ང་ཡི་འཕུར་སྐྱོད་སྔར་བས་མཐོ།

 

 

ཚེ་སྲོག་ནི་ཆུ་བོ་ཆེན་པོ་ཞིག་དང་འདྲ།
སྐབས་རེར་ལྷིང་ཞིང་འཇགས་ལ་ལན་རེར་སྨྱོ་ཧམ་ཆེ།
ང་རང་གཟེབ་དྲའི་ནང་ནས་ལུས་པོ་གཞན་དུ་འགྲོལ་ཐབས་མེད།
མགོ་བོ་འཐོམ་པའི་འཚོ་བ་ནི་རྣོ་གྲི་ཞིག་སྟེ།  
སྐབས་དང་སྐབས་སུ་བདག་ལ་རྨས་སྐྱོན་བཟོ།

ཆེས་མཐོ་བའི་མཁའ་དབྱིངས་དེ་ན།
རླུང་འཚུབ་དྲག་པོའི་ཞབས་བྲོ་གཏོང་བ་དང་འདྲ་བར།
རང་ཉིད་རང་གིས་པང་དུ་ལེན་དུས།
ཆར་རླུང་ཁྲོད་ཀྱི་གཤོག་པའི་རྡེབ་སྒྲ་སྙིང་དབུས་སུ་བཞུར།

ང་རང་ཆེས་མཐོ་སར་འཕུར་འདོད།
འཕུར་སྐྱོད་སྔར་བས་མཐོ།
སྔར་བཞིན་འཕུར།  སྔར་བཞིན་འཚོལ།

ང་ཡིས་གཏན་དུ་འཚོལ་ཐབས་མི་འདུག
སླར་ཡང་བཅིངས་འགྲོལ་ཐེངས་གཅིག་བྱ་ཕྱིར།
སྔར་གྱི་བྱས་ཉེས་སྔ་རོལ་ནས་འདོར།

ང་ལ་མཁོ་བ་ནི་ཚེ་སྲོག་གི་མཚར་སྡུག་ཡིན།
ང་ལ་དེ་བས་ཀྱང་མཁོ་བ་ནི་སྔོ་ཐང་ཐང་གི་ནམ་མཁའ་ཡིན།
དེ་ལྟའི་བདེ་སྐྱིད་ང་ལ་མཁོ་བ་ཤིན་ཏུ་རྟོགས།

ཆེས་མཐོ་བའི་མཁའ་དབྱིངས་དེ་ན།
རླུང་འཚུབ་དྲག་པོའི་ཞབས་བྲོ་གཏོང་བ་དང་འདྲ་བར།
རང་ཉིད་རང་གིས་པང་དུ་ལེན་དུས།
ཆར་རླུང་ཁྲོད་ཀྱི་གཤོག་པའི་རྡེབ་སྒྲ་སྙིང་དབུས་སུ་བཞུར།

ང་རང་ཆེས་མཐོ་སར་འཕུར་འདོད།
འཕུར་སྐྱོད་སྔར་བས་མཐོ། །
         ༼དབྱངས་དཀར་མོས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་ཡི་འཕུར་སྐྱོད་སྔར་བས་མཐོ།

2013-12-09 བང་ཧྥང་། ཀློག་གྲངས། མཆན ཡོད།

 

 

ཚེ་སྲོག་ནི་ཆུ་བོ་ཆེན་པོ་ཞིག་དང་འདྲ།
སྐབས་རེར་ལྷིང་ཞིང་འཇགས་ལ་ལན་རེར་སྨྱོ་ཧམ་ཆེ།
ང་རང་གཟེབ་དྲའི་ནང་ནས་ལུས་པོ་གཞན་དུ་འགྲོལ་ཐབས་མེད།
མགོ་བོ་འཐོམ་པའི་འཚོ་བ་ནི་རྣོ་གྲི་ཞིག་སྟེ།  
སྐབས་དང་སྐབས་སུ་བདག་ལ་རྨས་སྐྱོན་བཟོ།

ཆེས་མཐོ་བའི་མཁའ་དབྱིངས་དེ་ན།
རླུང་འཚུབ་དྲག་པོའི་ཞབས་བྲོ་གཏོང་བ་དང་འདྲ་བར།
རང་ཉིད་རང་གིས་པང་དུ་ལེན་དུས།
ཆར་རླུང་ཁྲོད་ཀྱི་གཤོག་པའི་རྡེབ་སྒྲ་སྙིང་དབུས་སུ་བཞུར།

ང་རང་ཆེས་མཐོ་སར་འཕུར་འདོད།
འཕུར་སྐྱོད་སྔར་བས་མཐོ།
སྔར་བཞིན་འཕུར།  སྔར་བཞིན་འཚོལ།

ང་ཡིས་གཏན་དུ་འཚོལ་ཐབས་མི་འདུག
སླར་ཡང་བཅིངས་འགྲོལ་ཐེངས་གཅིག་བྱ་ཕྱིར།
སྔར་གྱི་བྱས་ཉེས་སྔ་རོལ་ནས་འདོར།

ང་ལ་མཁོ་བ་ནི་ཚེ་སྲོག་གི་མཚར་སྡུག་ཡིན།
ང་ལ་དེ་བས་ཀྱང་མཁོ་བ་ནི་སྔོ་ཐང་ཐང་གི་ནམ་མཁའ་ཡིན།
དེ་ལྟའི་བདེ་སྐྱིད་ང་ལ་མཁོ་བ་ཤིན་ཏུ་རྟོགས།

ཆེས་མཐོ་བའི་མཁའ་དབྱིངས་དེ་ན།
རླུང་འཚུབ་དྲག་པོའི་ཞབས་བྲོ་གཏོང་བ་དང་འདྲ་བར།
རང་ཉིད་རང་གིས་པང་དུ་ལེན་དུས།
ཆར་རླུང་ཁྲོད་ཀྱི་གཤོག་པའི་རྡེབ་སྒྲ་སྙིང་དབུས་སུ་བཞུར།

ང་རང་ཆེས་མཐོ་སར་འཕུར་འདོད།
འཕུར་སྐྱོད་སྔར་བས་མཐོ། །
         ༼དབྱངས་དཀར་མོས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།