ཨ་ཧྥེ་རི་ཁའི་མཛེས་མ་ཞིག་གི་བརྩེ་འཕྲིན།

    ཆེས་བརྩེ་བ་དང་ལྡན་པ་ལགས།
     ཁྱེད་ཀྱི་སྐུ་ཁམས་བཟང་ཞིང་བསམ་དོན་ཡིད་བཞིན་དུ་འགྲུབ་བཞིན་པ་ཡིན་ནམ།   ངས་ཁྱེད་ལ་འཕྲིན་ཡིག་འདི་བཏང་བ་དང་མཉམ་དུ་གྲོགས་པོ་ཁྱེད་ཀྱིས་ང་ལ་གཟིགས་སྐྱོང་ཡོང་བར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།  དགའ་འོས་པའི་ཁྱེད་ཀྱི་རྒྱལ་ཁབ་ཀྱི་ནང་དུ་ཁྱེད་ཀྱི་མཚན་མོའི་བདེ་སྐྱིད་ཀྱི་འཚོ་བ་དེ་ཅི་འདྲ་ཞིག་ཡིན་ནམ།    ངས་ཡིད་ཆེས་བྱེད་བཞིན་པ་ནི་ཁྱེད་ལ་མཛེས་སྡུག་ལྡན་པའི་མཚན་མོའི་ཞིམ་མངར་གྱི་ཚོར་བ་ཞིག་བྱུང་ཡོད་པར་མ་ཟད།    ཁྱེད་ཀྱི་རྒྱལ་ཁབ་ཀྱི་ནང་དུ་མི་རྣམས་ཀྱི་མི་ཚེའི་ལོངས་སྤྱོད་ནི་ཧ་ཅང་གིས་གསོན་ཉམས་ལྡན་ཞིང་དགའ་སྤྲོས་རྣམ་པར་ཁེངས་པའི་སྤྱི་ཚོགས་ཀྱི་འཚོ་བ་ཞིམ་མངར་ལྡན་པ་ཞིག་རེད་སྙམ།   ང་ཚོའི་རྒྱལ་ཁབ་ཏུ་དེ་ལྟར་དུ་མི་ཚེའི་དྲོ་སྐྱིད་ལྡན་པ་ཞིག་མིན་པ་རེད།   ངའི་མིང་ལ་ལི་ལན་ཟེར་བ་དང་རང་ལོ་ནི་༢༤་ཡིན།   ཡིན་ནའང་།   ཕན་ཚུན་བརྩེ་དུང་ལྡན་པའི་དོན་དངོས་ཀྱི་ཕོ་མོའི་འབྲེལ་བའི་ནང་དུ་རྒན་གཞོན་གྱི་ལོ་ཆེ་ཆུང་ལ་ཁྱད་པར་མེད་པ་རེད།   དེའི་ཕྱིར།   ང་ནི་ཁྱེད་ཀྱི་དགུང་ལོ་དང་མ་འཚམས་པ་མེད་ཅིང་དགའ་སྤྲོའི་ཉམས་འགྱུར་དང་ལྡན་པའི་བུ་མོ་ཞིག་ཡིན།   ངེད་ནི་དོན་དངོས་སུ་ཤར་ཕྱོགས་ཨ་ཧྥེ་རི་ཁ་ནས་ཡིན་ཞིང་གཟུགས་པོའི་རིང་ཚད་ནི་ཧྥེ་ཁྲེ་༥་དང་ཨན་ཆི་༤་ཡིན།  ད་ལྟའི་བར་དུ་རྩ་བ་ནས་གཉེན་སྒྲིག་བྱས་མྱོང་མེད་པའི་ཁེར་རྐྱང་གི་ན་ཆུང་གཞོན་ནུ་མ་ཞིག་ཡིན་པས།    ངའི་མཚར་སྡུག་ལྡན་པའི་མེ་ཏོག་གི་དྲི་བསུང་ལ་མི་སུ་ཅིག་གིས་ཀྱང་རོལ་མྱོང་མེད།    ལོ་མང་བའི་གོང་དུ་ང་ཚོའི་རྒྱལ་ཁབ་ནང་དུ་མི་སེར་གྱི་ནང་འཁྲུག་རིམ་པར་བྱུང་བའི་རྐྱེན་ངན་ལ་བརྟེན་ནས་ཉེ་ཆར་བདག་ནི་ Dakar ནང་དུ་སྡོད་བཞིན་པ་ཡིན།   ངེད་ཀྱི་འདས་ཟིན་པའི་ཨ་ཕ་ Dr Philip Desmondནི་ཆབ་སྲིད་པ་ཞིག་དང་གསེར་དང་དངུལ་གྱི་གཏེར་ཁ་སྔོག་འདོན་བྱེད་པའི་བདག་གཉེར་འགན་འཛིན་པ་ཞིག་ཡིན།   དེའི་སྔོན་དུ་ཡུལ་དེའི་ཇག་རྐུན་ཚོགས་པ་ཞིག་གིས་ཞོགས་པ་སྔ་མོ་ཞིག་ལ་ངེད་ཚང་གི་ཁང་བ་ལ་འཇབ་རྒོལ་བྱས་ཏེ་ངའི་ཨ་མ་དང་ཨ་ཕ་གཉིས་དམར་གསོད་བཏང་བ་རེད།   དེར་བརྟེན།   སྐབས་དེར་ང་གཅིག་བུ་འཚོ་གནས་བྱུང་བ་དང་བདག་མེད་དུ་གྱུར་ཏེ་དཀའ་སྡུག་གི་འཚོ་བའི་ཁྲོད་དུ་ད་ལྟ་ཁྱིམ་མཚེ་རྒྱལ་ཁབ་ Senegal་ གྱི་ས་མཚམས་ཤིག་ཏུ་གནས་སྤོར་བྱས་ནས་བསྡད་ཡོད།   གནས་དེ་རུ་ང་ནི་ཡུལ་དེའི་སྲུང་སྐྱོབ་ཚོགས་པ་ཞིག་གི་འོག་ཏུ་སྐྱབས་བཅོལ་བ་ཞིག་ལྟར་དུ་སྡོད་བཞིན་ཡོད་པས།   ངེད་ལ་དཔལ་འབྱོར་གྱི་འཚོ་བའི་ཆ་རྐྱེན་གང་ཡང་མེད།   ཡིན་ནའང་།  ངེད་ཀྱིས་ཁོ་ཚོའི་རྩིས་འཁོར་འཕྲུལ་རིག་བེད་སྤྱོད་བྱས་ཏེ་ཁྱེད་ལ་གློག་འཕྲིན་འདི་བཏང་བ་ཡིན།   ད་ལྟ་ཁྱེད་རང་ང་ལ་དགའ་བོ་ཡོད་མེད་ཀྱི་གནས་ཚུལ་མང་བོ་ཞིག་ཤེས་འདོད་བྱུང་བ་དང་།   ངེད་ཀྱིས་བཏང་བའི་ཡི་གེ་འདི་ནི་ཁྱེད་ཀྱིས་སྣང་མེད་དུ་མི་འཇོག་པར་ང་ལ་དོན་དང་མཐུན་པའི་ལན་ཞིག་གནང་བར་ཞུ།    ངེད་ནི་ཡུལ་འདིའི་སྐྱབས་བཅོལ་གྱི་གནས་བབ་འོག་ཏུ་བསྡད་ནས་མཚར་ལོངས་བྱུང་ཡོད་ནའང་ངའི་མཛེས་སྡུག་ལྡན་པའི་ལང་ཚོའི་མེ་ཏོག་ནི་རྣམ་པར་བཀྲ་ཞིང་དགའ་བའི་ཉམས་དང་ལྡན་པས་མ་འོངས་པར་ཁྱེད་ལ་དོན་ཡོད་ཀྱི་བདེན་པའི་འབྲས་བུ་ཞིག་འབྱུང་ངེས་ཡིན།   ཁྱེད་ཀྱིས་ངའི་གནས་ཚུལ་རྣམས་གསལ་བོར་ཤེས་རྟོགས་བྱུང་བའི་རྗེས་སུ་ངེད་ཀྱིས་ཁྱེད་ལ་དགོས་ངེས་ཀྱི་རེ་འདུན་ཟབ་མོ་ཞིག་འདོན་རྒྱུ་ཡིན།  དེར་བརྟེན།   འུ་གཉིས་དངོས་སུ་འཕྲད་པའི་གོ་སྐབས་བཟང་བོ་ཞིག་གི་ནང་དུ་ངེད་ཀྱི་བརྩེ་དུང་གི་བདེ་སྐྱིད་ཡོད་ཚད་ཁྱེད་ལ་ཕུལ་ནས་ཡ་མཚན་གྱི་འོད་སྣང་ཞིག་འཕྲོ་ངེས་ཡིན་པར་ཐེ་ཚོམ་མེད།    ང་རང་ཁྱེད་ལ་ཡིད་ཆེས་ཀྱི་རྣམ་པས་ཁེངས་ནས་མཐའ་དོན་དུ་འུ་གཉིས་བདེ་སྐྱིད་ཀྱི་ཞིང་ཁམས་ཤིག་ཏུ་ཞིམ་མངར་ལྡན་པའི་བརྩེ་དུང་གི་འཚོ་བ་ཞིག་རོལ་པར་ཞུ།   ངེད་ཀྱིས་ཡུལ་འདིའི་སྐྱབས་བཅོལ་པའི་བཞུགས་སྒར་ནང་དུ་དཀའ་ངལ་གྱི་གནས་བབ་ཀྱི་འོག་ཏུ་ཁྱེད་ལ་འབྲེལ་བ་བྱེད་བཞིན་པ་ཡིན།   འདི་རུ་བཙོན་ཁང་ཞིག་གི་ནང་དུ་སྡོད་པ་དང་འདྲ་ཞིང་ངའི་རེ་བར་ལས་དབང་ཟབ་མོ་ཞིག་ལ་བརྟེན་ནས་ངེད་ནི་མགྱོགས་མྱུར་དུ་འདི་ནས་ཕྱི་ལ་འཐོན་ཐུབ་པར་སྨོན་བཞིན་ཡོད།   ངེད་ཀྱི་སྤུན་མཆེད་ཚང་མ་དམག་འཁྲུག་གི་ནང་དུ་འདས་གྲོངས་སུ་ཕྱིན་པས་ད་ལྟ་ངེད་ལ་སྤུན་མཆེད་གཅིག་ཀྱང་མེད་པ་རེད།   ཁྱེད་ཀྱིས་ང་ལ་ཞལ་པར་ཨང་གྲངས་00221-771589499་འདིའི་ཐོག་ལ་ཁ་པར་བཏང་ན་ངེད་གཉིས་ཀྱི་མ་འོངས་པའི་སྐོར་ལ་སྐད་ཆ་ལྷུག་པོར་བཤད་ཆོག  དེར་བརྟེན།  ཁྱེད་ཀྱིས་ང་ལ་ངེས་པར་དུ་རོགས་རམ་ཞིག་བྱེད་དགོས་པ་ནི་ང་རང་ཁྱེད་ལ་དངོས་སུ་ཐུག་པར་ཨ་ཧྥེ་རི་ཁ་ནས་ཡོང་བའི་ཆེད་དུ་གནམ་གྲུའི་འཛིན་བྱང་ཞིག་ཉོ་བར་ངེད་ལ་སྒོར་མོ་འདང་ངེས་པ་ཞིག་མེད་པས།     དང་བོར་ཁྱེད་ཀྱིས་ངའི་དངུལ་འཛིན་གྱི་སྟེང་དུ་སྒོར་མོ་ཏོག་ཙམ་བསྐུར་རོགས་གནོངས།   ངའི་དངུལ་ཁང་གི་འཛིན་བྱང་ཨང་གྲངས་ནི་ངེད་གཉིས་དངོས་སུ་སྐད་ཆ་བཤད་པའི་རྗེས་སུ་ཁྱེད་ལ་བསྐུར་ངེས་ཡིན།    ངེད་ཀྱི་གནད་དོན་འདི་ཚང་མ་ཁྱེད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་ཡིན་པས་ངེས་པར་དུ་ཐུགས་ལ་འཛིན་པར་ཞུ།  དེ་མཚུངས་སུ་འདིར་ངའི་འདྲ་པར་ཞིག་ཀྱང་ཁྱེད་ལ་བསྐུར་ཡོད།     ཁྱེད་ཀྱིས་ང་ལ་ངེས་པར་དུ་ཁ་པར་ཞིག་བསྐྱོན་ནས་ངེད་ཀྱི་གནས་ཚུལ་ཚང་མ་བདེན་པ་ཡིན་མིན་ལ་རྩད་གཅོད་གནང་བར་ཞུ།
                                                             ཁྱེད་ལ་བརྩེ་བ་དང་མཉམ་དུ།
                                                                        མཛེས་མ་ལི་ལན་གྱིས།
                                                                                            
༼རྨ་མགུར་སངས་རྒྱམ་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།