བསྒྱུར་རྩོམ་ཁག་བཞི།

   རྒྱང་རིང་དང་ཉེ་ས།
                    ཀོའུ་ཁྲིན(顾城)
ཁྱོད་ཀྱིས
མཚམས་རེར་ང་ལ་བལྟ
སྐབས་རེར་སྤྲིན་ལ་བལྟ
 
ངས་བལྟས་ན
ཁྱོས་ང་ལ་བལྟ་དུས་ཆེས་རྒྱང་རིང་དང
ཁྱོས་སྤྲིན་ལ་བལྟ་དུས་ཆེས་ཉེ་ས་རེད
 
           སྣང་འཆར།
                                 ཝོའུ་ཀྲིན།(吴正)༼ཤང་ཀང༽
བལྟ་མི་དགོས་པའི་དུས་སུ་ངོ་གདོང་འཁོར་ཆོག
ཉན་མི་དགོས་པའི་སྐབས་སུ་རྣ་ཁུང་གཅད་ཆོག
འོན་ཀྱང་མུ་མཐུད་དུ་བསམ་བློ་གཏོང་མི་ཐུབ་པའི་དུས་སུ་ཅི་བྱེད་དམ

              དུས་ཚོད།
                         ལུག་ཡའན་ཞང་།(刘延湘)༼ཐའེ་ཝན༽
དུས་ཚོད་ནི་མྱུར་བགྲོད་རླངས་འཁོར་གྱི་གཞུང་ལམ་ཞིག
གཞུང་ལམ་ནི་ཁུ་སུམ་ལྷིང་འཇགས་ཀྱི་ཆུ་རྒྱུན་ཞིག
ཆུ་རྒྱུན་ནི་རྒྱ་མཚོའི་ལུས་པོའི་ཡན་ལག་ཅིག་ཡིན་ན
རྒྱ་མཚོ་ནི
ཆུ་བྱ་གང་མང་ཞིག་གི་ཁ་བརྡ་བྱེད་སའི་ཐང་ཆེན་ཞིག་ཡིན་དགོས་ལ
དུས་ཚོད་སྐྱེ་འཚར་གྱི་ས་གཞི་ཞིག་ཀྱང་ཡིན་དགོས་ལགས
 
          
ཧུའུ་ནན་གྱི་ཁངས་ཆེན།
                            ལའོ་ཧྥོའུ།(洛夫)༼ཐའེ་ཝན༽
གཞུང་ལམ་གཉིད་སོང་ཡང་ལམ་སྒྲོན་སད་ནས་འདུག
ས་འདམ་གཉིད་སོང་ཡང་སྡོང་རྩད་སད་ནས་འདུག
བྱ་བྱེའུ་གཉིད་སོང་ཡང་གཤོག་པ་སད་ནས་ཡོད
ལྷ་ཁང་གཉིད་སོང་ཡང་ཅོང་སྒྲ་སད་ནས་ཡོད
རི་ཆུ་གཉིད་སོང་ཡང་ཡུལ་ལྗོངས་སད་ནས་འདུག
དཔྱིད་ཁ་གཉིད་སོང་ཡང་ས་བོན་སད་ནས་འདུག
ཡན་ལག་གཉིད་སོང་ཡང་ཁྲག་རྒྱུན་སད་ནས་ཡོད
དཔེ་སྒམ་གཉིད་སོང་ཡང་སྙན་ཚིག་སད་ནས་ཡོད
ལོ་རྒྱུས་གཉིད་སོང་ཡང་དུས་ཚོད་སད་ནས་འདུག
འཇིག་རྟེན་གཉིད་སོང་ཡང་འུ་གཉིས་སད་ནས་འདུག
ཁ་བ་འབབ་པ་ལ་སྒྲ་མི་འདུག་གོ
                             2011.11.28ཉིན་ལ་རྐང་ཐང་བས་བསྒྱུར།(ལན་གྲུ)
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྒྱུར་རྩོམ་ཁག་བཞི།

2011-12-04 ཀོའུ་ཁྲིན་སོགས། ཀློག་གྲངས། མཆན ཡོད།

   རྒྱང་རིང་དང་ཉེ་ས།
                    ཀོའུ་ཁྲིན(顾城)
ཁྱོད་ཀྱིས
མཚམས་རེར་ང་ལ་བལྟ
སྐབས་རེར་སྤྲིན་ལ་བལྟ
 
ངས་བལྟས་ན
ཁྱོས་ང་ལ་བལྟ་དུས་ཆེས་རྒྱང་རིང་དང
ཁྱོས་སྤྲིན་ལ་བལྟ་དུས་ཆེས་ཉེ་ས་རེད
 
           སྣང་འཆར།
                                 ཝོའུ་ཀྲིན།(吴正)༼ཤང་ཀང༽
བལྟ་མི་དགོས་པའི་དུས་སུ་ངོ་གདོང་འཁོར་ཆོག
ཉན་མི་དགོས་པའི་སྐབས་སུ་རྣ་ཁུང་གཅད་ཆོག
འོན་ཀྱང་མུ་མཐུད་དུ་བསམ་བློ་གཏོང་མི་ཐུབ་པའི་དུས་སུ་ཅི་བྱེད་དམ

              དུས་ཚོད།
                         ལུག་ཡའན་ཞང་།(刘延湘)༼ཐའེ་ཝན༽
དུས་ཚོད་ནི་མྱུར་བགྲོད་རླངས་འཁོར་གྱི་གཞུང་ལམ་ཞིག
གཞུང་ལམ་ནི་ཁུ་སུམ་ལྷིང་འཇགས་ཀྱི་ཆུ་རྒྱུན་ཞིག
ཆུ་རྒྱུན་ནི་རྒྱ་མཚོའི་ལུས་པོའི་ཡན་ལག་ཅིག་ཡིན་ན
རྒྱ་མཚོ་ནི
ཆུ་བྱ་གང་མང་ཞིག་གི་ཁ་བརྡ་བྱེད་སའི་ཐང་ཆེན་ཞིག་ཡིན་དགོས་ལ
དུས་ཚོད་སྐྱེ་འཚར་གྱི་ས་གཞི་ཞིག་ཀྱང་ཡིན་དགོས་ལགས
 
          
ཧུའུ་ནན་གྱི་ཁངས་ཆེན།
                            ལའོ་ཧྥོའུ།(洛夫)༼ཐའེ་ཝན༽
གཞུང་ལམ་གཉིད་སོང་ཡང་ལམ་སྒྲོན་སད་ནས་འདུག
ས་འདམ་གཉིད་སོང་ཡང་སྡོང་རྩད་སད་ནས་འདུག
བྱ་བྱེའུ་གཉིད་སོང་ཡང་གཤོག་པ་སད་ནས་ཡོད
ལྷ་ཁང་གཉིད་སོང་ཡང་ཅོང་སྒྲ་སད་ནས་ཡོད
རི་ཆུ་གཉིད་སོང་ཡང་ཡུལ་ལྗོངས་སད་ནས་འདུག
དཔྱིད་ཁ་གཉིད་སོང་ཡང་ས་བོན་སད་ནས་འདུག
ཡན་ལག་གཉིད་སོང་ཡང་ཁྲག་རྒྱུན་སད་ནས་ཡོད
དཔེ་སྒམ་གཉིད་སོང་ཡང་སྙན་ཚིག་སད་ནས་ཡོད
ལོ་རྒྱུས་གཉིད་སོང་ཡང་དུས་ཚོད་སད་ནས་འདུག
འཇིག་རྟེན་གཉིད་སོང་ཡང་འུ་གཉིས་སད་ནས་འདུག
ཁ་བ་འབབ་པ་ལ་སྒྲ་མི་འདུག་གོ
                             2011.11.28ཉིན་ལ་རྐང་ཐང་བས་བསྒྱུར།(ལན་གྲུ)
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།