སྦྲང་རྩི།

  “ཁྱེད་གཉིས་ད་ལྟ་ཡོང་རོགས།”
  ཨན་ལེས་ཁ་པར་བརྒྱུད་དེ་ཞོའོ་ཁྲིན་དང་ཀྲང་པེར་དངོས་པོ་ཞིག་ལ་བལྟ་རུ་འཇུག་ཟེར།ཀྲང་པེས་ཁ་པར་བརྒྱུད་དེ་ཨན་ལེས་རང་ཉིད་ལ་དངོས་པོ་ཅི་ཞིག་སྟོན་རྒྱུ་ཡིན་པ་ཤེས་པར་འདོད་ནའང་།ཨན་ལེས་ཁྱེད་གཉིས་ཐོན་ཚེ་ཤེས་ཡོང་ཟེར་ཞིང་།“གལ་ཏེ་ཁྱེད་གཉིས་ལ་ཁོམ་ལོང་ཡོད་ན།མྱུར་དུ་ཤོག”ཅེས་བཤད།
  ཀྲང་པེས་ཁ་པར་གྱི་སྒོ་གཏན་རྗེས།རང་ཉིད་ལ་གཙང་སྦྲ་རེ་བྱས་ན་འོས་པར་སྙམ་པས་རྐང་སྣམ་བརྗེས་བྱུང་།ཨན་ལེའི་ཁ་པར་སྣེ་ལེན་བྱེད་དུས་ཁོས་ར་སྐོར་ལ་གཙང་སྦྲ་བྱེད་བཞིན་ཡོད་ཅིང་།ན་ནིང་གི་སྡོང་ལོ་སྐམ་རྙིད་དུ་གྱུར་བ་དེ་དག་ཕྱོགས་གཅིག་ཏུ་སྤུངས་ནས་མེ་རུ་བསྒྲོན་པས།དུ་བའི་སྐུད་རྒྱ་རིང་མོ་ཞིག་མཁའ་རུ་འཐེན་སོང་ལ།ཉིན་དེའི་གནང་ངོ་ཤིན་ཏུ་དྭངས། ཨན་ལེས་རང་ལ་ཁ་པར་གཏོང་འོང་བ་བསམ་ཡིད་ལའང་དྲན་མེད།ཨན་ལེའི་ལས་དབང་ངོ་མ་སྡུག་སྟེ། དང་ཐོག་ཁྱོ་གར་ནད་དེ་ལྟ་བུ་ཞིག་བྱུང་ནས་།རང་ཁྱིམ་གྱི་སྒོར་ཡོད་ཚད་ཙམ་དུ་མ་ཟད།གྲོགས་པོ་ཚོས་ཅི་ནུས་ཀྱིས་སྦྱིན་པའི་སྒོར་མཐའ་དག་ཀྱང་བཀོལ་ཚར་རྗེས།འཇིག་རྟེན་གཞན་ཞིག་ལ་ཆས་སོང་།ཨན་ལེ་དང་མོའི་སྐྱེས་པ།ཀྲང་པེ་དང་ཞོ་ཁྲིན་བཅས་ནི་མཛའ་ཞིང་གཅུགས་པའི་གྲོགས་པོ་ཡིན་ཞིང་།འདས་པའི་ལོ་ཟླར་ཁོ་ཚོ་རྒྱུན་པར་ལྷན་དུ་འཛོམས་ནས་སྤྲོ་དགར་རོལ་བའམ་གཙང་འགྲམ་ལ་སོང་ནས་མཚན་ཟས་ལ་རོལ་བ་ཡིན།གཙང་འགྲམ་དུ་མཚན་ཟས་ལ་རོལ་བར་བཟང་ཆ་ཞིག་ཡོད་པ་ནི་སྐྱེས་པ་རྣམས་སོང་ནས་ཉ་གཟུང་ཆོག་པ་དེ་ཡིན་ཞིང་།ཁོ་ཚོས་རང་ཉིད་ཀྱི་རླུང་རྟ་རྟ་རྒོད་ལྟར་རྒྱུགས་ཏེ་ཉ་ཆེན་པོ་གཅིག་གམ་དུ་མ་གཟུང་ཐུབ་པར་སྨོན་བཞིན་ཡོད་ལ།ཉ་ནི་བཟུང་མ་ཐག་ཐད་ཀར་མེ་ཡིས་མངར་བསྲེགས(烧烤)་བྱས་ཆོག ཡིན་ནའང་།སྐབས་དེར་ཁོ་ཚོས་འཛིན་ཐུབ་པ་ནི་ཉེའུ་དག་ཡིན།
  ཨན་ལེའི་ལས་དབང་ད་དུང་སྡུག་ས་ཞིག་ཡོད་པ་ནི་མོའི་ཁྱོ་ག་སྨན་ཁང་དུ་ཞག་སྡོད་བྱེད་སྐབས་ཤིག་ལ།གློ་བུར་དུ་རང་གི་བྱིས་པ་མཐོང་རྒྱུ་མ་བྱུང་བ་དེ་རེད།དྲང་མོར་བཤད་ན།མོས་རང་ཉིད་ཀྱི་བྱིས་པ་བོར་བ་དེ་རེད།སྐབས་ཐོག་དེར་གྲོགས་པོ་ཚོས་ཨན་ལེའི་བྱིས་པ་གང་ཞིག་ཏུ་བུད་སོང་བར་དེ་འདྲའི་སྣང་དོགས་བྱེད་ཀྱིན་མེད་ཅིང་།དུས་ཡུན་རིང་ཙམ་ཞིག་ལ་མཐོང་རྒྱུ་མ་བྱུང་ཡང་།ཁོ་ཚོས་ཨན་ལེ་དང་མོའི་ཁྱོ་གའི་ཤ་ཉེ་གང་རུང་ཞིག་གིས་ཁྲིད་སོང་བར་སྙམ་གྱིན་ཡོད།རྒྱུ་མཚན་ནི་སྐབས་དེར་ཨན་ལེ་དང་མོའི་ཁྱོ་ག་ལ་བྱིས་པར་བདག་སྐྱོང་བྱེད་ཁོམ་ཞིག་མེད་པས་ཡིན།ཕྱིས་སུ་ཨན་ལེས་ད་གཟོད་གྲོགས་པོ་ཚོར་བྱིས་པ་བོར་སོང་ཞེས་བསྒྲགས་པར།སྐབས་དེའི་གྲོགས་པོ་ཚོ་ཧ་ལས་ཤིང་།ཧང་སངས་ཚད་ནི་ཡུལ་གང་རུང་ཞིག་ལ་རིམ་པ་དགུའི་ས་འགུལ་ཆེན་མོ་བྱུང་བ་ཐོས་པའི་དམན་མིན་བྱུང་། གྲོགས་པོ་ཚོས་ཨན་ལེ་ལ་ ཁོ་ཚོར་ཡང་བརྡ་བརྒྱབ་སྟེ། ཅིའི་ཕྱིར་མཉམ་དུ་བཙལ་བར་འགྲོ་རུ་མ་བཅུག་པ་ཡིན་ཞེས་ལེ་བདའ་བྱས་བྱུང་བར།ཨན་ལེས་དུས་དེར་སྨན་ཁང་ནང་གི་དོན་དག་གིས་ལུས་སེམས་གཉིས་ཀའི་ཤུགས་ཉམས་པར་བྱས་ཡོད་སྟབས།རང་ཉིད་མགོ་འཐོམ་སོང་ཟེར། དེར་མཐུད་ཨན་ལེའི་སྐྱེས་པ་ཚེ་ལས་འདས་ཤིང་།ཀྲང་པེ་དང་ཞོའོ་ཁྲིན་ད་དུང་མོའི་གྲོགས་པོ་གཞན་པ་ཚོ་ཡང་བསྐྱར་ཨན་ལེ་དང་འཕྲད་དུས་ཚང་མ་ཧ་ལས་སོང་།ཨན་ལེ་སྔོན་དང་བསྡུར་ཚེ་སྐམ་ཞིང་རིད་འདུག་ལ།སྐྲའང་ཐུང་ངུར་བཞར་དྲགས་པས།ད་ནི་བཞར་མི་རུང་ཨང་སྙམ་པའི་ཉམས་སྣང་སྟེར་ཞིང་།ད་དུང་དུ་བ་འཐེན་རྒྱུར་ལོབས་འདུག མོས་སྐད་ཆ་མང་པོ་མི་བཤད་ཅིང་།དེ་རུ་ཙོག་སྟེ་དུ་བའི་རྐང་ཐུར་གཅིག་འཕྲོར་གཅིག་མཐུད་དེ་འཐེན་པར་བྱེད།
  དེ་ནི་འདུ་འཛོམས་ཐེངས་ཤིག་གི་སྐབས་ཡིན་ཏེ།གྲོགས་པོ་ཚོས་ཨན་ལེ་ཡང་བོས་ཡོང་ཞིང་།མོ་རང་སྡུག་བསྔལ་གྱི་ཁྲོད་ནས་ཡུན་གྱིས་ཐར་དུ་འཇུག་དགོས།སྐྱེས་པ་འདས་ཤིང་།བྱིས་པའང་བོར་བའི་སྡུག་བསྔལ་ལས་ཐར་དུ་འཇུག་དགོས་ཟེར།སྐབས་ཐོག་དེ་ནས་བཟུང་ཁོ་ཚོས་དྲ་ཐོག་དང་སྲང་ལམ་གྱི་གང་སར་བྱིས་པ་འཚོལ་བའི་བརྡ་སྦྱོར་སྦྱར་བ་ཡིན། ཀྲང་པེ་ཡིས་རང་གི་ཆུང་མར“དུས་སྐབས་ལ་སླེབས་བྱུང་”ཞེས་བཤད་པར།མོས་“ཅི་ཞིག་གི་དུས་སྐབས་ལ་སླེབས་བྱུང”ཞེས་དྲིས།ཀྲང་པེས་“ཨན་ལེ་ལ་རོགས་བྱས་ཏེ་བྱིས་པ་ཕྱིར་བཙལ་འོང་བའི་དུས་ལ་སླེབས་བྱུང”ཟེར།
  སྐབས་ཐོག་དེར།ཨན་ལེ་ཡི་གྲོགས་པོ་ཚོར་ཁོམ་ལོང་ཨེན་ཙམ་བྱུང་ཚེ།གང་སར་སོང་སྟེ་འཚོལ་ཡིག་སྦྱོར་བར་བྱེད།
  གལ་ཏེ་བྱིས་པ་དེ་རྙེད་པའི་དབང་དུ་བཏང་ན།ད་ལོར་ཕལ་ཆེར་ལོ་ན་ལྔ་ན་སོན་གྲབས་ཡོད་ཅིང་།།གཅེས་མིང་ལ་རི་བོང་ཞེས་འབོད།
  “ཞོའོ་ཁྲིན”ཨན་ལེས་ཁྱོད་ང་དང་ལྷན་དུ་དངོས་པོ་དེར་བལྟ་རུ་ཤོག་ཟེར།
  “ང་རང་སྐྲ་ལོ་མཛེས་བཟོ་བྱ་རུ་འགྲོ་འདོད།མོར་དངོས་པོ་དགའ་ཅི་ཞིག་ཡོད་སྲིད་ཨང་།”ཞོའོ་ཁྲིན་གྱིས་དེ་ལྟར་ལན་བཏབ།
  ཀྲང་པེས“ཁྲིག་ཁྲིག་མེད་ན།མོས་ཁྱོད་ལ་སྦྲང་མ་སྒམ་གང་བཙལ་ཡོད་ཀྱང་སྲིད།”ཨན་ལེ་ཡི་ཤ་ཉེ་ཞིག་གིས་སྦྲང་མའི་ཞིབ་འཇུག་ཁང་དུ་བྱ་བ་གཉེར་གྱིན་ཡོད་ཅིང་།ཞོའོ་ཁྲིན་གྱིས་སྔ་མོ་ཞིག་ནས་བཟུང་ར་སྐོར་ནང་དུ་སྦྲང་མ་སྒམ་གང་གསོ་འདོད་ཡོད་པས།སྐབས་དེར་ཐོན་ན་ཆེས་དག་གཙང་གི་སྦྲང་རྩི་ཟ་ཐུབ།ཀྲང་པེ་ཡང་སྦྲང་མ་རྣམས་ར་སྐོར་ནང་དུ་ཡར་འཕུར་མར་འཕུར་བྱེད་པའི་རྣམ་པ་དེར་དགའ་བོ་ཡོད།
  “མོར་ཙོང་འགའ་ཁྱེར་འགྲོ ”ཞོའོ་ཁྲིན་གྱིས“ ད་དུང་ཁྱེད་ཀྱི་ལ་ཕུག ”
  “ངའི་ལ་ཕུག་ཨང་།” ཀྲང་པེ་ལྷུག་ལྷུག་ཏུ་བགད་བྱུང་།
  “ཁྱེད་ཀྱི་ལོས་ཡིན་ཡ”ཞོའོ་ཁྲིན་གྱིས་ལག་པ་ཕར་བསྲིངས་ཏེ་ཀྲང་པེའི་རྒྱབ་ལ་ཤུགས་ཡང་མོས་འདྲད་ཙམ་བྱས་བྱུང་།
  “ངའི་ལ་ཕུག་ཨང་།”ཀྲང་པེ་དགོད་ཞོར་“དེ་ནི་ཁྱེད་ཀྱི་ཆེད་ཁེ་མིན་ནམ།”
  “ཀྲང་པེ—”ཞོའོ་ཁྲིན་གྱིས་ཀྲང་པེ་ལ་སྐད་འདྲག་ཅིག་བྱས་བྱུང་།
  ཀྲང་པེས“ཆོག་གི་ཆོག་གི ད་མི་བཤད།”ཟེར།
  “ཁྱེད་ཀྱིས་སྐད་ཆ་འདི་ལྟར་བཤད་སྲོལ་ཡོད་དམ།”ཞོའོ་ཁྲིན་གྱིས་དེ་ལྟར་བཤད།
  ཙོང་དང་ལ་ཕུག་གཉིས་ཀ་ཀྲང་པེས་ར་སྐོར་ནང་དུ་བཏབ་ཅིང་སྐྱེས་པ་ཡིན།
  ཅིའི་ཕྱིར་ཡིན་པ་མི་ཤེས་མོད།ཀྲང་པེ་དང་ཞོའོ་ཁྲིན་གཉིས་ཀས་སྒེའུ་ཁུང་བརྒྱུད་དེ་ཕྱོགས་དེར་ལྟ་ཙམ་བྱས།
  ཀྲང་པེས“ཙོང་རྙིང་དྲག་ན་ཁ་ཚ”ཟེར།
  ཞོའོ་ཁྲིན་གྱིས“ཡིད་ལ་མ་དྲན་པ་ཞིག་ནི་ཙོང་ལ་མེ་ཏོག་བཞད་པ་ནི་ག་འདྲ་ཞིག་སྟེ།བལ་གྱི་གོང་བུ་ཞིག་དང་མཚུངས་ཟེར།”ཟེར།
  ཀྲང་པེས་ཡང་བསྐྱར་ར་སྐོར་གྱི་ཕྱོགས་དེར་ལྟ་ཙམ་བྱས་བྱུང་ལ།སྡོང་བོ་དེའི་འོག་ཏུ་རྫ་མདོག་གི་འགྱིག་ཟོ་ཞིག་བཞག་འདུག ཁོས་ནམ་རྒྱུན་འགྱིག་ཟོ་དེ་གཟས་ནས་སོང་སྟེ།དེའི་ནང་དུ་གཅིན་པ་གཏོང་གིན་ཡོད།འགྱིག་ཟོ་དེ་ཧ་ཅང་ཆེ་ཞིང་།ན་ནིང་བསྙལ་བའི་རྩ་ལོ་དག་ད་དུང་ནང་དུ་འདུག་ལ།ད་ལྟ་ནི་ཤིན་ཏུ་ལེགས་པའི་ལུད་རྫས་སུ་གྱུར་ཡོད།ཁོས་རྒྱུན་པར་ལུད་རྫས་འདིའི་རིགས་ར་སྐོར་ནང་གི་ཙོང་དང་ལ་ཕུག་འདུས་པའི་རྩི་ཤིང་དག་ལ་སྟོར་བཞིན་ཡོད།
  “ཁྱོད་ཀྱི་རྐང་སྣམ་འདི་ཡང་ཇི་འདྲའི་དོག་འདུག་ཨང་།ཁྱོས་མདུན་ཕྱོགས་ལ་ལྟོས་དང་།”ཞོའོ་ཁྲིན་གྱིས་ཀྲང་པེ་ལ་དེ་ལྟར་བཤད།
  ཀྲང་པེས“ལྷམ་ཡང་རལ་ཐལ། བོའོ་ཨར་མའི་སར་གྱི་རྐང་སྣམ་དང་ལྷམ་གྱི་རིན་གོང་ཤིན་ཏུ་བདེ་བོ་འདུག”་ཅེས་བཤད།
  “མོས་ངེད་གཉིས་བོས་ཏེ་དངོས་པོ་ཅི་ཞིག་སྟོན་འདོད་པ་ཁྱེད་ཀྱིས་མི་ཤེས་སམ།”
  ཀྲང་པེས“ཁ་པར་གྱི་ནང་ནས་མོས་ཀྱང་མ་བཤད་ཐལ།གལ་ཏེ་སྦྲང་མ་སྒམ་གང་མིན་ཚེ།ཞི་ལ་ཞིག་ཡིན་ཨེ་སྲིད་དམ།”ཟེར
  “ཡིད་ལ་ཟུངས།མོས་མ་གླེང་ན།ཁྱོས་ཀྱང་རབ་ཡིན་ན་རི་བོང་ཆུང་ཆུང་གི་སྐོར་མི་གླེང་རོགས།”
  “ད་སོང་ན་ཅུང་ཙམ་སྔ་ཨེ་ཡོད་དམ།”ཀྲང་པེའི་སྐད་ཆ་འདིའི་དོན་ནི་ཨན་ལེ་ངོ་མ་སྙིང་རྗེའི་ཡུལ་དུ་གྱར་ཡོད་པས།ཅུང་ཙམ་འཕྱི་བར་བྱས་ནས་སོང་སྟེ།ཨན་ལེ་ཕྱི་རུ་ཁྲིད་དེ་ཁོང་གསུམ་པོས་ལྷན་དུ་དགོང་ཟས་ལ་རོལ་འདོད་པ་ཡིན།
  ཞོའོ་ཁྲིན་གྱིས་ཀྲང་པེ་ལ་ལྟ་ཞོར“སྐབས་ཐོག་དེར་ཐོན་ན།མོ་ཡང་ངུས་བྱུང་ཚེ་ཅི་བྱའམ”ཞེས་སྨྲས།
  “དེས་ན་བསྐྱུར་ཞོག ”ཀྲང་པེས་རང་གིས་སྣང་དོགས་ཅི་ཡང་བྱ་མི་སྲིད་ཟེར།
  ཞོའོ་ཁྲིན་གྱིས་ཅི་ཞིག་དྲན་བྱུང་བ་མི་ཤེས་མོད།གློ་བུར་དུ་བགད་བྱུང་།
  ཀྲང་པེས་ལག་པ་གཅིག་ཞོའོ་ཁྲིན་གྱི་སྒལ་སྟེང་ལ་བཞག་ཅིང་།ད་དུང་ལག་པ་ཡ་གཅིག་དེ་ཡང་བཞག་བྱུང་།
  ཞོའོ་ཁྲིན་ན་རེ“ཨན་ལེས་ད་ལྟ་ ཚོ་བྱང་བར་ཡང་འབད་མི་དགོས་འདུག”
  དར་ཅིག་གི་རིང་ལ་ཀྲང་པེ་དགོད་ཀྱང་ཐུབ་མ་བྱུང་། སྐབས་དེར་ཨན་ལེའི་ཁྱིམ་དུ་དོན་དག་ཅི་ཡང་བྱུང་མེད་ཅིང་།མོ་རང་བདེ་ཞིང་སྐྱིད་པར་གནས་ཡོད། མོའི་ལུས་པོ་དེ་འདྲའི་རྒྱགས་པ་ཞིག་མིན་ཡང་རྣམ་ཀུན་ཚོ་བྱང་རྒྱུའི་དོན་དེ་གླེང་བར་བྱེད།དུས་དེར་ཁོང་བཟའ་ཟླ་གཉིས་ཀྱི་གླ་ཕོགས་ཀྱང་ཤིན་ཏུ་དམའ་བས།མོས་གཏན་ནས་སྒོར་དེ་བཀོལ་མི་ཐུབ་པ་སུས་ཀྱང་ཤེས།
  ཀྲང་པེས“ཁྱོད་ཀྱི་སྐད་ཆ་དེར་དགོད་རྒྱུ་ཏིལ་ཙམ་ཡང་མི་འདུག”
  “ངས་དོན་ངན་ལ་ནམ་དུས་བཟང་བའི་ཆ་ཞིག་ཀྱང་ཡོད་ཟེར་བ་ཙམ་ཡིན།”་
  “ཁོ་མོས་ད་ལྟ་རང་ལ་ཚོ་བུད་ན་འདོད་ཀྱིན་ཡོད་ངེས། ཚོ་བུད་ན་འདོད་ཀྱིན་པ་ཁོ་ཐག་ཡིན།”ཀྲང་པེས་དེ་ལྟར་བཤད་ཞོར་མིག་ཟུང་གིས་ཕྱི་རོལ་ལ་ཅེར་དུས།གྱང་འགྲམ་གྱི་ཤིང་སྡོང་དེའི་སྟེང་ཚང་མལ་བཟོ་བསམ་པའི་བྱེའུ་དེས་ཁ་ནང་དུ་ཕྲ་ཞིང་ཆུང་བའི་ཤིང་ཐུར་ཞིག་ཞིག་བཟུང་སྟེ།་འཕུར་ནས་ཐོན་བྱུང་།“ཁྲིགས་ཁྲིགས་མེད་ན་མོས་ངོ་མ་ཞི་ལ་ཞིག་གསོས་ཡོད་ཀྱང་སྲིད།”
  འདུ་འཛོམས་ཐེངས་ཤིག་གི་སྟེང་།ཀྲང་པེས་ཞོའོ་ཁྲིན་ལ་ཞི་ལ་ཞིག་གསོས་ན།མཚན་མོ་སླེབས་ཚེ།སྔས་འགྲམ་དུ་ཉལ་ཏེ་ཧུར་ཧུར་ངང་སྔུར་བ་འཐེན་སྲིད་པས་དེ་ལྟར་བྱས་ན་བཟང་ལུགས་ཀྱི་ཁ་ཏ་བྱས་མྱོང་།“དེས་ན་ད་ཁྱོད་རང་ཉིད་ཞི་ལ་ཞིག་ཏུ་བསྒྱུར་ཡ”ཞོའོ་ཁྲིན་གྱིས་དེ་ལྟར་བཤད་བྱུང་བར་ཀྲང་པེས་“འོན་ཀྱང་ང་ནི་ཁྱོད་ཀྱི་ཞི་ལ་ཡིན།”ཞེས་སྨྲས།
  སྒོ་རྡུང་སྐབས།ཁང་བའི་ནང་རོལ་ཞིག་ནས་ཨན་ལེས་སྐད་མགོ་དམའ་མོས་“སུ་ཡིན”ཟེར།
  “ཧུར་ཧུར།ཧུར་ཧུར།ཧུར་ཧུར།ཧུར་ཧུར”ཀྲང་པེས་སྒོའི་ཕྱི་ནས་དེ་ལྟར་བཤད།
  ཀྲང་པེས་ད་ནི་སྔོན་ཆད་ལྟར་མཛུབ་མོ་གཅིག་གིས་སྒོའི་ཐོག་གི་རྒྱང་མིག་དེ་སྒྲིབ་མ་བྱུང་།སྔོན་ཆད་ཁོ་རང་རྟག་ཏུ་ཀུ་རེ་འདིའི་རིགས་རྩེད་རྒྱུར་དགའ་བོ་ཡོད།ཐེངས་ཤིག་ལ།ཁོས་ཕྱི་ནས་མཛུབ་མོས་སྒྲིབ་པས།ཨན་ལེ་ཡི་སྐྱེས་པས་གཏན་ནས་སྒོ་མ་ཕྱེ།འདི་ལྟར་དུས་ཡུན་རིང་ཙམ་འགོར་པས་མཐར་ཕན་ཚུན་སུ་ཡང་སེམས་མི་སྐྱིད་པ་ལྟ་བུ་ཞིག་ཏུ་ བཟོས་སོང་།ཨན་ལེའི་ཁྱོ་གས“ཁྱོད་ཀྱིས་འདི་ལྟར་བྱས་ན་མི་ལེགས་པར་འདུག གལ་ཏེ་མི་ངན་འདྲ་ཡིན་ན་ཅི་བྱ།རྒྱང་མིག་འདི་འཇོག་དོན་སྒོའི་ཕྱི་རོལ་གྱི་མི་དེ་སུ་ཡིན་པར་ལྟ་ཆེད་རེད།ཁྱོས་འདི་ལྟར་བྱས་ན་མི་ལེགས་པར་འདུག”ཟེར། ཨན་ལེའི་ཁྱོ་ག་འདས་ནས་ལོ་གཅིག་ལྷག་འགོར་ཟིན།ཁོ་རང་སོང་སྟེ་རྩྭ་ཉ་ཞིག་འཛིན་པའི་སྐལ་བ་ད་ནི་གཏན་དུ་མེད་སོང་།ཨན་ལེའི་ཁྱོ་གས་རབ་ཡིན་ན་རྩྭ་ཉ་ཞིག་གི་ཆེ་ཆུང་ལ་མི་ཚད་ཙམ་ཡོད་ན་བཟང་འདུག་ཅིང་།ཁོས་རྩྭ་ཉ་དེ་དུམ་བུར་བགོས་ནས་བསྙལ་སྲིད་ཅིང་།དེ་ལྟར་བྱས་ཚེ་ལོ་གཅིག་གི་ཉི་མ་སུམ་བརྒྱུ་དྲུག་ཅུར་རྩྭ་ཉ་བསྙལ་མ་བཟའ་རྒྱུ་ཡོད་ངེས་ཟེར།ཨན་ལེའི་ཁྱོ་ག་ད་ལྟ་འཇིག་རྟེན་གཞན་ཞིག་ཏུ་ཆས་ཟིན་ཅིང་།འཇིག་རྟེན་དེར་ཡང་དེ་འདྲའི་རྩྭ་ཉ་ཆེན་པོ་ཞིག་ཕལ་ཆེར་ཡོད་མི་སྲིད།
  སྒོ་འབྱེད་དུས་ཨན་ལེས་ཁང་བའི་ནང་རོལ་ཞིག་ནས་སྐད་མགོ་དམའ་མོས“མྱུར་མོར་ནང་དུ་ཤོག མྱུར་མོར་ནང་དུ་ཤོག མྱུར་མོར་ཤོག”ཟེར་བར་བྱེད།
  ཀྲང་པེས་རང་གི་ཆུང་མར་དངོས་པོ་བཟུང་སྟེ་སྔོན་ལ་ནང་དུ་འགྲོ་རུ་བཅུག
  “མྱུར་མོར་ནང་དུ་ཤོག མྱུར་མོར་ནང་དུ་ཤོག”ཨན་ལེས་ཡང་བསྐྱར་དེ་ལྟར་བཤད་བྱུང་།
  ཀྲང་པེའི་བསམ་པར་རང་གི་ཚོད་དཔག་ཀྱང་ཕལ་ཆེར་འགྲིག་པ་འདྲ་སྟེ།ཨན་ལེས་ཁྱིམ་དུ་ཞི་ལ་ཞིག་གསོས་ཡོད་པ་ཁོ་ཐག་རེད་སྙམ། ཞི་ལ་ལ་ལ་ཞིག་སྒོ་ཕྱེས་མ་ཐག་ཕྱི་རུ་འབྲོ་བར་བྱེད་ཅིང་། ལ་ལ་ཞིག་ཕྱི་རུ་འབྲོ་ཙམ་ཡང་མི་བྱེད། ཕྱི་རུ་འབྲོ་འདོད་མེད་པའི་ཞི་ལ་འདིའི་རིགས་ཀྱིས་ནི་ཟོས་ཀྱིན་ཟོས་ཀྱིན་ཇེ་ཚོ་ཇེ་ཚོ་ཡིན།འོན་ཀྱང་།ཀྲང་པེས་ཞི་ལ་མཐོང་མ་བྱུང་།ཀྲང་པེ་དང་ཁོའི་ཆུང་མ་གཉིས་ཀས་བྱིས་པ་དེ་མཐོང་བྱུང་།ལག་པ་གཅིག་ཁ་ནང་དུ་བཞག་ཅིང་།ལག་པ་གཅིག་གིས་བསྒྲིག་ཤིང་ཞིག་བཟུང་སྟེ་དེ་གར་འགྲེང་ནས་ཁོང་གཉིས་ལ་བལྟས་འདུག་ཚུལ་ནི།སྔོན་ཏག་ཏག་ལ་ཁོས་ཤིང་སྒྲིག་རྩེད་ཀྱིན་ཡོད་ལ།ཀྲང་པེ་དང་ཞོའོ་ཁྲིན་གཉིས་ཀྱིས་ཁོར་སྐྲག་སྣང་བསྐྱེད་སོང་བ་ལྟ་བུ་ཞིག་ཏུ་སྣང་།བྱིས་པ་འདིའི་གམ་ལོགས་སུ་ཡོད་པ་དེ་སྒྲིག་ཤིང་རེད།ཁ་དོག་སྣ་ཚོགས་ཀྱི་སྒྲིག་ཤིང་རྙིང་བ་ཞིག་སྟེ།རླངས་འཁོར་སྒྲིག་ཆོག་ལ།ཁང་བ་ཡང་སྒྲིག་ཆོག ཀྲང་པེའི་ཡིད་དུ་རང་དང་ཨན་ལེའི་བྱིས་པ་གཉིས་ཀྱིས་ཁང་བ་སྒྲིག་མྱོང་བ་ཝ་ལེར་འདུག སྒྲིག་ཤིང་གི་ཁང་བ་འདིའི་རིགས་སྒྲིག་གྱིན་སྒྲིག་གྱིན་ཁྲོག་སྒྲ་ཞིག་དང་ལྷན་དུ་ཉིལ་འགྲོཁོ་ཚོ་ཕྱི་རུ་སྐྱོད་དེ་དགོང་ཟས་ལ་རོལ་བ་དང་ཉ་འཛིན་སྐབས་སུ་ཨན་ལེས་བྱིས་པ་ཡང་ཁྲིད་པར་བྱེད།འོན་ཀྱང་།དེ་དུས་ཨན་ལེའི་བྱིས་པ་ཧ་ཅང་ཆུང་ཞིང་།པང་མཁན་མེད་དུས་ཐང་དུ་བཏིང་བའི་འགྱིག་རས་ཀྱི་ཁུད་དུ་བསྙོལ་བ་ཡིན་ལ།སྤྱིར་བཏང་དུ་ཁོ་ཚོས་ནམ་རྒྱུན་རེས་མོས་སྒོས་པང་པར་བྱེད།
  “ཨ། རི་བོང་།” ཀྲང་པེས་ཞོའོ་ཁྲིན་གྱིས་འུར་བརྒྱབ་བྱུང་པ་ཐོས།
  ཨན་ལེས“སྐད་མགོ་དམའ་མོ་བྱོས།སྐད་མགོ་དམའ་མོ་བྱོས”ཟེར།
  “ཇི་ལྟར་རྙེད་པ་ཡིན།”ཞོའོ་ཁྲིན་གྱིས་ཨན་ལེ་ལ་ལྟ་བཞིན་དེ་ལྟར་བྲིས།
  ཨན་ལེས“སྐད་མགོ་དམའ་མོ་བྱོས།སྐད་མགོ་དམའ་མོ་བྱོས།”
  “ང་ཚོས་རི་བོང་ལ་ལེགས་སྐྱེས་ཤིག་ཉོ་འོས་མོད།འོན་ཀྱང་།ཁྱོད་ཀྱིས་ཁ་པར་ལས་རི་བོང་རྙེད་ཟིན་པ་བཤད་མ་བྱུང་།”ཞོའོ་ཁྲིན་གྱིས་ཡང་དེ་ལྟར་བཤད་བྱུང་།
  ཨན་ལེས“ཇ་འཐུང་ངམ་མི་འཐུང་།”
  “རི་བོང་།རི་བོང་།”ཞོའོ་ཁྲིན་གྱིས་སླར་ཡང་བྱིས་པར་དེ་ལྟར་འབོད་བཞིན་ལྷམ་ཕུད་བྱུང་།
  བྱིས་པས་ཕྱི་ནུར་ཞིག་བྱས་རྗེས་ཀྲང་པེ་དང་ཞོའོ་ཁྲིན་ལ་ལྟ་བཞིན་འདུག
  “ཚུར་ཤོག་ལ། མར་ཙོག་ཅིག”ཞོའོ་ཁྲིན་གྱིས་བཤད།
  བྱིས་པ་དེ་ཕྱི་ནུར་ཙམ་བྱས་རྗེས་ད་ནི་ནུར་ས་མི་འདུག
  ཨན་ལེའི་གདོང་བ་དམར་པོར་འགྱུར་བཞིན་ཐབ་ཚང་དུ་སོང་ནས་།ཤེལ་སྔོན་པོའི་དུ་སྒམ་དེ་ཁྱེར་ཡོང་།དུ་སྒམ་དེ་ཕྱིས་ནས་འོད་ཀྲིག་ཀྲིག་བྱེད་པར་བལྟས་ན་ཁོ་མོས་ད་ལྟ་དུ་བ་བཅད་ཟིན་པ་འདྲ།ཨན་ལེ་ཡང་བསྐྱར་ཐབ་ཚང་དུ་བུད་སོང་།ཐབ་ཚང་དུ་མོས་ཅི་ཞིག་འཁྲུད་ཀྱིན་པ་མི་ཤེས་མོད།ཆུ་སྒྲ་རེ་དང་“ཕེང”་ཞེས་པའི་སྒྲ་རེ།ཡང་ཅི་ཞིག་གི་སྒྲ་གྲག་པར་བྱེད།
  ཞོའོ་ཁྲིན་གྱིས་ལག་ཏུ་སྒྲིག་ཤིང་ཞིག་བཟུང་ཞིང་།མོས་ལག་གི་བསྒྲིག་ཤིང་དེ་ཡུན་གྱིས་ཡུན་གྱིས་དམ་པོར་འཆང་བཞིན། ཁོ་མོ་སྔ་མོ་ནས་བྱིས་པའི་གམ་ཏུ་ཙོག་པུར་བསྡད་འདུག མོས་བྱིས་པའི་ཚུགས་ཀར་འགྱུར་ལྡོག་ག་འདྲ་བྱུང་འདུག་པར་བལྟ་འདོད་སྐྱེས་བྱུང་མོད།འོན་ཀྱང་།མོས་དེ་མ་ཐག་མིག་མདུན་གྱི་བྱིས་པ་འདི་ནི་རི་བོང་མིན་པ་ཚོར་བྱུང་།མོས་བལྟས་མ་ཐག་ཏུ་འདི་ནི་རི་བོང་མིན་པ་ཚོར་བྱུང་།འདི་ནི་གཏན་ནས་རི་བོང་ཡིན་མི་སྲིད་དེ།རྣ་འབྱོག་ཁོ་ནར་བལྟས་པས་ཀྱང་ཤེས་ཐུབ།ཀྲང་པེས་ནི་གདོང་བ་ཐབ་ཚང་གི་ཕྱོགས་སུ་གཏད་དེ་ལྟ་བཞིན་“ཁྱེད་ཀྱིས་ད་ལྟ་དུ་བ་འཐེན་གྱིན་མེད་དམ།”ཞེས་དྲིས།ཨན་ལེས་དངོས་པོ་ཅི་ཞིག་ཡང་བསྐྱར་ས་ལ་སྟོར་བྱུང་།ཤག་སེར།དེ་ནི་སླར་ཡང་ཆུ་སྒྲ་རེད།
  ཨན་ལེ་ཐབ་ཚང་ལས་ཕྱིར་འོང་དུས་ལག་ཏུ་ཅི་ཡང་བཟུང་མི་འདུག
  “ཁྱེད་ཀྱིས་ཐབ་ཚང་དུ་ཅི་ཞིག་བྱེད་ཀྱིན་ཡོད།”ཀྲང་པེས་དངོས་པོ་ཅི་ཞིག་ས་རུ་སྟོར་བ་དྲིས།
  ཨན་ལེས་“ངས་ལག་པ་བཀྲུས་པ་ཡིན།”
  “དངོས་པོ་ཅི་ཞིག་“ཕང”་སེར་བུད་ཐལ།”ཀྲང་པེས་དྲིས།
  “ངས་ལག་པ་བཀྲུས་པ་ཙམ་ཡིན།”
  ཀྲང་པེས“ཁྱེད་ཀྱིས་ད་ལྟ་དུ་བ་མི་འཐེན་ནམ།”
  ཨན་ལེའི་ངག་ཅུང་ཙམ་ལྐུགས་པར་གྱུར་ཞིང་ཞོའོ་ཁྲིན་ལ་ལྟ་ཞོར“རི་བོང་སྔོན་ཆད་དང་བསྡུར་ན་འགྱུར་འདུག་ཨང་།”
  ཞོའོ་ཁྲིན་གྱིས་ཤུགས་རིང་ཞིག་འཐེན་ཞོར་ཨན་ལེ་ལ་ལྟ་བཞིན་འདུག་ཅིང་་།མོས་དོན་ཅི་བྱུང་གི་ཧ་གོ་མ་བྱུང་། “སྔོན་ཆད་དང་བསྡུར་ན་འགྱུར་ཨེ་འདུག ”ཨན་ལེས་ཡང་དེ་ལྟར་དྲིས།
  ཞོའོ་ཁྲིན་གྱིས་རང་གིས་ལན་འོས་འཚམ་ཞིག་ཇི་ལྟར་སློག་དགོས་པ་ཤེས་མ་བྱུང་།
  ཁོ་མོས་ཀྲང་པེར་ཡང་རི་བོང་ལ་ལྟ་རུ་བཅུག་སྟེ།ཁོར་བྱིས་པ་འདི་སྔོན་ཆད་ང་ཚོ་ཚང་མས་པང་མྱོང་བའི་རི་བོང་མ་རེད། མ་མཐའ་ཡང་རྣ་འབྱོག་མི་འདྲ་བར་འདུག་ཅེས་བཤད་འདོད། བྱིས་པ་འདིར་རྣ་འབྱོག་ཆེན་པོ་ཞིག་ཡོད་པས་ཨན་ལེའི་གྲོགས་པོ་ཚོས་ཀྱང་ཁོར་རི་བོང་ཞེས་འབོད་པ་ཡིན།
  ཨན་ལེ་སླར་ཡང་ཐབ་ཚང་དུ་བུད་སོང་།མོས་ཇ་སྐོལ་ཏེ་ཇ་འཐུང་འོས་ཟེར།
  “ཁྱེད་ཀྱིས་ཞིབ་མོར་ལྟོས་དང་”ཞོའོ་ཁྲིན་གྱིས་སྐད་མགོ་དམའ་མོས་ཀྲང་པེར་འདི་ལྟར་བཤད་བྱུང་།“རྣ་འབྱོག་ལ་ལྟོས་དང་།འདི་གཏན་ནས་རི་བོང་མ་རེད་ཨང་”ཟེར།
  ཞོའོ་ཁྲིན་ “ངས་དྲན་གྱིན་མི་འདུག་”ཟེར། ཀྲང་པེས་བཤད་པ་དངོས་གནས་བདེན་ཏེ།ཁོའི་མིག་ལམ་དུ་བྱིས་པ་ཡོད་ཚད་ཕལ་ཆེར་གཅིག་མཚུངས་ཡིན་པས།གལ་ཏེ་བྱིས་པ་དེར་ཐུན་མིན་གྱི་ཆ་རེ་ཡོད་ཚེ།ཁོས་ད་གཟོད་ཡིད་ལ་འཛིན་ཐུབ་པ་ཡིན།དཔེར་ན།བྱིས་པ་དེའི་ངོ་ན་སྨེ་བ་ཞིག་ཡོད་པའམ།སྐྲ་ཚུགས་ཡ་མཚན་རེ་བཞག་ཡོད་པ་ལྟ་བུ། གང་ལྟར་ཀྲང་པེ་ད་ལྟ་ད་དུང་བྱིས་པར་སྤྲོ་བ་མེད་སྟབས།དེ་དག་ཡིད་ལ་འཛིན་གྱིན་མེད། འོན་ཀྱང་།ཁོས་ཉ་ཅི་རིགས་ཀྱི་མིང་ཡིད་ལ་བཟུང་ཡོད་དེ།གལ་སྲིད་ཉ་ཞིག་འཛིན་ཐུབ་པ་བྱུང་ཚེ། ཁོས་དེ་མ་ཐག་དེའི་མིང་ནས་འབོད་ཐུབ། དྲང་མོར་བཤད་ན། ཀྲང་པེ་སོགས་ཀྱིས་རྒྱུན་པར་ཉ་འཛིན་ས་འདིར་ཉ་མང་པོ་མེད་ཅིང་།ཉ་རིགས་ཀྱང་དེ་འདྲའི་མང་པོ་མེད།
  “གལ་ཏེ་རང་གི་བྱིས་པ་ཡིན་ཚེ། ངས་ངོས་ཟིན་པར་ཁག་ཐེག་བྱས་པ་ཡིན།”ཀྲང་པེས་སླར་ཡང་“ཅི་ཞིག་རེད།”ཟེར།
  སྐབས་འདིར་ཨན་ལེས་ཐབ་ཚང་དུ་ཆུ་ལེན་བཞིན་ཡོད་པས་ཆུ་སྒྲ་ཐོས་ཐུབ།
  ཀྲང་པེར་ད་ལྟ་ད་དུང་བྱིས་པ་མེད་ཅིང་། ཞོའོ་ཁྲིན་གྱིས་ཀྲང་པེར་བུ་བཅོལ་ཁང་དུ་དེ་འདྲའི་བྱིས་པ་མང་པོ་ཞིག་ཡོད་པས་རྗེས་ཕྱོགས་རང་གི་བྱིས་པ་གང་ཡིན་པ་ངོས་འཛིན་མ་ཐུབ་ན་ཅི་བྱ་ཨང་ཟེར།དོན་འདིས་ཁོང་གཉིས་ལ་སེམས་ངལ་དང་སྐྲག་སྣང་རིགས་ཤིག་བཅོས་མིན་དུ་སྩལ་བྱུང་། རྒྱུ་མཚན་ཀྲང་པེ་དང་ཁོའི་དགའ་མ་གཉིས་ཀྱིས་རྒྱུན་པར་བྱིས་པ་ངོས་འཛིན་བྱ་ཐུབ་གྱིན་མེད་པས།གྲོགས་པོ་ཚོའི་བྱིས་པ་རྣམས་ཀྱང་ངོས་མི་ཟིན། ཁོང་གཉིས་ཀྱི་མིག་ལམ་དུ་བྱིས་པ་ཕལ་ཆེར་གཅིག་མཚུངས་ཡིན་ཞིང་།དེ་ཡང་ལོ་ན་གསུམ་བཞི་ནས་ལྔ་དྲུག་བར་གྱི་བྱིས་པ་དག་ཡིན།“གལ་སྲིད་ང་ཚོ་རང་ཉིད་ལ་བྱིས་པ་ཡོད་ཚེ།དེ་འདྲ་ཞིག་ཡིན་མི་སྲིད་ཨང་།”ཀྲང་པེས་དེ་ལྟར་བཤད།
  སྐབས་འདིར་ཨན་ལེས་ཆུ་དེམ་གང་བླངས་ཏེ་ཐབ་ཚང་ལས་ཕྱི་རུ་འོང་ཞིང་། དེ་ཉིད་སོལ་རླངས་ཐབ་ཀའི་སྟེང་དུ་བསྐྱོན་བྱུང་། ཨན་ལེའི་ཁྱོ་ཀ་ཚེ་ལས་འདས་རྗེས། གྲོགས་པོ་ཚོས་ཆེད་དུ་ཁོ་མོར་ཆུ་དེམ་གསར་བ་ཞིག་ཉོས། དེ་ནི་སྒྲ་འབྱིན་པ་དེའི་རིགས་ཡིན་ཞིང་། གལ་སྲིད་ཆུ་ཁོལ་མ་ཐག་སྒྲ་ཞིག་ སྐད་འཛེར་འཛེར་གྱིས་འབྱིན་པར་བྱེད།ངང་ཚུལ་དེ་ནི་གློ་རྡེག་ཏུ་མྱུར་སྐྱོབ་རླངས་འཁོར་ཞིག་ཁྱིམ་ནང་དུ་སྐོར་ནས་སླེབས་པ་དང་འདྲ། སྐབས་ཐོག་དེར།ཨན་ལེའི་གྲོགས་པོ་ཕལ་ཆེར་གྱིས་ཨན་ལེ་རྣམ་ཀུན་ཉ་བེ་ཉོབ་བེ་ཞིག་ཏུ་གྱུར་ཡོད་པ་དེར་སེམས་ཁྲལ་བྱེད་བཞིན་ཡོད།
  “ངའི་རི་བོང་ཇི་འདྲ་རེད།”ཨན་ལེའི་གདོང་བ་དེ་འདྲའི་དམར་པོར་གྱུར་མི་འདུག
  “ཅི་ཞིག་ཇི་འདྲ་ཞིག་རེད་དམ།”ཞོའོ་ཁྲིན་གྱིས་དེ་ལྟར་དྲིས།
  “རི་བོང་གི་འགྱུར་ལྡོག་ག་འདྲ་རེད། ”དེ་མ་ཐག་ཨན་ལེའི་གདོང་བ་སླར་ཡང་དམར་རྐྱང་དུ་གྱུར་སོང་།
  “ང་དང་ཀྲང་པེས་ཕྱིས་སུ་རང་ལ་བྱིས་པ་ཡོད་ཚེ།བུ་བཅོལ་ཁང་དུ་བསྐྱལ་ན།ངོས་གཟུང་ཐུབ་མིན་ལ་སེམས་ཁྲལ་བྱེད་བཞིན་ཡོད།”ཞོའོ་ཁྲིན་གྱིས་དེ་ལྟར་བཤད།ཁོ་མོའི་སྐད་ཆ་ལའང་མགོ་རྔ་མི་འདུག ཁོ་མོས་ཁ་བརྡའི་ནང་དོན་གཞན་ཞིག་ལ་དཀྱོགས་བསམ་པ་ཡིན་འདུག མིག་མདུན་གྱི་བྱིས་པ་འདིས་མོའི་སེམས་ཁམས་ཉོག་ཏུ་བཅུག་བྱུང་།ཏན་ཏན་རི་བོང་མིན་མོད།འོན་ཀྱང་ཨན་ལེས་མིག་མདུན་གྱི་བྱིས་པ་འདི་ནི་རི་བོང་ཡིན་ཟེར།དོན་དམ་དོན་དག་ཅི་ཞིག་བྱུང་སོང་ངམ།ཡུལ་གང་ཞིག་ནས་འདི་འདྲའི་བྱིས་པ་ཞིག་རྙེད་པ་ཡིན་ནམ།བྱིས་པ་ནི་དངོས་པོ་གཞན་ལྟར་གང་འདོད་ཀྱིས་ཁྱེར་འོང་ཆོག་པ་ཞིག་ག་ལ་ཡིན།
  “མིང་གིས་བོས་ཚེ་ད་གཟོད་སུའི་བྱིས་པ་ཡིན་པ་ཤེས་ངེས་ཏེ།མི་རེ་རེར་ཆུང་དུས་ནས་མིང་ཞིག་གདགས་དགོས་པ་མིན་ནམ།འདི་ལ་ཁྱོད་ཀྱིས་སྡུག་སྨེ་འདོན་མི་དགོས།གལ་ཏེ་མིང་ནས་གཅིག་བོས་ཚེ། གཞི་ནས་སུ་ཞིག་སུ་ཞིག་ཡིན་པ་ཤེས་འོང་ངེས།”ཀྲང་པེས་དེ་ལྟར་བཤད།
  “རི་བོང་།རི་བོང་།”ཀྲང་པེས་བྱིས་པ་དེར་ཕྱོགས་ཏེ་ཁོའི་མིང་ནས་ཐེངས་གཉིས་ལ་བོས་བྱུང་།
  “ཁྱོས་ཁོར་ཀ་ར་ཞིག་བྱིན་དང་། ཨ་ལན་སྟེར་ངེས།”ཨན་ལེས་དེ་ལྟར་བཤད་ཞོར་ཀ་ར་ཞིག་ཁྱེར་འོང་།
  ཀྲང་པེས་ཀ་ར་དེ་རི་བོང་ལ་སྟེར་གྲབས་བྱེད་དུས།རི་བོང་གིས་ནི་གཡོལ་ཙམ་བྱས་ཤིང་།སྒྲིག་ཤིང་དེ་ཁ་ནང་ལ་བཞག་བྱུང་།
  “དེ་བཟའ་རྒྱུ་ཞིག་མ་རེད།”ཨན་ལེས་སྐད་མགོ་མཐོན་པོས་“ཅི་ཡིན་ཡང་ཁ་ནང་དུ་འཇོག”ཟེར།
  “ཁྱེད་ཀྱིས་ཁོ་ནི་རི་བོང་རེད་ཅེས་མ་བཤད་ཚེ།ངས་ངོས་འཛིན་བྱ་ཐབས་མ་བྱུང་། ”ཞོའོ་ཁྲིན་གྱིས་གཞི་ནས་རང་གི་སེམས་ཁུར་གང་ཞིག་ཕྱིར་ཕུད་བྱུང་།“རྣ་འབྱོག་གི་འགྱུར་ལྡོག་ཆེ་དྲགས་སོང་།”
  “འགྱུར་མི་འདུག་ཨང་།”ཨན་ལེ་དེ་མ་ཐག་མ་དགའ་བ་ལྟར་གྱུར་ཞིང་།“ཁྱེད་ལ་དྲན་འཕྲུལ་བྱུང་བཞིན་པ་ཡིན་ངེས་”ཟེར།
  ཞོའོ་ཁྲིན་གྱིས་ཀྲང་པེར་ལྟ་ཙམ་བྱས་ཤིང་།དེ་ནས་ཁོང་གཉིས་ཀས་ཨན་ལེ་ལ་བལྟས་བསྡད་པར་།ཨན་ལེའི་གདོང་བ་སླར་ཡང་དམར་པོར་གྱུར་ལ།འཚབ་འཚུབ་ངང་“ཁྱེད་གཉིས་ལ་དྲན་འཕྲུལ་འབྱུང་བཞིན་པ་ཡིན་ངེས།རྣ་འབྱོག་མ་གཞི་ནས་འདི་འདྲ་ཞིག་ཡིན།མ་གཞི་ནས་འདི་འདྲ་ཞིག་ཡིན།”ཟེར།ཀྲང་པེས་རང་གི་དགའ་མར་ཅིག་བལྟས་རྗེས། ཁ་བརྡའི་ནང་དོན་དཀྱོགས་ཏེ་དོན་གཞན་ཞིག་བཤད་པར་སྙམ་པས་སྦྲང་མའི་དོན་དེ་གླེང་བྱུང་།
  “དཔྱིད་ཀའི་དུས་སུ། སྦྲང་མ་རྣམས་ཕལ་ཆེར་སྒམ་དུ་མར་བགོ་དགོས་ཨང་། ”ཁོས་ད་དུང་རང་ཉིད་ཀྱི་ར་བའི་ལྷོ་ཕྱོགས་སུ་མེ་ཏོག་སེར་པོ་བཞད་པའི་རྩི་ཤིང་ཇི་སྙེད་ཅིག་ཡོད་ཅིང་།དེ་ནི་ཕལ་ཆེར་“ཚོད་མ་སེར་པོ་ཡིན་པ་འདྲ་”ཟེར།
  “སྦྲང་རྩི་ནི་དུས་ཡུན་རིང་ཙམ་ལ་བཞག་ཀྱང་སྐྱོན་མེད། ”ད་ནི་ཨན་ལེ་འཚབ་གྱིན་མི་འདུག
  “ཚ་བ་ཆེ་དུས་སུའང་སྐྱོན་མེད་དམ།”ཞོའོ་ཁྲིན་གྱིས་དེ་ལྟར་དྲིས་བྱུང་།མོས་ཨན་ལེ་འཚབ་ཅིང་འཚུབ་པར་གྱུར་ན་འདོད་གྱིན་མེད། འོན་ཀྱང་།མོའི་བསམ་པར་ཨན་ལེ་ལ་གནད་དོན་ཞིག་འདུག་ལ། བྱིས་པ་འདི་ལའང་གནད་དོན་ཞིག་འདུག ཨན་ལེ་ཡིས་རི་བོང་དུ་འབོད་གྱིན་པའི་བྱིས་པ་དེ་སུ་ཡིན་ནམ་སྙམ་གྱིན་ཡོད།
  “ཨན་ལེས་སྦྲང་རྩི་ནི་ཐ་ན་ལོ་ངོ་སྟོང་ཕྲག་ཏུ་བཞག་ཀྱང་སྐྱོན་མི་འདུག”་ཟེར།ཀྲང་པེ་དོན་འདིར་ཤིན་ཏུ་སྤོ་བ་འཕེལ་བར་གྱུར།འདི་འདྲའི་བཤད་ལུགས་ཤིག་ཁོས་ད་ལྟའི་བར་དུ་གོ་མ་མྱོང་བས་“དེ་འདྲ་དཔེ་མི་སྲིད་ཨང་།”ཟེར།
  ཨན་ལེ་ལ་སྦྲང་མར་ཞིབ་འཇུག་བྱེད་པའི་ཤ་ཉེ་ཞིག་ཡོད་ཅིང་།ཁོ་མོ་ལན་རེར་ཤ་ཉེ་དེའི་སར་སྦྲང་མར་ལྟ་རུ་འགྲོ་ངེས་ལ། ལན་རེར་ཕྱིར་ལོག་དུས་སྦྲང་རྩི་རེའང་བསྣམས་ནས་འོང་སྟེ།ཞོགས་དུས་སུ་སྦྲང་རྩིའི་མངར་ཆུ་རེ་འཐུང་བར་དང་ཐོག་དེ་འདྲའི་མི་ལོབས་མོད།ཕྱིས་སུ་མོ་རོ་དེར་ཤིན་ཏུ་དགའ་བར་གྱུར།
  “སྔོན་ཨེ་ཇེབ་ནས་རྙེད་པའི་སྦྲང་རྩི་རྫ་མ་གང་བོ་དེ་ལོ་ངོ་སུམ་སྟོང་ནས་བཞི་སྟོང་འགོར་འདུག་”ཟེར།ཨན་ལེས་དེའི་ཕྱིར་སྦྲང་རྩི་ནི་དུས་ཡུན་ཅི་ཙམ་འགོར་ཡང་སྐྱོན་མེད་པ་དེ་བཤད་འདོད་ཀྱིན་ཡོད།
  ཀྲང་པེས་དེ་མ་ཐག་སྐད་སྒྲ་ཞིག་གིས་རང་སེམས་སུ་འདི་ལྟར་བཤད་བཞིན་པ་གོ་བྱུང་། “དེ་བས། ངས་སྦྲང་མ་གསོ་དགོས།”
  ཞོའོ་ཁྲིན་དང་ཨན་ལེ་གཉིས་ཀྱིས་སྦྲང་མ་གསོ་ལུགས་གླེང་བྱུང་།“ བདག་གིས་སྦྲང་མ་གསོ་སྤྱད་ཀྱི་འགྱིག་སྒམ་དེའི་རིགས་སྔ་མོ་ནས་མཐོང་ཟིན།ཁ་དོག་སེར་པོ་ཡིན་པས་ངོ་མ་ལྟ་ན་སྡུག་པ་ཞིག་རེད།”
  སྐབས་འདིར་ཐབ་ཚང་ནང་གི་ཆུ་ཁོལ་བྱུང་བས།ཆུ་དེམ་ལས་མཆེད་པའི་འཛེར་འཛེར་གྱི་སྐད་སྒྲ་དེས་ཁོ་ཚོ་དངངས་ཤིང་སྐྲག་པར་བྱས་སོང་།
  ཨན་ལེས་“སྦྲང་རྩིའི་མངར་ཆུ་ནི་ཁོལ་མ་ཐག་གི་ཆུས་བསྒྲུངས་མི་རུང་”ཟེར་བཞིན་ཐབ་ཚང་དུ་བུད་སོང་།
  ཁང་བའི་ནང་དུ་“ཕེང”་སྒྲ་ཞིག་གྲག་བྱུང་།དེར་མཐུད་ནས་ཚ་དེམ་ནང་དུ་ཆུ་ལྡུག་པའི་སྒྲ་མཆེད་བྱུང་།
  “ཨན་ལེ་ལ་དོན་དག་ཅིག་ཡོད་པ་ཁོ་ཐག་རེད།”ཞོའོ་ཀྲིན་གྱིས་སྐད་མགོ་དམའ་མོས་ཀྲང་པེར“་བྱིས་པ་འདི་སུའི་བྱིས་པ་ཡིན་ནམ།”
 ཀྲང་པེ་བྱིས་པའི་དོན་འདིར་དེ་འདྲའི་སྤྲོ་བ་མི་འདུག་པས།ཁོས་ཅི་ཡང་སྨྲས་མ་བྱུང་།
  “བྱིས་པ་ནི་དོན་དག་ཆུང་ཆུང་ཞིག་མ་རེད་ཡ།”ཞོའོ་ཁྲིན་གྱིས་ཡང་བསྐྱར་སྐད་མགོ་དམའ་མོས་དེ་ལྟར་བཤད།
  ཀྲང་པེས་རང་གི་དགའ་མས་སྐད་ཆ་འདི་བཤད་པའི་མཐིལ་རྟོགས་ཡོད་དེ།སུ་ཞིག་གིས་ཀྱང་འདི་འདྲའི་བྱིས་པ་ལག་ཆགས་ཟིན་པ་ཞིག་འདིར་བསྐྱལ་འོང་མི་སྲིད་ལ་།ད་ལྟ་ཁྱིམ་ཚང་རེར་བྱིས་པ་གཅིག་རེ་མ་གཏོགས་མེད་པས་གཏན་ནས་དཔེ་མི་སྲིད་ཨང་སྙམ།
  “ཁྱེད་ཀྱིས་ད་དུང་ཞིབ་མོར་ལྟོས་དང་།ཁྲིག་ཁྲིག་མེད་ན།ཁྱེད་ཀྱིས་བལྟས་ནས་འཆུག་སོང་ནའང་ཐང་།”ཀྲང་པེས་ཀྱང་སྐད་མགོ་དམའ་མོས་བཤད་བྱུང་།
  སྐབས་འདིར་ཨན་ལེ་ཐབ་ཚང་ལས་ཚུར་སླེབས་བྱུང་།མོའི་ལག་ཏུ་ཤེལ་དམ་ཆེན་པོ་ཞིག་བཟུང་འདུག དེའི་ནང་དུ་ཡོད་པ་ནི་སེར་ལམ་ལམ་གྱི་སྦྲང་རྩི་ཡིན་པ་ཁོ་ཐག་རེད།ཁོ་ཐག་རེད།
  ཀྲང་པེ་ཡི་ཁ་ནང་དུ་སྐྱུར་ཞིག་ལངས་བཞིན་“རབ་ཡིན་ན་ཇའི་ནང་དུ་སྦྲང་རྩི་མ་འཕེན།ངས་ཇ་རྐྱང་བ་འཐུང་འདོད ”ཁོས་དེ་ལྟར་བཤད།
  ཇ་ལོ་ལེན་ཆེད་ཨན་ལེ་སླར་ཡང་ཐབ་ཚང་དུ་བུད་སོང་།ཨན་ལེ་ཐབ་ཚང་དུ་སོང་རྗེས་ཀྲང་པེ་དང་ཞོའོ་ཁྲིན་གཉིས་ཀའི་སུ་ལའང་སྨྲ་བ་མེད་པར་བྱིས་པ་དེར་ཅེར་འདུག བྱིས་པ་དེ་ཡང་ཁོའི་སྒྲིག་ཤིང་རྩེད་བྱུང་།འོན་ཀྱང་།སྐད་ཆ་ཅི་ཡང་སྨྲས་མ་བྱུང་། ཀྲང་པེས་རི་བོང་ཆུང་དུས་ནས་སྦྲང་རྩི་འཐུང་རྒྱུར་དགའ་བ་དྲན་བྱུང་།གོ་ཐོས་སུ་ཀ་ར་བྱེ་མ་ལས་སྦྲང་རྩི་འཐུང་ན་བཟང་ཟེར་ཞིང་།ཨན་ལེར་སྦྲང་མ་གསོ་བའི་ཤ་ཉེ་ཞིག་ཡོད་སྟབས། མོས་རྣམ་ཀུན་རི་བོང་ལ་སྦྲང་རྩི་འཐུང་དུ་འཇུག་གིན་ཡོད།རྗེས་སུ་སུས་བཤད་པ་མི་ཤེས་མོད། སྦྲང་དཔོན་གྱི་སྦྲང་རྩི་འཐུང་ན་མིའི་སྐྱེ་འཕེལ་གྱི་ཚད་ན་ཚོད་ལས་བརྒལ་ཏེ་སྨིན་པར་བྱེད་ཟེར་བས།མོས་དེ་ནས་བཟུང་རི་བོང་ལ་འཐུང་དུ་འཇུག་གིན་མེད། ཀྲང་པེའི་སྣང་བར་སྦྲང་དཔོན་གྱི་སྦྲང་རྩི་ཡང་དེ་འདྲའི་ཞིམ་རྒྱུ་མེད་དེ།ཁྱད་ཆོས་ཤས་ཆེ་བ་ནི་ལྕེ་སྦྲིད་ནས་མི་བདེ་བར་འགྱུར་བ་དེ་རེད་སྙམ།
  ཨན་ལེ་ཐབ་ཚང་ལས་ཕྱིར་སླེབས་བྱུང་། མོས་ཀྲང་པེ་དང་ཞོའོ་ཁྲིན་ལ་“སྦྲང་རྩིའི་ནང་དུ་འཚོ་བཅུད་སྣ་ཚོགས་ཡོད།”ཟེར།
  ཀྲང་པེས་རང་གི་མཛུབ་མོར་ལྟ་ཙམ་བྱས་ཤིང་།གཡས་ལག་གི་མཐེ་བོང་གི་སེན་སྟེང་ཨེན་ཙམ་ན་བཞིན་འདུག དགུན་དུས་ཀྲང་པེའི་མཐེ་བོང་གི་སེན་སྟེང་དུ་རྒྱུན་པར་སེར་ཀ་གས་པར་བྱེད་མོད།ད་ལྟ་ནི་དཔྱིད་ཀ་སླེབས་ཟིན་ཀྱང།མཐེ་བོང་གི་སེན་སྟེང་དུ་ད་དུང་ཡང་སེར་ཀ་གས་པར་བྱེད།
  ཀྲང་པེས་ཨན་ལེ་ལ “ཁྲིག་ཁྲིག་མེད་ན། སྦྲང་རྩིས་ངའི་མཛུབ་མོའི་སྟེང་དུ་རྟག་པར་སེར་ཀ་གས་པའི་ནད་ངན་འདི་དྲག་བསྐྱེད་འབྱུང་དུ་གཞུག་ཐུབ་ཀྱང་སྲིད་པས།ཡང་མིན་ན་ངས་ཀྱང་སྦྲང་རྩི་ཕོར་གང་འཐུང་ཨང་”ཟེར།
  “ཁྲིག་ཁྲིག་མེད་ན་རི་བོང་གི་རྣ་འབྱོག་ནི་ངོ་མ་སྦྲང་རྩི་འཐུང་ནས་ཇེ་ཆུང་དུ་བུད་སོང་བ་ཡིན་ཡང་སྲིད། ”སྐད་ཆ་འདི་གློ་བུར་དུ་ཞོའོ་ཁྲིན་གྱི་ངག་ལས་བརྡོལ་བྱུང་།མོས་ཀྱང་རང་གིས་ཅིའི་ཕྱིར་འདི་ལྟར་བཤད་དགོས་པ་ཤེས་མ་བྱུང་ལ།མོས་ཞོའོ་ཁྲིན་གྱི་ཕྱོགས་སུ་ཅེར་འདུག ཨན་ལེ་ཡི་གདོང་བ་དེ་མ་ཐག་སླར་ཡང་དམར་པོ་དམར་རྐྱང་དུ་གྱུར་སོང་།ཀྲང་པེས་ཞོའོ་ཁྲིན་ལ་“འཐུང་ངམ།འགྲིག་འདུག”ཟེར།
  ཁོ་ཚོས་སྦྲང་རྩི་དང་ཇ་འཐུང་ཞོར་དུས་ཡུན་ངེས་ཅན་ཞིག་ལ།སུས་ཀྱང་སྨྲ་བ་བསྡམས་བྱུང་བས།ཁང་མིག་ཏུ་སྦྲང་རྩིའི་དྲི་ངད་ཁོ་ནས་ཁྱབ་འདུག
  ཅུང་ཙམ་འགོར་རྗེས་ཀྲང་པེས་ད་གཟོད་ཁ་གྲག་བྱུང་།“ནམ་དུས་ཤིག་ལ་ངའང་སྦྲང་མར་བལྟ་རུ་ཁྲིད་ཅིག”
  ཨན་ལེས “ལོས་ཆོག”ཟེར།
  “གལ་ཏེ་ཁྱེད་ལ་སྦྲང་དུག་ཕོག་ཚེ་ཅི་བྱའམ།“ཞོའོ་ཁྲིན་གྱིས་ཀྲང་པེར “དོན་དམ་དུ་ཁྱེད་རང་སྦྲང་མར་དགའ་བཞིན་པ་མིན་པས།”ཟེར།
  ཀྲང་པེ་གློ་རྡེག་ཏུ་དགོད་བཞིན་ “སྦྲང་མའི་སྦྲང་དུག་ཕོག་ཏུ་བཅུག་ན་ལེགས་ཆ་ལོས་ཡོད། རིམས་འགོག་ནུས་ཤུགས་མཐོར་འདེགས་བྱ་ཐུབ།”
  དེ་ནས་ཀྲང་པེ་དང་ཞོའོ་ཁྲིན་གཉིས་ཀས་ཨན་ལེ་ལ་གྱེས་ཕྱག་ཕུལ་ཏེ་རང་སོར་ཆས་སོང་།
  ཁོང་གཉིས་ལམ་དུ་མ་ཆས་སྔོན། ཞོའོ་ཁྲིན་ཐབ་ཚང་དུ་སོང་ཏེ་ཨན་ལེར་ཇ་ཕོར་འཁྲུད་རོགས་བྱས་པར་།ཐབ་ཚང་གི་ནང་ཡོངས་ཆུས་ཁེངས་འདུག འགྱིག་བཟོས་ཀྱི་བྱིས་པའི་ཁྲུས་གཞོང་ལྗང་ཁུ་ཞིག་གི་ནང་དུ་ཆུ་ཕྱེད་ཙམ་བླངས་ཡོད་ཅིང་།ཚུགས་ཀར་བལྟས་ན།ཨན་ལེས་རི་བོང་གི་ཕུང་བོ་བཀྲུ་འཆར་འདུག ཡང་ན་བཀྲུས་ཟིན། གང་ལྟར་ཐབ་ཚང་གི་ནང་ཡོངས་ཟང་ཟིང་ལང་ལོང་ཞིག་ཏུ་གྱུར་འདུག
  ཁོང་གཉིས་ཨན་ལེའི་ཁང་བ་མི་མཐོང་བའི་སར་སླེབས་པ་ན།ཞོའོ་ཁྲིན་གྱིས་གཞི་ནས་ཀྲང་པེར་“ཕལ་ཆེར་ཉིན་གཉིས་འགོར་འཕྲལ།བྱིས་པ་འཚོལ་བའི་བརྡ་ཡིག་སྦྱར་ཐོན་ངེས”ཟེར།
  “དོན་འདི་ཨན་ལེ་དང་འབྲེལ་བ་མེད་ཁོ་ཐག་རེད།”ཀྲང་པེས་“ངས་བསམ་ན་བྱིས་པ་དེ་རི་བོང་ཡིན་ཁོ་ཐག་རེད།ཁོས་སྦྲང་རྩི་འཐུང་རྐྱེན་རྣ་འབྱོག་ཇེ་ཆུང་དུ་བུད་སོང་བ་ཡིན་ངེས། ང་རང་ སྦྲང་རྩི་ལ་དེ་འདྲའི་ནུས་པ་ཞིག་ཡོད་པར་ཡིད་ཆེས་ཡོད་”ཟེར།
  “ཁྱེད་ཀྱིས་སོམས་དང་། གལ་ཏེ་ང་ཚོའི་བྱིས་པ་ཡིན་ཚེ།ཁྱེད་ཀྱིས་ཅི་ཞིག་བྱ་སྲིད་དམ།”
  ཀྲང་པེས་ཞོའོ་ཁྲིན་ལ་ལྟ་ཞོར་“དེས་ན་ད་ངས་གསང་བརྟོལ་སྒྲུང་གཏམ་ཞིག་བཀླགས་ན།ཕལ་ཆེར་འགྲིག་སེར་འདུག་ཨང་”ཟེར།
  ཞོའོ་ཁྲིན“་ཁྱེད་ཀྱིས་སྒྲུང་གཏམ་ཅི་ཞིག་གླེང་བྱུང་།”
  ཀྲང་པེས“ ངས་བསམ་ན་སྔོན་ལ་སྦྲང་མ་གསོ་ལུགས་ཀྱི་ལག་དེབ་ཞིག་བཀླགས་ན་འོས།” ཁོས་ཞོའོ་ཁྲིན་ལ་ར་སྐོར་ནང་དུ་སྦྲང་མ་སྒམ་གང་ཡོད་ཚེ།ཧ་ཅང་ལེགས་པར་འདུག་པས།ང་རང་ཁྱེད་ཀྱིས་སྦྲང་མ་གསོ་བར་འཐད་པ་ཡིན་ཞིང་།ཉིན་རྒྱུན་མངར་ཞིང་ཞིམ་པའི་སྦྲང་རྩི་ལོངས་སུ་སྤྱད་ཆོག འདི་ལྟར་བཤད་སྐབས་ཀྲང་པེས་སྦྲང་མའི་འཕུར་བསྐྱོད་ཀྱི་སྒྲ་ཡང་མོ་ཞིག་ཐོས་བྱུང་བ་འདྲ། ཁོ་རང་གློ་བར་དུ་ཏན་སེར་བསྡད་ཅིང་། ཞོའོ་ཁྲིན་ལ་“སྔོན་ལ་ང་རང་ལྷམ་ཞིག་ཉོ་རུ་འགྲོ་དགོས་ཟེར།”
  ཞོའོ་ཁྲིན “ཁྱེད་ཀྱི་རྣ་བ་ཅུང་ཆུང་བས།ད་དུང་སྦྲང་རྩི་དམ་བུ་དོ་ཉོ་མི་དགོས་སམ།”
  ཀྲང་པེ “ངའི་རྣ་འབྱོག་ཆེ་རུ་སྐྱེ་མི་དགོས། ཆེ་རུ་སྐྱེས་དགོས་སའི་གནས་དེ་མ་རེད།”ཟེར།
  ཀྲང་པེས་གོམ་ཞེང་ཆེར་ལེན་གྱིས་མདུན་དུ་སོང་བར། ཞོའོ་ཁྲིན་གྱིས་རྗེས་ནས་བདའ་བཞིན་ཁོང་གཉིས་ཀ་ཚོང་རའི་ནང་དུ་ཡལ་སོང་།
                               ༢༠༡༥.༣ .༣ ལ་བསྒྱུར་ཚར།

སྨུག་པས་བོད་ཡིག་ཏུ་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྦྲང་རྩི།

2015-11-23 ཝང་ཞང་ཧྥོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།