མི་ཚེའི་རི་མོ།

   ང་རང་རི་མོ་བ་ཞིག་ལ་མཇལ་འཕྲད་བྱེད་དུ་སོང་། ཁོས་ནམ་རྒྱུན་དུ་བརྩམས་ཆོས་གྲགས་ཅན་ཞིག་འབྲི་རྒྱུ་ཧ་ཅང་དཀའ་བར་འདོད།  དུས་ཡུན་ཧ་ཅང་རིང་པོ་ཞིག་གི་ནང་དུ་ད་གཟོད་རི་མོ་ཞིག་བྲིས་ནས་ལེགས་འགྲུབ་འབྱུང་བར་སྙམ།  ཁོས་ཧ་ཅང་གཟབ་ནན་གྱིས་ང་ལ་བཤད་རྒྱུར། ངས་རི་མོ་འབྲི་བ་ནི་སྤྱིར་བཏང་གི་རི་མོ་བ་དང་མི་འདྲ།  ཁོ་ཚོས་རི་མོ་འབྲི་བ་ནི་རྩེད་མོ་རྩེ་བ་ལྟ་བུ་རེད།  ཉིན་གཅིག་ལ་ཤོག་གྲངས་དུ་མ་འབྲི་བ་རེད།  ངས་རི་མོ་འབྲི་བར་བཟུང་བའི་རྣམ་འགྱུར་ཧ་ཅང་གཟབ་ནན་ཡིན། རྒྱུ་མཚན་ང་རང་འཇིག་རྟེན་འདིར་སྐྱེས་པར་འགན་ཁུར་ཡོད་པ་རེད།  ང་རང་འཇིག་རྟེན་འདིར་གནས་དོན་སྒྱུ་རྩལ་གྱི་ཆེད་ཡིན་ཟེར།  
       ང་རང་རི་མོ་བ་གཞན་ཞིག་ལ་མཇལ་འཕྲད་བྱེད་དུ་སོང་། ཁོས་ནམ་རྒྱུན་དུ་བརྩམས་ཆོས་གྲགས་ཅན་ཞིག་འབྲི་རྒྱུ་ཧ་ཅང་སླ་བར་སྙམ། སྐབས་རེར་ཉིན་གཅིག་རིང་རི་མོ་དུ་མ་འབྲི་བ་རེད། ཁོས་ཧ་ཅང་བག་ཕེབས་ཀྱིས་ང་ལ་བཤད་རྒྱུར།  ངས་རི་མོ་འབྲི་བ་ནི་སྤྱིར་བཏང་གི་རི་མོ་བ་དང་མི་འདྲ།  ཁོ་ཚོས་རི་མོ་འབྲི་བ་ནི་རྩ་གཏོང་རྒྱུ་འགག་པ་དང་གཅིག་མཚུངས་རེད། 
ཅི་ཡང་མ་ཕྲིས་དུས་རང་ཉིད་ཀྱི་རི་མོ་ནི་གཟབ་ནན་གྱིས་འབྲི་དགོས་པའི་བརྩམས་ཆོས་ཤིག་དང་རང་ནུས་ཡོད་རྒུ་བཏོན་ཏེ་འབྲི་དགོས་པའི་ལས་ཀ་ཞིག་ཏུ་འདོད། ངས་བསམ་ན་སྒྱུ་རྩལ་ནི་ཚེ་སྲོག་གི་རོལ་རྩེད་རིགས་ཤིག་རེད། མི་ཡི་ཆེད་དུ་གནས་པ་ཞིག་རེད། མི་ལ་དགའ་སྤྲོ་དང་བག་ཕེབས་སྟེར་ཆེད་དང་། སེམས་ཁོང་ལ་མཛེས་སྡུག་གི་མྱོང་བ་ཞིག་སྟེར་ཆེད་རེད། མི་མེད་ན་སྒྱུ་རྩལ་ལ་རིན་ཐང་སྤུ་ཙམ་ཡང་ཡོད་པ་མ་རེད་ཟེར།
      ང་ཡང་བསྐྱར་རི་མོ་བ་གཞན་ཞིག་ལ་མཇལ་འཕྲད་བྱེད་དུ་སོང་། ཁོས་བཤད་རྒྱུར། ངས་རི་མོ་འབྲི་འདོད་དུས་བྲིས་བ་ཡིན། གང་གི་ཆེད་དུ་ཡང་མིན། སྒྱུ་རྩལ་ནི་སྐབས་རེའི་འཆམ་འཆམ་དང་ལས་ཀ་ལྟ་བུ་རེད།
     འཇིག་རྟེན་འདིའི་སྟེང་དུ། དོན་དག་གང་དང་ཅི་ཡིན་རུང་དེ་ལ་ལྟ་ཚུལ་རྦད་དེ་མི་འདྲ་བ་ཧ་ཅང་མང་པོ་ཡོད་པ་རེད།  ཡིན་ནའང་། ཅི་ཞིག་དངོས་སུ་ལག་ལེན་བྱས་པ་ད་གཟོད་གལ་ཆེན་ཡིན་པ་ལས་ལྟ་ཚུལ་ནི་དེ་ལས་ལྡོག་སྟེ་གཙོ་བོ་ཞིག་མིན་པ་རེད། གལ་ཏེ་རི་མོ་འབྲི་བར་གཟབ་ནན་བྱེད་པ་དང་དུས་ཡུན་རིང་པོ་དགོས་པའི་སྒྱུ་རྩལ་པས་བརྩམས་ཆོས་ལེགས་པོ་ཞིག་ཕྲིས་སོང་ན་དེ་ཡག་པོར་བརྩི་ཆོག་ལ།  རི་མོ་འབྲི་བར་བག་ཕེབས་དང་དུས་ཚོད་ཐུང་ཐུང་ལས་མི་དགོས་པའི་སྒྱུ་རྩལ་པས་བརྩམས་ཆོས་ལེགས་པོ་ཞིག་ཕྲིས་སོང་ན་དེ་ཡང་ཡག་པོར་བརྩི་ཆོག  ད་དུང་རི་མོ་འབྲི་བ་ནི་ཅི་དང་གང་གི་ཆེད་ཡང་མ་ཡིན་པའི་སྒྱུ་རྩལ་པས་གལ་ཏེ་བརྩམས་ཆོས་ལེགས་པོ་ཞིག་འཁྱོངས་སོང་ན་དེ་ཡང་ཡག་པོར་བརྩི་ཆོག་ཆོག་ཡིན།
   དུས་རྒྱུན་ང་ཚོའི་ལྟ་ཚུལ་མི་འདྲ་བས་རྒྱུ་མཚན་གྱིས། ཚེ་སྲོག་ཁྲོད་དུ་ཨུ་ཚུགས་དང་རྩོད་པ་ཕན་ཚུན་བར་ལྟ་ཚུལ་མཁྲེགས་བཟུང་བྱེད་པ་བཅས་བྱུང་བ་རེད། དེའི་རྐྱེན་གྱིས་ང་ཚོའི་ལག་ལེན་གྱི་སྟོབས་ཤུགས་དང་མདུན་སྐྱོད་ཀྱི་སྙིང་སྟོབས་ཇེ་ཞན་དུ་གྱུར་བ་རེད།
   ང་ཚོས་མི་ཚེའི་རི་མོའི་འབྲི་སྦྱོང་ཁྲོད་དུ་མཚམས་རེར་གཟབ་ནན་བྱེད་པ་དང་སྐབས་རེར་བག་ལྷོད་བྱེད་པ། ལན་རེར་འབྲི་དཀའ་བ་དང་། རེ་འགར་མགྱོགས་པོར་འབྲི་ཐུབ་པ། ད་དུང་མཚམས་ལན་རེར་གང་གི་ཆེད་དུ་ཡིན་དང་མ་ཡིན་བར་ནས་བརྩམས་ཆོས་སྣ་ཚོགས་འབྱུང་བ་རེད། ཡིན་ནའང་ལྟག་རྒྱབ་ཀྱི་ཀུན་སློང་ཅི་ཞིག་ཡིན་པ་གཙོ་བོ་མ་རེད།  སྨྱུག་ཁ་སྐོར་སྐབས་ཚོན་མདོག་རྣམ་པར་བཀྲ་བ་དང་། རི་མོའི་མཚོན་བྱ་བཀོད་སྒྲིག་གསལ་བོ་ཡོད་པ། མཐའ་རིས་གསལ་བོར་འདེབས་པ། ད་རུང་ཕུགས་བསམ་ཁྲོད་ཀྱི་ཁྱད་ཆོས་ཤིག་མངོན་རྒྱུ་ཧ་ཅང་གལ་ཆེ་བ་རེད།
    ངས་ཡིད་འཇོག་བྱེད་ས་ནི་རི་མོ་ཞིག་ཅི་ལྟར་བྲིས་པ་དེ་མ་རེད། རི་མོ་ཇི་འདྲ་ཞིག་བྲིས་ཡོང་བ་དེ་རེད། དེ་ནི་དྭངས་གཙང་གི་རྦབ་ཆུ་ལྟ་བུ་རེད། གདོང་བཀྲུ་སྤྱད་བྱེད་ཆོག་ལ། རྐང་བ་བཀྲུ་སྤྱད་ཀྱང་བྱེད་ཆོག  འཐུང་ཆོག་ལ།  མི་གཙང་བ་འཁྲུད་བྱེད་ཀྱང་བྱེད་ཆོག  འོན་ཀྱང་ཆུ་ནི་ཆུ་ཡིན་པ་རེད།
                
                     འཇིགས་བྱེད་སྐྱབས་ཀྱིས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

མི་ཚེའི་རི་མོ།

2015-09-24 ལིན་ཆིང་ཞོན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།