བདག་གི་རྟོགས་སད་ཀྱི་ཀློང་རིམ་ན།

མེན་སིན།༼དབྱིན་ཇི༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2012-04-12


བདག་གི་རྟོགས་སད་ཀྱི་ཀློང་ན
རྨས་ལ་ཤོར་བའི་རྨི་ལམ་ཞིག
བརྩེ་གདུང་གི་མིག་ཀོང་ན་སྐྱོམ་པའི
གཙང་རྒྱུན་དང་བསྡོངས་ཏེ་འཁྱིལ་འོངས
 
བདག་གི་རྟོགས་སད་ཀྱི་ཀློང་ན
ལོ་ཟླའི་དམུ་ཐག་ལ་བརྒྱུས་པའི
ཆགས་སྡང་གི་མེ་རི་གས་བྱུང
 
བདག་གི་རྟོགས་སད་ཀྱི་ཀློང་ན
གྲིབ་གཟུགས་ཤིག་གི་དལ་ལྷོད་ཀྱི་གོམ་འགྲོས
རྟག་བརྟན་དུ་བཀོད་པའི
མུན་ནག་གི་མཐོངས་སུ་གྲུབ
 
བདག་གི་རྟོགས་སད་ཀྱི་ཀློང་ན
སྔ་མོ་ནས་དོར་ཟིན་པས
སྤུན་གྲོགས་ཚོ  ཅི་མི་སྙམ་པའི་གློ་ཉལ་ལ་རོལ
 
ཁོ་ཚོར མིག་ཟུང་བརླན་པའི
མཆི་མའང་ཕོངས་མྱོང
 
བདག་གི་རྟོག་སད་ཀྱི་ཀློང་ན
རྡོ་བའི་མཁར་གྲོང་ཞིག
ཁེར་ཧྲེང་ངང་འགྱེལ་སོང
 
བདག་གི་རྟོགས་སད་ཀྱི་ཀློང་ན
དུངས་ཞེན་གྱི་ཕྱི་ཡུལ་འགྲིམས་པ
གོད་ཆག་གི་འབྲས་སུ་སྨིན
 
འོན་ཏེ   བདག་གི་རྟོག་སད་ཀྱི་ཀློང་ན
ཉམ་ཉེས་ཤིག མགོ་ཐོག་ཏུ་འཁྱིར་ཡང
དུང་སེམས་ཤིག  ད་དུང་འཁྲི་འདུག་པ
བདག་གིས ཅི་ལ་མི་ཚོར
 
བདག རྨང་ནས་སད་འདོད་པ་དེ
རང་གི་གཅེས་ཕྲུག་ཚོའི་སླད་དུ
བདག་གི་དུངས་ཀ་ཡང        ཁོ་ཚོའི་ན་ཚོད་དང་ལྷན་དུ་གཉོམ་ལག་རྒྱས་ངེས
    ༼8/4/2012 ཉིན། ན་བུན་གྱིས་བསྒྱུར།༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་རྟོགས་སད་ཀྱི་ཀློང་རིམ་ན།

2012-04-12 མེན་སིན།༼དབྱིན་ཇི༽ ཀློག་གྲངས། མཆན ཡོད།


བདག་གི་རྟོགས་སད་ཀྱི་ཀློང་ན
རྨས་ལ་ཤོར་བའི་རྨི་ལམ་ཞིག
བརྩེ་གདུང་གི་མིག་ཀོང་ན་སྐྱོམ་པའི
གཙང་རྒྱུན་དང་བསྡོངས་ཏེ་འཁྱིལ་འོངས
 
བདག་གི་རྟོགས་སད་ཀྱི་ཀློང་ན
ལོ་ཟླའི་དམུ་ཐག་ལ་བརྒྱུས་པའི
ཆགས་སྡང་གི་མེ་རི་གས་བྱུང
 
བདག་གི་རྟོགས་སད་ཀྱི་ཀློང་ན
གྲིབ་གཟུགས་ཤིག་གི་དལ་ལྷོད་ཀྱི་གོམ་འགྲོས
རྟག་བརྟན་དུ་བཀོད་པའི
མུན་ནག་གི་མཐོངས་སུ་གྲུབ
 
བདག་གི་རྟོགས་སད་ཀྱི་ཀློང་ན
སྔ་མོ་ནས་དོར་ཟིན་པས
སྤུན་གྲོགས་ཚོ  ཅི་མི་སྙམ་པའི་གློ་ཉལ་ལ་རོལ
 
ཁོ་ཚོར མིག་ཟུང་བརླན་པའི
མཆི་མའང་ཕོངས་མྱོང
 
བདག་གི་རྟོག་སད་ཀྱི་ཀློང་ན
རྡོ་བའི་མཁར་གྲོང་ཞིག
ཁེར་ཧྲེང་ངང་འགྱེལ་སོང
 
བདག་གི་རྟོགས་སད་ཀྱི་ཀློང་ན
དུངས་ཞེན་གྱི་ཕྱི་ཡུལ་འགྲིམས་པ
གོད་ཆག་གི་འབྲས་སུ་སྨིན
 
འོན་ཏེ   བདག་གི་རྟོག་སད་ཀྱི་ཀློང་ན
ཉམ་ཉེས་ཤིག མགོ་ཐོག་ཏུ་འཁྱིར་ཡང
དུང་སེམས་ཤིག  ད་དུང་འཁྲི་འདུག་པ
བདག་གིས ཅི་ལ་མི་ཚོར
 
བདག རྨང་ནས་སད་འདོད་པ་དེ
རང་གི་གཅེས་ཕྲུག་ཚོའི་སླད་དུ
བདག་གི་དུངས་ཀ་ཡང        ཁོ་ཚོའི་ན་ཚོད་དང་ལྷན་དུ་གཉོམ་ལག་རྒྱས་ངེས
    ༼8/4/2012 ཉིན། ན་བུན་གྱིས་བསྒྱུར།༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།