འབྲུག་པའི་སྐད་ཡིག་བོད་ཡིག་མིན་ནམ་ཞེ་ན་ཐག་གཅོད་ཁག་པོ་འདུག

  གོང་གི་འབྲུག་པ་མི་རིགས་བོད་རིགས་མིན་ཞེས་པའི་ཐེམ་བྱང་དུ་འཁོད་དོན།  འབྲུག་པ་བའི་སྐད་ཡིག་དང་འབྲེལ་ཡོད་ཕྱོགས་ཀྱི་ངག་སྒྲོས་ཧ་ཅང་ཉུང་ཉུང་ཡིན་པས།    ད་ལྟ་ཞིབ་ཙམ་གླེང་བར་བྱ།
 འབྲུག་པ་བས་སྤྱི་ལོ༢༠༠༡ལོར་མི་གྲངས་ཁྱབ་བསྒྲགས་བྱས་པ་ལྟར་ན།  སྐབས་འདིར་འབྲུག་པའི་མི་གྲངས༦༩༠༠༠༠ལ་སླེབས་པ་དང་དེང་གི་འཕེལ་ཚད་བརྒྱ་ཆའི་གཉིས་དང་གྲངས་ཆུང་ལྔ་རེད། འདི་ལྟར་རིག་འདེད་རྩིས་རྒྱག་བྱས་ན་འབྲུག་པ་བའི་མིག་སྔའི་མི་གྲངས༨༠༠༠༠༠ཡིན་པ་དང་བེད་སྤྱོད་བྱེད་བཞིན་པའི་ཡིག་རིགས་༢༤ལྷག་ཡོད་ལ།   དེ་ལས་ཆེས་ཉུང་མཐར་ཡང་མི༡༠༠༠༠ཡན་གྱིས་ཡིག་རིགས་མི་འདྲ་བ༨ཙམ་སྤྱོད་ཅིང་མཆིས་ལ་ཡིག་རིགས་༢༣བོད་འབར་སྐད་རིགས་ཀྱི་ཁོངས་སུ་གཏོགས།   རིགས་གཅིག༼ བལ་ཡིག ༽ ཧིན་ཡ༼ ཡ་ལི་ཨན ༽སྐད་རིགས་ཀྱི་ཁོངས་སུ་གཏོགས།  རྫོང་ཁའི་སྐད་ནི་སྤྱོད་མཁན་ཆེས་མང་བ་དེ་ཡིན་པ་དང་གཙོ་བོ་འབྲུག་ཡུལ་ལྷོ་ཕྱོགས་ཀྱི་ན་ག་ལཱ་ཕོ༼ Ngalop༽རིགས་ཏེ་མི་གྲངས༡༦༠༠༠༠ཙམ་ཀྱིས་སྤྱོད་བཞིན་ཡོད་ཅིང་།  ཁོ་ཚོ་ནི་དུས་རབས་དགུ་བ་ནས་བཟུང་བོད་མི་རུ་བ་སྤོས་ནས་ཐོན་པའི་བོད་མིའི་གདོང་རྒྱུད་ཡིན་ཞིང་།  ལྷག་པར་དུ་ ལྷོ་ཕྱོགས་སུ་མི་གྲངས༡༥༦༠༠ཙམ་གྱིས་འབྲུག་ཡིག་སྤྱོད་ཀྱི་ཡོད་པ་དང་།   དུས་རབས་ཉི་ཤུ་བའི་དུས་འགོར་བལ་བོའི་ངལ་རྩོལ་བཟོ་བ་འབོར་ཆེན་ཞིག་གནས་འདིར་ཐོན་པ་རེད།  ༼འབྲུག་པའི་སྤྱི་དམངས་སུ་གྱུར།༽   འབྲུག་པའི་མི་ངོ་མ་ནི་དེའི་ཤར་ཕྱོགས་ཀྱི་ཞ་ཆའོ་པིན༼Shachop ༽མི་རིགས་ཡིན་ལ།  ཁོ་ཚོའི་བཤད་སྲོལ་ལྟར་ན་ཐི་ཤིང་ལ༼Tshangla༽ལ་ཟི་ཁ་ཆའོ་པི་ཇ༼ Schachobi Kha༽ཞེས་ཀྱང་འབོད་ཟེར་བ་དང་ཕལ་ཆེར་མི་གྲངས༣༠༠༠༠ཙམ་གནས།   དབུས་ཀྱི་སྤམ་ཐང་༼ Bumthang༽ས་ཁུལ་གྱི་མི༤༠༠༠༠ཙམ་ལ་ཅན་ཁཱ༼ Khengka༽ཟེར་བ་དང་།   མི༣༠༠༠༠ལྷག་ལ་སྤམ་ཐང་ཇ༼ Bumthangkha༽ཟེར།
   སྤྱི་ལོ༡༩༦༠ལོའི་བར་དུ་འབྲུག་པ་ལ་གཞུང་ཡིག་མེད་ཅིང་།  བོད་བརྒྱུད་ནང་བསྟན་དར་ཁྱབ་ཆེས་ཆེར་ཕྱིན་པས་མི་གྲངས་ཡོངས་ཀྱི་ཁྲོད་ནས་བརྒྱ་ཆའི་བཅུ་གྲྭ་སར་བུད་པ་དང་ཁོ་ཚོས་རིག་གནས་རྒྱུན་སྤེལ་དང་ལོ་རྒྱུས་འབྲི་འགོད།  སྲོལ་རྒྱུན་རྒྱུན་འཛིན།  སེམས་གསོ་དང་ཧྲེ་ཁུལ་གོང་འདྲིལ་ཤུགས་ཀྱིས་བདག་གཅེས་ཚད་ཐོན་བྱུང་ནས་གལ་ཆེའི་བྱེད་ནུས་ཐོན་པ་དང་།འབྲུག་པ་བའི་ཡིག་འཁོད་ལོ་རྒྱུས་དང་ནང་བསྟན་པས་སློབ་གསོ་འདྲ་མཉམ་གྱི་ཡིག་སྐད་སྤྱོད་པ་ཚང་མ་སྲོལ་རྒྱུན་བོད་ཡིག་ལས་མ་འདས།
   ལོ་རབས་བདུན་བཅུ་བར་དེང་རབས་ཅན་གྱི་འཕེལ་རིམ་མ་ཚུགས་གོང་དུ་ཡིག་རྨོངས་བའི་བསྡུར་ཚད་ཧ་ཅང་མཐོ་བས་ས་ཁུལ་བར་གྱི་བཀག་རྒྱའི་གནས་ཚུལ་གྱིས་འབྲེལ་འདྲིས་བྱེད་པར་ཧ་ཅང་ཁག་པོ་བཟོས་ཡོད།   ༡༩༦༡ལོར་འབྲུག་རྒྱལ་བོ་འཇིགས་མེད་རྡོ་རྗེ་དབང་ཆེན་ལགས་ཀྱིས་ཙོང་ཁའི་སྐད་དེ་སྤྱི་སྐད་བྱེད་དགོས་པ་བསྟན། བསམ་ཡུལ་ལས་འདས་པ་ཞིག་ལ་ལྷོ་ཕྱོགས་པས་སྤྱི་ཁྱབ་ཏུ་བཀོལ་བཞིན་པའི་རྫོང་ཁའི་སྐད་དེ་འདི་ལྟར་སྤྱི་སྐད་དུ་གྱུར་བ་རེད།  “རྫོང་ཁ”ཞེས་པའི་ཡིག་འབྲུ་གཉིས་ཀྱི་ཞིབ་གླེང་ཆེས་མང་བ་ནི་ཤོག་ངོས་སུ་ཕབ་པའི་ཡིག་སྐད་དེ་བོད་ཡིག(Choeke) གི་མཚོན་བྱེད་རེད།  Choekeནི་རྫོང་ཁའི་སྐད་ཀྱི་ཡིག་སྐད་དུ་བལྟས་ཆོག་ཅིང་ནང་བསྟན་ཀྱི་ཆོ་ཀ་སྤེལ་བའི་སྐད་བྱེད་ལ། དེའང་སྐད་བརྡ་རིགས་མི་འདྲ་བ་གཉིས་ཡིན། དེའི་རྗེས་སུ་རྫོང་ཁའི་ཡི་གེ་དེ་སློབ་གྲྭས་འབྲི་ཀློག་སྐད་བརྡས་སློབ་ཁྲིད་བྱས་པ་དང་རིམ་གྱིས་བསླབ་དེབ་གཞན་དག་ཀྱང་རྒྱ་གར་ཡི་གེ་ལས་རྫོང་ཁའི་ཡི་གེར་ཕབ་སྟེ།  འབྲི་ཀློག་དང་འབྲེལ་འདྲིས་ཀྱི་མཚོན་བྱེད་བྱས་པ་ནི་སྔོན་ཆད་དབྱི་རལ་དང་ཧྥ་རན་སིའི་སྐད་དེ་ལཱ་ཏིན་ཡི་གེའི་ཁ་སྐད་དང་མཚུངས་བ་ལྟར་རེད།  ལོ་རབས་བདུན་བཅུ་བར་འབྲུག་སྲིད་གཞུང་གིས་ཡིག་སྐད་རང་ཡུལ་ཅན་དང་འཚོ་བ་ཅན་གྱི་དམིགས་འབེན་དུ་བརྩིས་ནས་སློབ་གསོ་པུའུ་རུ་རྫོང་ཁ་པུའུ་ཞེས་པ་དབུ་བརྙེས།   ལྷག་པར་དུ་༡༩༨༦ལོར་བློ་འདྲི་སའི་རྫོང་ཁའི་ཨུ་ཡོན་ལྷན་ཁང་དབུ་བརྙེས་པ་དང་།  ༡༩༨༩ལོའི་ཟླ༢པར་པུའུ་ཁག་གིས་མཉམ་འབྲེལ་སྒོས་རྫོང་ཁ་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་བཙུགས་པ་མ་ཟད།  ད་དུང་དེང་གི་ཚད་ལྡན་ཅན་གྱི་རྫོང་ཁ་ཡི་གེའི་བརྒྱུད་རིམ་ཁྲོད་རྩོམ་སྒྲིག་དང་རྫོང་ཁའི་བསླབ་དེབ།  མིང་མཛོད།   ཚིག་ཚོགས་གསར་སྣོན་དང་ཚིག་འབྲུ་དེད་ནས་གསར་བ་འབྲི་ཐབས་སོགས་ཀྱི་འགན་འཁུར་བ་རེད།  ལོ་རབས་དགུ་བཅུ་བའི་དུས་འགོར་ཧོ་ལན་རྒྱལ་ཁབ་ཀྱི་སྐད་བརྡ་རིག་པ་བ་ཆའོ་ཀྲི་ཝན་ཏེ་མོའུ(George van Driem)ཡིས་རྫོང་ཁ་ཡི་གེའི་བརྡ་སྤྲོད་རིག་པ་ཁག་དང་པོ་རྩོམ་འབྲི་གནང་བས་ཕན་འབྲས་མི་དམན་པ་ཞིག་ཐོན་པ་དང་ལྷན་དུ་རྫོང་ཁའི་ཡི་གེ་གཞུང་ཕྱོགས་ཁོངས་གཏོགས་ཁྲོད་ཀྱི་གསང་འདེད་སྟོབས་ཤུགས་སུ་གྱུར་ལ།  རོ་མའི་སྐད་དོད་བྱེད་ཐབས་དེ་རྒྱལ་སྤྱིའི་སྤྱི་དམངས་ཀྱི་རུས་མིང་དང་ཐ་སྙད་ཞིབ་གླེང་ཕྱོགས་ལ་སྤྱོད་པ་དང་རྫོང་ཁས་བཀོལ་བའི་སྲོལ་རྒྱུན་བོད་ཡིག་གསལ་བཤད་ནི་༼Ucen༽འབྲི་བའི་ཡིག་གཟུགས་རིགས་ཤིག་ཡིན།  ༼Ucen ༽ལ་ཡང་དག་གི་འབྲེལ་བ་ཞིག་མ་མཐོང་ཡང་།  ༼དཔེར་ན་གནའ་བོའི་ཨེ་ཅིབ་ཡི་གེ་རྟོགས་པའི་གྲོགས་པོས་མཛུབ་སྟོན་གནང་བ་ལྟ་བུ་རེད།༽  རྒྱུན་ཆད་མེད་པའི་ཚད་ལྡན་ཅན་གྱི་འཕེལ་རིམ་དང་བསྟུན་ནས་ཙོང་ཁ་ཡི་གེ་ནི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་ལག་ཆ་ལྟ་བུར་གྱུར།  ཡིན་ཡང་ད་ཡོད་འཚོ་བའི་ཁྲོད་ཀྱི་གནས་ཚུལ་དེ་འདྲ་གཅིག་པ་མིན།  དེར་བརྟེན།  རྫོང་ཁ་ཡི་གེའི་བསླབ་དེབ་དཔེ་ཆ་མི་འདང་ལ་གསར་བྱུང་དངོས་པོ་དང་ཚན་རིག་རང་བཞིན་གྱི་ཚིག་ཚོགས་ཀྱི་མཚོན་ཐབས་དཀོན་ཞིང་། རྫོང་ཁ་པར་དབྱིན་ཡིག་གི་འགྲན་རྩོད་ཁྲོད་བཀག་གནོན་ཡང་ཐེབས་སྲིད་པ་རེད།  དོན་དངོས་སུ་འབྲུག་པའི་རྒྱལ་ཡོངས་སློབ་གྲྭ་ཆུང་འབྲིང་གི་སློབ་ཐུན་མང་པོའི་དགེ་རྒན་དཔུང་སྡེ་ཕལ་ཆེ་བ་ནི་རྒྱ་གར་བ་ཡིན་པ་དང་།  ལྷག་པར་དུ་རང་བྱུང་ཚན་རིག་སོགས་ཀྱི་དགེ་རྒན་དཔུང་སྡེ་ཕལ་ཆེ་བ་རྒྱ་གར་བ་ཡིན་ཞིང་རྒྱ་གར་གཞུང་ཕྱོགས་ཀྱིས་ཐད་ཀར་ཁས་ལེན་བྱས་ཏེ་སློབ་ཁྲིད་གནང་གིན་ཡོད།   སློབ་གསོ་ཐོབ་པའི་འབྲུག་པ་བ་མང་ཤས་ཤིག་གིས་དབྱིན་ཡིག་གི་འབྲི་ཀློག་ཤེས་ནའང་ཙོང་ཁ་ཡི་གེ་རགས་ཙམ་ལས་ཤེས་ཀྱི་མེད།
   འབྲུག་པའི་ལྗོངས་རྒྱུའི་གོ་རིམ་ཁྲོདPunakarཡི་ལམ་བར་ནས་ཞག་གསོལ་སྒེར་ཁང་གི་ཞིང་བ་ཞིག་གིས་གདངས་གསལ་ཞིང་བརྡ་དག་པོའི་དབྱིན་སྐད་ཀྱིས་ང་དང་ཁ་བརྡ་བྱས་སོང་།  ཁོས་བཤད་ན་ངས་ལོ་དགུའི་རིང་དཔེ་ཆ་བཏོན་ཡོད་ཟེར།    ཁོ་བོས་དབྱིན་སྐད་བཤད་པའང་ང་རང་རྒྱ་གར་དང་བལ་བོ་ནས་ཕྲད་པའི་སློབ་གསོའི་ཆུ་ཚད་འོས་འཚམ་གྱི་མི་དེ་དག་དང་བསྡུར་ན་ཧ་ཅང་བཟང་།
  ཡི་གེར་བྲིས་བའི་བཀོལ་སྤྱོད་རིན་ཐང་ལ་ལྟ་རིན་ཡོད་པའི་རེ་བ་བཟུང་ནས་རིག་གནས་སྣང་ཚུལ་ཤིག་ལ་གྲོས་ཁ་བྱས་ཤིང་།  ང་རང་ཉིད་བོད་རིག་པ་ཞིབ་འཇུག་བྱེད་མཁན་ཞིག་མིན་ལ་ལོ་རྒྱུས་རིག་པ་བ་ཞིག་ཀྱང་མིན་པའི་ཆ་ནས་རྒྱང་རིང་ཞིང་རྒྱ་ཡངས་པའི་འཛམ་གླིང་ལ་སེམས་པ་མཚོན་བྱེད་ཙམ་དུ་ཕུལ་བ་ཡིན།  རིག་གནས་གདན་རབས་ནི་མི་གཞན་ལ་བརྟེན་པ་མིན་ཞིང་།  ཡང་ན་སྲིད་གཞུང་གི་སྲིད་ཇུས་ཡོ་ཕྱོགས་ཀྱང་མིན་པར་མི་རིགས་རང་གི་བརྩོན་འགྲུས་དང་རང་ནུས་ལ་བརྟེན་ཡོད།   རང་ནུས་ཀྱི་སྔོན་འགྲོ་ནི་ལོ་རྒྱུས་དང་དངོས་ཡོད་ལ་བལྟས་ལེགས་དགོས་པ་དེ་ཡིན་པ་མ་ཟད།  ད་དུང་དངོས་ཡོད་ཁྲོད་འཕེལ་རྒྱས་ཀྱི་ཐབས་བཀོད་རྙེད་ཐུབ་པ་བྱས་ནས་རྒྱུན་སྐྱོང་དགོས།    ངས་བལྟས་ན།   བོད་རིགས་ཀྱང་འདི་ལྟར་ཡིན་ལ་མི་རིགས་གཞན་དག་ཀྱང་འདི་ལས་མ་འདས་སྙམ།
  
       ༼གཡང་འབུམ་ཚེ་རིང་གིས་བསྒྱུར༽

       (མཆོད་མེ་དྲ་བའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།