའང་།འདི་འདྲ་ནི་ཨ་ཕ་ཞིག་ཡིན་ངེས་སམ། སྔོན་ཆད་ཡིན་ན་ཀོ་ལི་ཀོར་ནམ་རྒྱན་གཞུང་དོན་དུ་ས་ཆ་གཞན་དུ་ཆས་ཁར།ཁོ་ནང་ཡིན་རུང་ངལ་དུབ་ཚད་མེད་དང་བཅས་མགོ་བོ་མལ་ཐུལ་ནང་བཅུག་ནས་ཉལ་བ་དང་།ནུབ་མོ་ཕྱིར་བསླེབས་རྒྱབ་ཡོལ་ཅན་ལ་བསྙེས་ཏེ་ཁོར་སྒུག་ཅིང་།དེ་ལས་ཕལ་ཆེར་ལང་མི་སྲིད་དེ།ལག་པ་ཡར་བསྒྲེངས་ཏེ་སེངས་ཁོང་གི་དགའ་སྣང་མཚོན་པར་བྱེད།ལོ་གཅིག་གི་ནང་བཟང་མི་ཚང་མ་མཉམ་དུ་འཛོམས་ཏེ་འཆམ་འཆམ་དུ་ཕྱི་ལ་འགྲོ་བའི་གཟའ་ཉི་མའམ།དུས་ཆེན་གལ་འགངས་ཅན་གྱི་ཉིན་མ་དག་ལ།ཁོ་ནི་དོན་དངོས་སུ་འགྲོས་ཧ་ཅང་དལ་བའི་ཀོ་ལི་ཀོར་དང་ཨ་མ་གཉིས་ཀྱི་རྗེས་སུ་ཁོ་གཉིས་ལས་ཀྱང་དལ་བའི་ངང་དུ་འགྲོ་བར་བྱེད།ད་དུང་རང་གི་ལྭ་རིང་རྙིང་བ་དེས་ཡོངས་སུ་བཏུམས་ཤིང་སེམས་ཆུང་ངང་ལག་རྟེན་ལ་ཁེན་ནས་གོམ་ཁ་མདུན་དུ་སྣུར་གྱིན་ཡོད།གལ་ཏེ་ཁོས་སྐད་ཆ་གང་ཞིག་བཤད་འདོད་ཚེ།གོམ་པ་སྤོ་འཚམས་བཞག་སྟེ་ཁོ་དང་མཉམ་དུ་འགྲོ་བའི་མི་རྣམས་ཁོའི་མཐའ་ལ་རུབ་ཏུ་འཇུག་པ་ཡིན།འོན་ཀྱང་ད་ལྟ་ཁོའི་གཟུགས་གཞི་མདའ་མོ་ལྟར་དྲང་མོར་བསྲིངས་ཤིང་།ལུས་ལ་གསེར་སྒྲོག་བཏགས་པའི་འཁོབས་དོག་ལུས་འབྱར་གྱི་ལས་གོས་སྔོན་པོ་ཞིག་གྱོན་ཡོད་པ་དེ་ནི་དངུལ་ཁང་ལག་གཡོག་གི་ཆ་ལུགས་རྣམ་མ་རེད།མཁྲང་ཞིང་ཟླུམ་པའི་མ་ནེ་ཉིས་རྩེག་དེ་སྟོས་གོས་ཀྱི་གོང་བ་སྲ་མོའི་ཕྱི་རུ་མངོན་ཡོད་པ་དང་།སྨིན་མ་སྟུག་པོའི་འགབ་ཀྱི་མཐིང་ནག་གི་མིག་ཟུང་ལས་གྲུང་ཤ་དོད་ཅིང་བླ་རྩེ་གཅིག་ཏུ་གཞོལ་བའི་མིག་འོད་ཅིག་འཕྲོས་འདུགནམ་རྒྱུན་ཟིང་ངེར་གཟེངས་པའི་མགོ་སྐྲ་དཀར་པོའང་དེ་དུས་ཤད་ནས་འཇམ་ཀྱིག་ཀྱིག་དང་འོད་ལམ་ལམ་བྱེད།ཁོས་དངུལ་ཁང་ག་གེ་མོའི་མིང་ཡིག་གི་ཆེས་ཐོག་མའི་གསལ་བྱེད་ཡི་གེར་གསེར་མདོག་ཅན་དེ་གཙགས་ཡོད་པའི་ཞྭ་མོ་དེར་གཞུ་དབྱིབས་ཐིག་ཅིག་འབབ་ཏུ་བཅུག་སྟེ།སྒོ་ཁ་ནས་ཕུག་གི་ནེམ་ལྡན་ཉལ་ཁྲིའི་ངོས་སུ་གཡུགས་པ་དང་། ཧ་ཅང་རིང་བའི་ལས་གོས་དེའི་ལྭ་བ་འདབས་རྗེས་ཕྱོགས་སུ་འཕངས་འཕྲལ།ལག་ཟུང་དོར་མའི་ཁུག་མ་རུ་བཏང་ཞིང་ངོ་གནག་བཞིན་ཀོ་ལི་ཀོར་གྱི་ཕྱོགས་སུ་དེངས།ཕར་བལྟས་ན་ཁོ་རང་ཉིད་ཀྱིས་ཀྱང་རང་གིས་ཅི་ཞིག་ལས་དགོས་པ་རྟོགས་དཀའ་བ་འདྲ།ཡིན་ནའང་ཁོས་རྐང་བ་མཐོན་པོ་བྱས་ནས་བཏེགས་འདུག་པས།ཀོ་ལི་ཀོར་གྱིས་སྐྲག་སྔངས་དང་བཅས་ཁོའི་དཀྱར་ཆེན་པོ་དེའི་ཕྱི་རྟིང་ལ་བལྟས་ནས་འདུག་དགོས་བྱུང་།ཡིན་ནའང་ཁོས་དུས་ཚོད་ཅུང་ཙམ་ཡང་དལ་འདོར་བྱེད་མི་འདོད་དེ།རང་གི་འཚོ་བ་གསར་བ་དེའི་མགོ་བརྩམས་པའི་ཉིན་དང་པོ་ནས་བཟུང་།ཨ་ཕས་རང་ཉིད་ལ་འཇིགས་སྣང་དང་བཙན་ཤེད་ཀྱི་སྤྱོད་ཚུལ་འཛིན་གྱིན་ཡོད་པ་ནི་ཁོས་གསལ་བོར་ཤེས་ཡོད་པ་ཡིན།དེ་བས་ཁོ་ཨ་ཕས་གོམ་པ་སྤོ་མཚམས་བཞག་ན་ཁོ་ཡང་བསྡད་པ་དང་།ཨ་ཕ་འགུལ་ཙམ་བྱས་དུས་ཁོ་སླར་ཡང་མདུན་དུ་བརྒྱུགས།ཁོ་ཚོས་དེ་ལྟར་ཁང་བའི་ནང་སྐོར་བ་ལན་འགབ་བརྒྱབ་ནའང་།དོན་དག་ཚབས་ཆེན་ཅི་ཡང་མ་བྱུང་།དོན་ངོ་མར་ཀོ་ལི་ཀོར་གྱི་གོམ་པའི་མྱུར་ཚད་ཧ་ཅང་དལ་བས་ན།དེ་ནི་བདའ་འདེད་བྱེད་པ་ཞིག་དང་གཏན་ནས་མི་འདྲ།དེ་བས་ཀོ་ལི་ཀོར་ནི་སྔར་དང་འདྲ་བར་མཐིལ་གཅལ་དུ་བསྡད་འདུགརྒྱུ་མཚན་ནི་ཨ་ཕས་ཁོ་རྩིག་ངོས་དང་ཁང་བའི་གནམ་ངོ་ལ་འབྲོ་བར་བྱེད་པ་ནི་ཧ་ཅང་ངན་པའི་སྤྱོད་ཚུལ་ཞིག་ལ་བརྩི་ངེས་པར་སྐྲག་པ་རེད།ཡིན་ནའང་ཀོ་ལི་ཀོར་གྱིས་འབྱུང་འགྱུར་ཅི་འདྲ་ཡིན་ཚུལ་རང་གི་སེམས་ངོར་གསལ་ལྷང་ངེར་ཐག་བཅད་ཡོད་ཅིང་།ཐ་ན་ཁོ་ཡར་རྒྱུག་མར་རྒྱུག་བྱེད་མི་ཐུབ་པ་ཤེས་ཡོད།རྒྱུ་མཚན་ནི་ཨ་ཕ་གོམ་པ་གང་སྤོ་བའི་དུས་ཡུན་ནང་ཁོས་ཡ་གི་མ་གི་བཅོ་བརྒྱད་བྱེད་དགོས་པས་ཡིན།དེ་ལྟར་ཁོར་གཞི་ནས་དབུགས་འཚངས་པའི་སྣང་བ་བྱུང་།སྔོན་ཆད་ནས་བཟུང་ཁོའི་གློ་བ་དེ་འདྲ་བཟང་རྒྱུ་མེད།ལྷག་དོན་ད་ལྟ་འཁྱར་འཁྱོར་ངང་མཆོང་རྒྱུག་བྱེད་དགོས་པར་མ་ཟད།ཁོས་སྟོབས་ཤུགས་ཡོངས་རྫོགས་མཆགོང་རྒྱུག་བྱེད་རྒྱུའི་སྟེང་དུ་བསྡུ་ཆེད་མིག་ཀྱང་ཕལ་ཆེར་འབྱེད་ཀྱིན་མེད།ཁོ་ཧན་ཧོན་དུ་གྱུར་ནས་ཡར་འབྲོ་མར་འབྲོ་བྱེད་པ་ལས།རང་ཉིད་སྐྱོབ་ཐུབ་པའི་ཐབས་བཀོད་གཞན་ཅི་ཡང་དྲན་རྒྱུ་མ་བྱུང་།རང་ཉིད་ནི་སླ་མོར་རྩིག་ངོར་འགོ་ཐུབ་པའང་ཕལ་ཆེར་བརྗིད་ཟིན་པ་འདྲ།གསལ་བྱེད་བྱེད་རྒྱུ་ཞིག་ལ་གནས་དེའི་རྩིག་ངོས་ནི་རི་མོ་བརྐོས་པ་ཞིབ་ཚགས་ལྡན་ཞིང་།ཟུར་རྩེ་དང་མེ་ཏོག་གི་མཐའ་རྒྱན་གྱིས་ཁེངས་པའི་ཁྱིམ་ཆས་ཀྱིས་ཡོངས་སུ་བཀང་ནས་འདུགསྐབས་དེར།ཕྱོགས་གཞན་ནས་འཕངས་ཡོང་བའི་དངོས་པོ་ཞིག་ཁོའི་འགྲམ་དུ་ཐང་ལ་ལྷུང་ཞིང་མཐུད་ནས་མདུན་ཕྱོགས་སུ་ཕར་གྲིལ་སོང་།འོ།མ་གཞི་དེ་ནི་བིམ་པ་ཞིག་ཡིན་པ་འདུགཅང་མ་འགོར་པར་བིམ་པ་གཉིས་པའང་ཁོའི་ཕྱོགས་སུ་འཕུར་ཡོང་བས།ཀོ་ལི་ཀོར་ནི་སྐྲག་སྟེ་འགུལ་མོ་ཕོད་པར་གྱུར།ཁོ་མུ་མཐུད་དུ་བྲོས་ན་ཕན་པ་ཅི་ཡང་མེད་དེ།ཨ་ཕས་ཁོ་འགད་གཏོར་བྱ་རྒྱུའི་སེམས་ཐག་བཅད་འདུགཁོས་ཟས་སྣོད་ཀྱི་ཆ་སྒམ་སྟེང་ན་ཡོད་པའི་སིལ་ཏོག་གི་སྡེར་མའི་ནང་གི་བིམ་པ་དག་རང་གི་ཁུག་མར་བཅུག་ནས་ཁ་མེད་མིག་མེད་ཀྱིས་གཅིག་འཕྲོར་གཅིག་མཐུད་ནས་ཁོའི་ཕྱོགས་སུ་འཕངས་སོང་།བིམ་པ་དམར་ཆུང་དེ་དག་གི་སྟེང་ན་གློག་ཡོད་པ་ལྟར་མཐིལ་ཤིང་གི་ངོས་སུ་གང་སར་འགྲིལ་གྱིན་ཡོད་པར་མ་ཟད། ལན་རེར་གདོང་ཐུག་ཀྱང་རྒྱག་གིན་ཡོད།ཤེད་ཤུགས་དེ་འདྲ་མ་བཀོལ་པར་འཕངས་པའི་བིམ་པ་ཞིག་ཀོ་ལི་ཀོར་གྱི་རྒྱབ་ངོས་སུ་ཕོག་ཙམ་བྱུང་ནའང་། ཁོ་ལ་རྨས་སྐྱོན་ཅི་ཡང་མ་བྱུང་བར་ཤུད་ནས་གྲིལ་སོང་།དེར་མཐུད་ནས་འཕངས་ཡོང་བའི་བིམ་པ་དེ་ནི་ཡོ་གཟུར་མེད་པར་ཁོའི་སྒལ་བར་ཕོག་པས།ལུས་གསེང་ལ་ཟུག་སོང་བའི་སྣང་བ་སྟེར།ཀི་ལི་ཀོར་གྱིས་འཕག་འཚག་བརྒྱབ་ནས་སྔོན་གོག་འགྲོ་བྱེད་བསམས་ཏེ།གནས་སྤོར་ཐུབ་པ་བྱུང་ན་ཐོལ་བྱུང་གི་བསམ་ཡུལ་ལས་འདས་པའི་ན་ཟུག་དེ་ཡལ་འགྲོ་བ་དང་མཚུངས།ཡིན་ནའང་ཁོའི་སྣང་བ་ལ་རང་ཉིད་སྔར་གནས་སུ་གཟེར་བུ་བཏབ་པ་བཞིན་སྦྱར་འདུག་པས།ཧན་ཧོན་དུ་གྱུར་ཅིང་འགུལ་མེད་དུ་ཐང་ལ་འགྱེལ།ཁོས་མཇུག་མཐའི་མིག་མདའ་དེ་འཕངས་པའི་དུས་དེར།མཐོང་ལམ་དུ་མངོན་པ་ནི་ཁོའི་ཁང་བའི་སྒོ་ཤུགས་ཀྱིས་ཕྱེ་བྱུང་བ་དེ་ཡིན།ཨ་མས་འུར་སྐད་སྒྲོག་བཞིན་པའི་སྲང་མོའི་སྔུན་བླངས་ནས་བརྒྱུགས་ཡོང་།མོའི་ལུས་སུ་ནང་ལྭ་ཙམ་ལས་གོན་མི་འདུག་སྟེ།དེ་ནི་མོའི་ཚོར་བ་ཉམས་དུས་དབུགས་གཏོང་ལེན་བྱེད་བདེ་བའི་ཆེད་ཡིན་པས་ན།སྲིང་མོས་མོའི་གོས་ཀྱི་སྒྲོག་བུ་རྣམས་ཡོངས་སུ་གྲོལ་ནས་ཡོད་། དེར་མ་ཟད་ད་དུང་ཁོས་ཨ་མ་ནི་ཨ་ཕའི་ཕྱོགས་སུ་རྒྱུག་བཞིན་པ་མཐོང་བྱུང་ལ། རྒྱག་པའི་ལམ་དུ་མོའི་གྲོལ་ཟིན་པའི་སྟོད་གོས་དང་སྨད་གཡོགས་རེ་རེ་བཞིན་སྔ་ཕྱིར་ས་ལ་ལྷུང་ཞིང་། གྱོན་ཆོས་དེ་དག་གིས་མོར་སྒྱིད་སྐྱོགས་རྒྱག་བཞིན་ཡོད་ནའང་།བཙན་ཚུགས་ཀྱིས་བརྒྱུགས་ཏེ་ཨ་ཕར་འཐམས་ཤིང་འཁྱུད་པར་བྱས་ཏེ(ཡིན་ནའང་དེ་དུས་ཀོ་ལི་ཀོར་གྱི་མིག་ཤེས་ཉམས་འདུག)མོས་ལག་ཟུང་གིས་ཨ་ཕའི་ལྟག་ཀོར་ལ་འཇུས་ནས་ཀོ་ལི་ཀོར་ལ་སྲོག་གི་སྦྱིན་པ་སྩོལ་པའི་རེ་བ་ཞུས།

རྩོམ་ཁུངས། ༢༠༠༨ལོའི་སྦྲང་ཆར།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གཟུགས་འགྱུར་ཟིན་ཐོ། ༡

2009-10-31 ཧྥོ་རན་ཙི་ཁ་ཧྥ་ཁས་འཛད། གྲུ་ཆར་ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།