སྨྲ་བརྗོད་མཁན་པོ།

by Anton Chekhovཨནཏོན་ཅཧེཀཧོཝ། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2011-11-05

    སྣང་བ་སྐྱིད་པའི་ཞོགས་པ་ཞིག་ལ་མཐོ་སློབ་ཀྱི་ཁྲལ་འབབ་དཔྱད་ཞིབ་པ་ (Kirill Ivanovitch Babilonov)ཀིརིལལ་ཨཌྣོཌིཏཅཧ་བྦིལོནོཌ་གང་ཉིད་རྐྱེན་ངན་གཉིས་ཀྱིས་སྐུ་ཚེ་འདས་པ་གྲོང་གསེབ་ནང་ཡོངས་སུ་ཁྱབ། དེ་ནི་བཟའ་ཟླ་ངན་མ་དང་ཆང་རག་ལང་ཤོར་ལས་ཡིན། དེ་དུར་དུ་སྦས་པར་བྱེད་བཞིན་རེད། ཕུང་པོ་འདོན་ལས་ཀྱི་སེར་སྦྲེང་དེ་ལྷ་ཁང་ནས་དུར་ཁྲོད་བར་བསྐྱོད་འགོ་ཚུགས་པ་དང་དུས་མཚུངས་གཤིན་པོའི་ཟླ་གྲོགས་ གཅིག་གིས་(Poplavsky)པོཔལྜསཀཡ་ འབོད། དེ་ནས་གླང་འཁོར་ནང་བཞུགས་ཏེ་བང་རྒྱུགས་བཞིན་ཟླ་གྲོགས་གཞན་ཞིག་འཚོལ་བར་ཕྱིན། (Grigory Petrovitch Zapoikin) གརིགོརཡ པེཏརོཌིཏཅཧ་ ནི་སྐྱེ་བོ་གང་ཞིག་ལོ་གཞོན་ཡིན་ཡང་། ཁོས་གྲགས་པ་མི་ཉུང་བ་ཞིག་དབང་ཡོད།  (Zapoikin) ཟྤོིཀིན་ ནི་ཇི་འདྲ་ཡིན་པ་ངེད་ཀྱི་ཀློག་པ་པོ་མང་དག་ཞིག་གིས་ཤེས་རྟོགས་ཡོད་པ་ལྟར། ཁོས་གྲ་སྒྲིག་གང་ཡང་མེད་པར། གཉེན་སྟོན། དགའ་སྟོན། གཤིན་ཆོག་དག་ལ་གཏམ་བཤད་བྱེད་པར་ཁྱད་འཕགས་ཀྱི་རིག་རྩལ་ལྡན། ཁོས་གར་འདོད་དུ་གཏམ་བཤད་བྱེད་ཐུབ། ཉལ་བའི་གཉིད་ནང་། གྲོད་པ་སྟོང་པའི་སྐབས། དྲན་མེད་དུ་བཟི་བ། ཡང་ན། ཚད་ནད་མཐོ་བའི་སྐབས། ཁོའི་ཚིག་དག་འཇམ་ཞིང་འཁོད་སྙོམ་པ་སྦུབས་མདོང་ནང་ལས་ཆུ་རྒྱུགས་པ་ལྟར་འབེལ་ལྷུག་ལྷུག་ཡོད། ཁོའི་སྨྲ་བརྗོད་མཁས་པའི་ཚིག་མཛོད་ནང་། ཟ་ཁང་ཡོད་དོ་ཅོག་ནང་ཡོད་པའི་འབུ་སྦུར་བ་དག་ལས་ཀྱང་ཆེས་མང་བའི་ཚིག་ཚོགས་གི་གཡོ་འགུལ་ཡོད། ཁོས་རྟག་ཏུ་གཏམ་བཤད་བདེ་ཞིང་རྒྱུན་རིན་བར་བྱེད། དུས་འགའ་རེ་ཤིན་ཏུ་ཐལ་དྲགས་ཀྱི་ཡོད། དམིགས་བསལ་དུ་ཚོང་པའི་གཉེན་སྟོན་སྐབས་ཁོང་ཚོས་ཉེན་རྟོག་པའི་རོགས་རམ་ལ་བརྟེན་ནས་བཀག་འགོག་བྱེད་དགོས་པ་བྱུང་།
    “ང་ཁྱེད་རང་ཆེད་ཡོང་བ་ཡིན། རྒས་གོག།” (Poplavsky) པོཔལྜསཀཡ་ གིས་ཁོ་རྙེད་རྗེས་འགོ་བཙུགས། “ཞྭ་མོ་དང་སྟོད་ཐུང་གྱོན་ཏེ་ང་དང་ལྷན་ཤོག ང་ཚོའི་ཟླ་གྲོགས་ཞིག་རྐྱེན་ལམ་དུ་ཕྱིན་པས། ང་ཚོ་ད་ལྟ་ཁོང་འཇིག་རྟེན་གཞན་དུ་གཏོང་གྲབས་ཡོད། དེས་ན་ཁྱོད་ངེས་པར་དུ་ངག་འཁྱལ་ཉུང་ཙམ་སྒོ་ནས་ཁོང་ལ་ཕེབས་སྐྱེལ་ཞུ་རོགས། ་་་་་་་་་་་ཁྱོད་ནི་ང་ཚོའི་གི་རེ་བ་ཁོ་ན་རེད། གལ་ཏེ་དེ་ཉ་ཕྲུག་ཆུང་བ་ཡིན་པ་ཡིན་ན་དེས་ཁྱོད་ལ་དེ་ལྟར་དཀའ་སྡུག་སྦྱིན་འོས་པ་ཞིག་མ་རེད། འོན་ཀྱང་ཁྱོད་རང་ལྟ་དང་། དེ་ནི་དྲུང་ཡིག་རེད།་་་་་་ དོན་དུ་ཁོང་ནི་ལས་ཁུངས་ཀྱི་ཀ་བ་ཡིན། ཤིན་ཏུ་ཆེ་བའི་རང་བཞིན་ལ་གསུང་བཤད་མེད་པའི་ངང་ཕུང་པོ་སྦེད་པ་དེ་ནི་སྟབས་མི་བདེ་བ་ཞིག་རེད།”
     “ཨོ། དྲུང་ཡིག་དེ་ཨེ།” (Zapoikin) ཟོཔོིཀིན་ཀྱིས་གླལ་བཞིན་བརྗོད། “ཁྱོད་ཟེར་ན། ར་བཟི་དེ་རེད་དམ།”
     “རེད། དེ་གར་ཁུར་གྱི་བག་ལེབ། ཉིན་དགུང་ཞལ་ལག་་་་ ཁྱོད་ཀྱིས་གླ་འཁོར་གྱི་གླ་ཐོབ་ཀྱི་རེད། ལྷན་དུ་ཤོག་བརྩེ་བའི་སྐྱེ་བོ། ཁྱོད་ཀྱིས་འཆར་ཅན་གྱི་སྣེ་ཤན་པ་ལྟ་བུ་དུར་ཁྲོད་དུ་མཆུ་ཏོ་ལས་ངག་འཁྱལ་གྱི་གཏམ་བཤད་བྱས་ན། ཁྱོད་ཀྱིས་ལེགས་གསོལ་ཐོབ།”
     (Zapikin) ཟྤིཀིན་གྱིས་དེ་མ་ཐག་མོས་མཐུན་བྱས། ཁོས་སྐྲ་སུལ་སྒྲིག གདོང་དུ་ཡིད་མུག་པའི་གྲིབ་སོ་འཕེན་ཏེ་(Poplavsky)པོཔལྜསཀཡ་དང་ལྷན་སྲང་ལམ་དུ་ཕྱིར་འབུད།
     “ངས་ཁྱོད་ཀྱི་དྲུང་ཡིག་ངོ་ཤེས།” ཁོས་གླ་འཁོར་ནང་བཞུགས་པ་དང་བཤད། “མགོ་བདེ་མི་ངན་དང་གཅན་གཟན། །ལྷ་ཡུལ་རྒྱལ་ཁམས་ཁོ་ལ་སྨོན། །དེ་ལྟ་ཡང་ཡང་འཕྲད་མི་བྱེད། །”
     “(Grisha)གརིསཧཨ་ གཤིན་པོ་ལ་དེ་འདྲས་གཙེས་མི་ཉན།”
    “ངེས་པར་དུ་མིན། གཤིན་པོའི་ཐོག་གཏམ་ལེགས་ལས་གཞན་གང་ཡང་མ་བརྗོད། འོན་ཀྱང་ད་དུང་ཡང་ཁོང་མི་ངན་རེད།”
     གྲོགས་པོ་དག་ཕུང་པོ་འདོན་པའི་སེར་སྦྲེང་གི་རྗེས་ཟིན་ཏེ་དེའི་ནང་བཞུགས། རོ་སྒམ་དེ་དལ་བུར་ལམ་དུ་འཁྱེར། དེས་ན། ཁོ་ཚོས་དུར་ཁྲོད་དུ་མ་འབྱོར་སྔོན་ལན་གསུམ་བར་འགྲུལ་ཁང་ནང་ བཞག་ཏེ་གཤིན་པོའི་འཕྲོད་བརྟེན་ཆེད་ཉུང་ཟད་འཐུང་པའི་སྐབས་ཐོབ་མོད། དུར་ཁྲོད་ནང་དུར་སའི་ཕྱོགས་སུ་མཆོད་འབུལ་ཚོགས་འཛོམས་འགོ་ཚུགས། གྱོས་མོ། བཟའ་ཟླ། སྙིད་མོ་བཅས་ཀྱིས་ལུགས་སྲོལ་ལ་བཀའ་རྩི་དང་ལེན་གྱིས་མཆི་མ་མང་པོ་བབ་པར་བྱེད། གཤིན་སྒམ་དེ་དུར་ཁུང་དུ་འབེབས་པར་རྩམ་པ་ན། “ང་ཁོ་དང་ལྷན་འགྲོ་རུ་བཅུག་” བཟའ་ཟླས་སྨྲེ་ངག་འདོན། འོན་ཀྱང་མོས་རང་གི་ཁྱོ་གའི་རྗེས་སུ་དུར་ཁུང་དུ་མ་བཞུགས། ཕལ་ཆེར་མོས་ཁོའི་རྒན་ཕོགས་དྲན་པ་འདྲ། ཡོད་དོ་ཅོག་སླར་ལྷིང་འཇགས་མ་འགྱུར་བར་འགུག་རྗེས་(Zapoikin) ཟྤོིཀིན་མདུན་དུ་གོམ་པ་སྤོས། མིག་ཟུང་དེ་གར་ཡོད་པའི་སྐྱེ་བོ་དག་གི་ཕྱོགས་སྐོར་ཏེ་འགོ་ཚུགས།
     “ངས་རང་ཉིད་ཀྱི་མིག་ཟུང་དང་རྣ་བ་དག་ལ་ཡིད་ཆེས་ཐུབ་བམ། དེ་ནི་འཇིགས་སུ་རུང་བའི་རྨི་ལམ་མ་རེད། དུར་ཁུང་འདི། མིག་ཆུས་བག་པའི་གདོང་འདི་དག འཁུན་སྒྲ་དང་ཆོ་ངེ་འདི་དག ཀྱེ་ཧུད། འདི་ནི་རྨི་ལམ་མ་རེད། ཁོང་ནི་ང་ཚོས་ཉེ་ཆར་མཐོང་མྱོང་ཡོད། ཤིན་ཏུ་སྙིང་སྟོབས་ཆེ་བ། ལང་ཚོ་གསར་ཞིང་དྭངས་མ། གང་དེ་ཉེ་ཆར་འུ་ཚོའི་མིག་མདུན་དུ་ངལ་དུབ་མེད་པའི་སྦྲང་མ་ལྟ་བུས་རང་གི་སྦྲང་རྩི་ཐོགས་ཏེ། སྤྱི་པའི་སྦྲང་ཚང་དུ་མངའ་སྡེའི་བདེ་སྐྱིད་ཆེད་གཞོལ། ཁོ་གང་ཞིག་་་་་་ཁོ་ད་ནི་རྡུལ་དང་། སྨིག་སྒྱུའི་བེམ་གཟུགས་སུ་གྱུར་ཟིན། སྙིང་རྗེ་མེད་པའི་འཆི་བདག་གིས་རང་གི་རུས་གོང་དུ་འགྱུར་བའི་ལག་པས་ཁོའི་ཐོག་བཞག་པའི་སྐབས་དེ་དུས། ཁོ་རང་གི་ལུས་གུག་པའི་ལོ་ཚོད་ཟིན་མོད། འོན་ཀྱང་། ཁོ་པ་ནི་ད་དུང་ཡང་དར་ལ་བབ་པའི་ནུས་ཤུགས་དང་འོད་འཕྲོ་བའི་རེ་བ་དང་ལྡན་པ་ཞིག་རེད། བཅོས་ཐབས་མེད་པའི་གྱོང་གུན། སུ་ཞིག་གིས་ང་ཚོ་སླད་གོ་གནས་དེ་སྐོང་ཐུབ་བམ། ང་ཚོ་ལ་གཞུང་གི་ལས་བྱེད་ལེགས་གྲས་མང་པོ་ཡོད་ཀྱང་(Prokofy Osipitch) པརོཀོངཡ་ཨོསིཔིཏཅཧ་ ནི་དཔེ་ཟླ་བྲལ་བ་ཞིག་རེད། སྙིང་ཁོང་རུས་པའི་གཏིང་ནས་ཁོས་བློ་རྩེ་གཅིག་གཏད་ཀྱིས་དྲང་བདེན་གྱི་འགན་འཁྲི་ལ་གཞོལ་གྱི་ཡོད། ཁོས་རང་གི་ནུས་ཤུགས་དོན་མེད་ཆུ་ཟོས་སུ་མ་གཏང་བར་མཚན་ཕྱི་བོ་བར་ལས་བྱེད་པ་དང་། ལྐོག་རྔན་ལ་དང་ཞེན་དང་སྣང་བ་མི་གཏོད།་་་་་ ཁོས་མི་མང་གི་འདོད་པ་ལ་གནོད་སྐྱོན་བྱེད་མཁན་ཚོས་ཁོ་པར་འཁྱོག་པོར་བཟོ་བའི་ཐབས་བྱེད་པ་དག་དང་། གང་དག་ཚེ་འདིའི་དངོས་ཟོག་གི་བསླུ་འབྲིད་ལ་བརྟེན་ཁོ་པ་རང་གི་འགན་འཁྲི་བློས་གཏོང་གི་ལམ་དུ་འཁྲིད་མཁན་དག་ལ་ཤིན་ཏུ་སྨད།     རེད། ང་ཚོ་མིག་མདུན་དུ་(Prokofy Osipitch) པརོཀོངཡ་ཨོསིཔིཏཅཧ་ ཡིས་རང་གི་ཟླ་ཕོགས་རང་གི་དབུལ་ཕོངས་ཀྱི་གྲོགས་དག་ལ་བགོས་ཀྱི་ཡོད་ལ། ཁྱེད་ཚོས་ད་ལྟ་ཡུགས་མོ་དག་དང་དྭ་ཕྲུག་གང་དག་ཁོའི་གཏོང་བའི་འོག་གནས་པ་རྣམས་ཀྱི་ཆོ་ངེ་ཐོས་ཡོད། བློ་རྩེ་གཅིག་གཏད་ཀྱིས་བཟང་བའི་ལས་དག་དང་། ཁོའི་ལས་ཁུངས་ཀྱི་འགན་འཁྲི་ལ་གཞོལ་བའི་རྐྱེན་གྱིས་ཁོས་ཚེ་འདིའི་དགའ་སྣང་བློས་གཏོང་པ་མ་ཟད་ཁྱིམ་གྱི་བདེ་སྐྱིད་ཀྱི་འཚོ་གནས་ཀྱང་བློས་གཏོང་བ་ཡིན། སུ་ཞིག་གིས་ཁོ་འདྲ་བའི་བློ་མཐུན་གྱི་ཚབ་བྱས་ཐུབ། ངས་ཁོའི་སེམས་བཟང་། ཁ་སྤུ་གཞར་བའི་གདོང་བ། འཇམ་པའི་འཛུམ་མདངས་དེ་མཐོང་ཐུབ། ངས་ད་ནི་ཁོའི་མཛའ་མཐུན་གྱི་ངག་ཐོས་ཐུབ། ཁྱོད་ཀྱི་པུར་ཐལ་ཞི་བར་གྱུར་ཅིག (Prokofy Osipitch) པརོཀོངཡ་ཨོསིཔིཏཅཧ་ ངལ་གསོས་ཤིག གཞུང་དྲང་། ཡ་རབས་རྒྱུན་སྲིང་འབད་རྩོན་པ།”
      (Zapoikin) ཟྤོིཀིན་ གྱིས་མུ་འཐུད་དུ་གཏམ་བཤད་བྱེད་པ་དང་ཆབས་ཅིག་ཁོའི་ཉན་མཁན་ཚོས་ཕན་ཚུན་ཤུབ་ལབ་འགོ་ཚུགས། ཁོའི་གཏམ་བཤད་ཀྱིས་སྐྱེ་བོ་ཡོད་དོ་ཅོག་ཚིམས་པར་བྱེད་པ་དང་། མིག་ཆུ་འགའ་ཕབ་པར་བྱེད་མོད། འོན་ཀྱང་ལེགས་ཆ་མང་པོ་དེའི་ནང་ཁྱད་མཚར་གྱི་སྣང་བ་ཞིག་སྟེར། དང་ཐོག་ཁོ་ཚོས་ཅིའི་ཕྱིར་གཏམ་བརྗོད་མཁན་པོས་གཤིན་པོ་ལ་(Prokofy Osipitch) པརོཀོངཡ་ཨོསིཔིཏཅཧ་  ཞེས་བརྗོད་ཀྱི་ཡོད་པ་རྔོ་མ་ཐོགས་། གང་ན། གཤིན་པོའི་མིང་ནི་ (Kirill Ivanovitch) ཀིརིལལ་ཨཌྣོཌིཏཅཧ་ རེད། གཉིས་པར་ཚང་མས་ཤེས་པ་ལྟར་གཤིན་པོ་རང་གི་མི་ཚེ་གང་པོ་རང་གི་ཁྲིམས་མཐུན་གྱི་བཟའ་ཟླ་དང་རྩོད་གླེང་བྱས་ནས་འདས་མོད། དེས་ན་ཕོ་ཧྲེང་ཞེས་བརྗོད་མི་ཐུབ། གསུམ་པར། ཁོ་ལ་ཨག་ཚོམ་དམར་ཅིང་ཐུག་པ་དང་ནམ་ཡང་ཁ་སྤུ་གཞར་བ་ཤེས་རྟོགས་མེད། དེའི་རྐྱེན་སུ་ཞིག་གིས་ཀྱང་སྨྲ་བརྗོད་མཁན་པོས་ཁ་སྤུ་གཞར་བའི་གདོང་ཞེས་བརྗོད་པ་དེ་གོ་རྟོགས་མ་ཐུབ། ཉན་མཁན་ཚོ་མགོ་འཐོམས། ཁོ་ཚོས་ཕན་ཚུན་མིག་ཤེར་རྒྱག་པ་དང་དཔུང་པ་གསིག་གསིག་བྱེད།
    (Prokofy Osipitch) “པརོཀོངཡ་ཨོསིཔིཏཅཧ་” སྨྲ་བརྗོད་མཁན་པོས་མུ་མཐུད། དུར་ཁུང་དུ་སེམས་འགུལ་ཐེབས་པའི་ལྟ་སྟངས་ཀྱིས། “ཁྱོད་ཀྱི་གདོང་ནི། དཀྱུས་མ། སྐྱི་གཡའ་བ། ཁྱེད་རང་གཅིག་པུར་འཚོ་བ་དང་དཀའ་ཐུབ་ཅན་ཡིོན་མོད། འོན་ཀྱང་ང་ཚོས་སྦུན་མ་དེའི་འོག་དྲང་ཅིང་མཛའ་མཐུན་གྱི་སྙིང་འཕར་ལྡིང་བྱེད་པ་ཤེས་མོད།” མྱུར་དུ་ཉན་མཁན་ཚོས་སྨྲ་བརྗོད་མཁན་པོ་ཁོ་ཉིད་ལ་ཁྱད་མཚར་ཞིག་རྟོག་ཞིབ་བྱེད་སྒོ་ཚུགས། ཁོས་གནས་གཅིག་ལ་མིག་ཧུར་རེ་བལྟས། བག་མི་ལྷོད་པའི་ངང་ཕར་ཙམ་འཕོས་ཏེ་ཁོས་ཀྱང་དཔུང་པ་གསིག་གསིག་བྱས། དེ་མ་ཐག་ཏུ་ཁོས་གཏམ་བཤད་བྱེད་རྒྱུ་མཚམས་འཇོག་བྱས། ངོ་མཚར་དང་བཅས་ཁ་ཆེན་པོ་གདངས་ཏེ། (Polavsky) པོལྜསཀཡ་ ཡི་ཕྱོགས་སུ་ཁ་བསྒྱུར།
    “ངས་བཤད། ཁོ་གསོན་པོ་འདུག” ཁོས་དངངས་སྐྲག་གི་ངང་གཅེར་ལྟ་བྱེད་དེ་སྨྲས།
    “སུ་ཞིག་གསོན་པོ་འདུག”
    “གང་གི་ཕྱིར། (Prokofy Osipitch)  པརོཀོངཡ་ཨོསིཔིཏཅཧ་ ཁོ་བང་སོའི་རོ་བྱང་གི་ཉེ་འགྲམ་ལང་འདུག”
    “ཁོ་ནམ་ཡང་གྲོང་མེད། གཤིན་པོ་དེ་ནི་ (Kirill Ivanovitch) ཀིརིལལ་ཨཌྣོཌིཏཅཧ་ ཡིན།”
    “འོན་ཀྱང་ཁྱོང་རང་རང་གིས་ང་ལ་དྲུང་ཡིག་གྲོང་སོང་ཞེས་བཤད་བྱུང་།”
     (Kirill Ivanovitch) “ཀིརིལལ་ཨཌྣོཌིཏཅཧ་ ང་ཚོའི་དྲུང་ཡིག་རེད། ཁྱོད་ཀྱིས་ཟིང་ཆ་སློང་སོང་། ཁྱོད་ཉ་ཁྱད་མཚར་པོ། (Prokofy Osipitch) པརོཀོངཡ་ཨོསིཔིཏཅཧ་ ནི་དེ་སྔོན་ང་ཚོའི་དྲུང་ཡིག་ཡིན་པ་དེ་བདེན། ཡིན་ཡང་ཁོ་པ་རུ་ཁག་གཉིས་པར་དྲུང་གཙོ་རུ་འཕོས་ཏེ་ལོ་གཉིས་ཕྱིན་ཟིན།”
    “གང་འདྲས་བདུད་དེ་འདི་རེད་ཅེས་བརྗོད་ཐུབ་བམ།”
    “ཅིའི་ཕྱིར་ཁྱོད་མཚམས་འཇོག་གི་ཡོད་དམ། མུ་འཐུད་ཅིག དེ་ནི་སྟབས་མི་བདེ།”
    (Zapoikin) ཟྤོིཀིན་ དུར་སར་ཁ་བསྒྱུར་ཏེ། སྔར་ལྟར་སྨྲ་བརྗོད་བདེ་པོའི་ངང་བར་དུ་ཆོད་པའི་གཏམ་བཤད་མུ་འཐུད། (Prokofy Osipitch) པརོཀོངཡ་ཨོསིཔིཏཅཧ་ དྲུང་ཡིག་བགྲེས་པ་ཁ་སྤུ་གཙང་གཞར་གྱི་གདོང་ཅན་དེ་དངོས་འབྲེལ་དུ་བང་སོ་རོ་བྱང་གི་ཉེ་འགྲམ་དུ་ལང་སྟེ་བསྡད་འདུག ཁོས་སྨྲ་བརྗོད་མཁན་པོར་བལྟས་པ་དང་ཁྲོ་གཉེར་གྱིས་སྨིན་མ་བསྡུ།
   “འོ། ཁྱེད་ཀྱིས་རང་གི་རྐང་པ་དེའི་ནང་བཞག་སོང་། ཁྱེད་ཀྱིས་མ་ཡིན་ནམ།” ཁོིའི་དྲུང་ཡིག་ལས་རོགས་ཚོས་བགད། དེ་ནི་ཁོ་ཚོ་(Zapoikin) ཟྤོིཀིན་དང་ལྷན་གཤིན་ཆོག་ལས་ཕྱིར་ལོག་མ་ཐག་ཡིན། “མི་གསོན་པོ་དུར་ཁུང་དུ་སྦས་སོ།”
   “མི་གཞོན། དེ་ནི་ཡིད་ལ་འཐད་པ་ཞིག་མ་རེད།” (Prokofy Osipitch) པརོཀོངཡ་ཨོསིཔིཏཅཧ་ ཡིས་འཁང་ར་བྱས། “ཁྱོད་ཀྱི་གཏམ་བཤད་དེ་གཤིན་པོའི་ཆེད་འོས་པ་ཡིན་སྲིད། འོན་ཀྱང་མི་གསོན་པོ་ཞིག་ལ་འབྲེལ་སྦྱོར་བྱེད་པ་དེ་ནི། ཟུར་ཟའི་གཏམ་ལས་གཞན་གང་ཡང་མ་རེད། ངེད་ཀྱི་རྣམ་ཤེས་ཐོག་ཁྱེད་ཀྱིས་ཅི་ཞིག་བརྗོད་པ་ཡིན་ནམ། འདོད་བློ་མེད་པ། ཉེས་སྐྱོན་དང་བྲལ་བ། ལྐོག་རྔན་ལེན་གྱི་མེད་པ། དེ་དག་མེ་གསོན་པོ་ཞིག་ལ་ཟུར་ཟའི་ངང་ལབ་ཀྱི་རེད། སུ་གང་གིས་ཀྱང་སྐུ་ཞབས་ཁྱེད་ལ་ངའི་གདོང་གི་རྒྱས་སྤྲོས་བྱེད་ཅེས་ཞུ་མེད། དཀྱུས་མ། སྐྱི་གཡའ་བ། ཡིན་པའི་དབང་དུ་བཏང་། འོན་ཀྱང་ཅིའི་ཕྱིར་ངའི་རྣམ་འགྱུར་མི་ཚོགས་ནང་དུ་དེ་ལྟར་འགྲེམ་སྟོན་བྱེད་པ་ཡིན། དེ་ནི་དམའ་འབེབས་རེད།”

                                            (བཀྲ་ཤིས་ཟླ་བས་བསྒྱུར)
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྲ་བརྗོད་མཁན་པོ།

2011-11-05 by Anton Chekhovཨནཏོན་ཅཧེཀཧོཝ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།