ཉི་ཡིག་ནས་བསྒྱུར་བའི་སྒྲུང་། ཁོ་མོ་བཞུད་སོང་།༢

མོའུ་ར་ཁ་མེ་ལུའུ།༼ ཉི་ཧོང ༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-12-14

  ངས་ཁོ་མོའི་ལག་པ་ཡག་པོ་ཞིག་རེད་བསམས་ཏེ་རང་དབང་མེད་པར་དེ་ལ་སེམས་ཤོར་ཀྱང་། དེ་ནི་རང་ཉིད་ལ་དབང་མི་སྲིད་པའང་རྟོགས། དེ་མུར་ཁོ་མོའི་འདོད་པར་མ་བསྟུན་པར་ལན་བཙོག་པོ་ཞིག་སློག་པ་ཡིན།
  ང་། “ལྷོ་ཕྱོགས་ཟེར་དུས་དེར་ས་ཆ་མང་པོ་ཡོད་ནི་རེད། ལྷོ་ཕྱོགས་ཀྱི་རྒྱལ་ཁབ་དང་ལྷོ་ཕྱོགས་ཀྱི་སྤྲོ་གསེང་གཏོང་ས་གཉིས་རྩ་བ་ནས་གཅིག་ནི་མ་རེད།”
  མོ། “དེ་འདྲ་ཡིན་ནམ། དེ་ན་ལྷོ་ཡི་སྤྲོ་གསེང་གཏོང་ས་དེ་ལས་གཞན་པའི་ཕྱོགས་ནས་ལབ་ན་ཆོག་གམ།”
  ང་། “ ཁྱེད་ཀྱིས་ང་ལ་ཞིབ་ཕྲའི་སྒོ་ནས་མ་དྲིས་ན་ངས་ཤེས་ནི་མ་རེད། ”
  མོ། “ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཏུ་ཁྱེད་རང་ཆེས་དགའ་སའི་ས་ཆ་དེ་བཤད་ཆོག་གམ། ”
  ང་། “ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཟེར་ནའང་དེ་ལ་རྒྱལ་ཁབ་མང་པོ་ཞིག་ཡོད་ནི་རེད། གལ་ཏེ་ཁྱེད་ཀྱིས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཟེར་བ་ཡིན་ན་ནི། ཁྲི་ལེ་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ལ་མི་གཏོགས་ཀྱང་། ཕོ་ཏོ་ལེ་གུ་གཏོགས་ངེས། ཡང་ཁྱེད་ཀྱི་བཤད་ཚུལ་ལྟར་ན་ཀི་རི་སིའང་ལྷོ་ཕྱོགས་ཀྱི་རྒྱལ་ ཁབ་ལ་གཏོགས་རྒྱུ་རེད་ལ།”
  མོ། “ཀི་རི་སི་ཡིན་ནའང་ཆོག ཕོ་ཏོ་ལེ་གུ་ཡིན་ནའང་འདྲ། ངས་སཱ་ཁོ་ར་འེ་ཡོ་འེ་ཆི་ཡི་སྣང་ངོས་སུ་ཡོད་པའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་རྣམ་པ་དེ་ཤེས་འདོད། དེ་ན་ཁྱེད་རང་ས་ཆ་འཁྱགས་ས་ལ་དགའམ། ཚ་བ་ཆེ་ས་ལ་དགའ?”
  ང་། “ ཚ་བ་ཆེ་བའི་ས་ཁུལ་ལ་དགའ། ”
  མོ། “ ག་རེ་བྱས་ནས? ”
  ང་། “ ངའི་སྙིང་ཁམས་དེ་ཙམ་བཟང་རྒྱུ་མི་འདུག དེ་བས་ང་ས་འཁྱགས་ས་ལ་དགའ་བོ་མེད། ”
  མོ། “ དེ་ན་རྗེས་ཕྱོགས་ཁྱེད་ཀྱིས་ཚ་ཁུལ་གྱི་གྲོང་ཁྱེར་བརྗོད་བྱ་བྱས་ཏེ་གློག་བརྙན་ཕབ་གྲབས་ཡོད་དམ། ”
  ང་། “ དཔེར་བཞག་ན་ས་ཆ་གང་ལ་ཟེར་བ་ཡིན། ”
  མོ། “ངས་ཧ་གོ་མ་སོང་། ཁྱེད་ཀྱིས་ག་རེ་ལབ་སོང?”
  ང་། “འོ། ཚ་ཁུལ་གྱི་གྲོང་ཁྱེར་གང་ཟེར་གི་ཡོད?”
  མོ། “ སིང་ག་ཕོར་དང་འ་མེ་གཱ་ལ། མེ་འ་མུས། མོ་ལུའུ་ཁུ་སོགས་ལ་ཟེར་གི་ཡོད།”
  ང་། “ངའི་ལས་ཀ་ནི་ནམ་ཞར་ཕྱི་རྒྱལ་ལ་འགྲོ་འོང་བྱེད་རྒྱུ་དེ་ཡིན། སིང་ག་ཕོར་ནི་སྔོ་ལྗང་གཡུ་ལོ་ཐགས་སུ་བཀྲ་ཞིང་ཆེས་སྤྱིར་བཏང་གི་རྒྱལ་ཁབ་ཅིག་རེད། མེ་འ་མུས་སུ་བསྡད་ཡོད་པའི་མི་རྣམས་ནི་རྒྱུ་སྟོབས་ཡོད་པའི་མི་ཤ་སྟག་ཡིན་ཏེ། ས་ཆ་དེ་རུ་ཁྲིམས་ལུགས་ལ་བརྩི་སྲུང་མི་བྱེད་མཁན་མང་དུ་མཆིས། དེར་མ་ཟད་མཚོ་མོའང་ཡག་པོ་མི་འདུག མོ་ལུའུ་ཁུ་ནི་ལྟ་སྐོར་གྱི་ཡུལ་ཞིག་ལས་མ་འདས།”
  ངས་ཁོ་མོའི་དྲི་བར་ལན་འདེབས་འདོད་མེད་པའི་རྣམ་འགྱུར་ངན་པ་ཞིག་འཛེམས་མེད་དུ་བསྟན་པ་ཡིན། ཁོ་མོའི་གདོང་གི་རྣམ་འགྱུར་དེ་མ་ཐག་འགྱུར་སོང་ལ། བརྙན་ཕབ་པས་བརྙན་ཕབ་རྒྱུ་མཚམས་བཞག་སྟེ། ཁོ་མོར་ཅི་བྱུང་བ་ཡིན་མིན་དྲིས་བྱུང་། མོས་གང་མྱུར་གྱིས་ཁ་བརྡ་ཞིག་བྱེད་བསམ་སྟེ་གླེང་གཞི་བཙལ་ཡང་། ཟེར་རྒྱུས་ཕོངས་ཏེ་སྐད་ཆ་ཅི་ཡང་ངག་ལས་མ་འཁྲོལ་པར་ལུས་སོང་། ང་ནི་མི་སུན་སྤྱད་ཅིག་ཡིན། ངས“དགོངས་པ་མ་ཚོམས། ང་རང་ཕྱིར་ལོག་གི་ཡིན”ཞེས་མོ་ལ་ལབ། ངའི་སྐད་ཆ་དེ་ཐོས་མ་ཐག་ཁོ་མོའི་གདོང་ལ་ཅུང་ཡ་མཚར་བའི་མདངས་ཤིག་མངོན་སོང་ནའང་། སྐད་ཆ་ཅི་ཡང་བཤད་མ་སོང་། བརྙན་ཕབ་པས་ང་ལ་དགོངས་དག་ཞུ་བཞིན་ང་རང་འགོག་རྩིས་བྱས། ཁོ་མོ་ངུ་ལ་ཁད་ཀྱིས་མགོ་བོ་བསྒུར་ཙམ་བསྒུར་ཙམ་བྱས་ཏེ་གུས་པ་ལན་འགའ་བྱས་རྗེས་ཕྱི་ལ་བུད་སོང་། ངས་མོའི་ལག་པ་མཐོང་བ་ཙམ་གྱིས་ཡིད་སེམས་མི་བདེ་བར་གྱུར།
  ཆུ་ཚོད་གཉིས་ཙམ་འདས་རྗེས། དུས་དེབ་ཁང་གི་འགོ་བས་འཚབ་འཚུབ་ངང་ང་ལ་ཁ་པར་བཏང་ཡོང་སྟེ། དགོངས་དག་ཞུས་སོང་། སྤྱིར་ཁོ་མོ་ལ་ནོར་འཁྲུལ་ཅི་ཡང་མེད་ལ། གུས་མེད་བཟོ་མཁན་དེ་ང་རང་ཡིན་མོད། འོན་ཀྱང་། ང་ལ་རང་སྐྱོན་ཁས་འཆེས་བྱེད་པའི་སྤོབས་པ་མི་འདུག ངས་ཁོ་མོའི་ལག་པ་སྙིང་རྗེ་བོ་དེ་དྲན་མ་ཐག་དུས་དེབ་ཁང་གི་འགོ་བ་དང་ཁོ་མོ་གཉིས་ལ་ཚིག་རྩིབ་མོ་རྣ་བར་གཟན་པ་འགའ་ལབ་སྟེ་ཁ་པར་ཁྲོག་སེར་ཁ་བརྒྱབ། ངས་གཞུག་འདང་ཅི་ཡང་མ་བརྒྱབ་པར་དེ་ལྟར་ཁ་པར་ཁ་གཏན་པ་ཡིན།

  གཟའ་འཁོར་གཅིག་གི་རྗེས་སུ། ཁོ་མོས་ང་ལ་འཕྲིན་ཐུང་ཞིག་བསྐུར་བྱུང་།
  “ཉིན་འགའི་སྔོན་གྱི་བྱུང་བ་དེར་ངས་ཁྱེད་ལ་འགྱོད་བཤགས་ཞུ། དངོས་གནས་དགོངས་པ་མ་ཚོམས། ང་སྔོན་གྱི་ལས་གནས་དེ་ནས་གཞི་ནས་ཕྱིར་བུད་ཟིན་ལ། ཁྱེད་ནི་འགྱུར་འདེད་ཀྱི་ནུས་པ་འདོན་མཁན་ཙམ་ལས་མ་འདས་ཏེ། ང་རང་སྔོན་ནས་བཟུང་ལས་གནས་དེ་ནས་ཕྱིར་འབུད་རྩིས་ཡོད། འཕྲིན་ཡིག་འདི་བསྐུར་བའི་དགོས་པ་ཕལ་ཆེར་མེད་ནའང་ཐང་མོད། ཁྱེད་ཀྱིས་ཉེ་སྔོན་གྱི་དོན་དེ་སེམས་ལ་མི་འཛིན་རོགས།……………. ”

  ངས་ཁོ་མོའི་ཁྱིམ་གྱི་ཁ་པར་གྲངས་བཙལ་བཙལ་མཐར་རྙེད་སོང་།
  ང་། “ ང་ནི་སཱ་ཁོ་ར་འེ་ཡོ་འེ་ཆིས་ཡིན། གང་འདོད་དུ་ཁྱེད་ལ་ཁ་པར་བཏང་པར་དགོངས་དག་ཞུ། ”
  མོ། “འོ། དེ་འདྲ་ལབ་དགོས་ཡ་མི་འདུག”
  སྐད་ལ་ཉན་པ་ཙམ་གྱིས་ཁོ་མོ་ཅུང་འཚབ་བཞིན་ཡོད་པའི་སྣང་བ་སྟེར།
  ང་། “ང་ཁྱེད་ལ་ཐུག་སྟེ་དངོས་སུ་དགོངས་དག་ཞུ་འདོད། སྐར་མ་ལྔ་ནས་བཅུ་བར་གྱི་དུས་ཚོད་ཀྱིས་འཐུས། ”
  མོ། “ དགོངས་པ་མ་ཚོམས། ང་ད་ལྟ་ལྗོངས་རྒྱུའི་དུས་དེབ་ཀྱི་རྩོམ་སྒྲིག་པ་བྱེད་མི་འདོད། ངས་ལྗོངས་རྒྱུའི་ཇུས་གཞིའི་འཆར་འགོད་ཀྱི་ལས་ཀ་བསྒྲུབ་འདོད། ”
  ང་། “འོ། དེ་ངས་ཤེས་ཀི ངས་ཁྱེད་ལ་དགོངས་དག་ཞུ་འདོད་པ་ཙམ་ཡིན། ”
  མོ། “ དགོངས་དག་ཞུ་མི་དགོས། དེ་ལྟར་བྱས་ཚེ་ང་དོགས་བདེ་བོ་མི་འདུག ”
  ང་ཁོ་མོ་ལ་ཐུག་འདོད་ཧ་ཅང་ཆེ། ཡིན་ནའང་། ཁོ་མོས་ང་མི་སུན་སྤྱད་ཅིག་ཡིན་པ་ཤེས་ཡོད་ངེས། ངས་དེ་ལྟར་ཁོ་མོ་ལ་ཐུག་འདོད་ཀྱི་འདུན་པ་བསྟན་ཡང་། ཁོ་མོས་ཡ་ལན་སྤྲོད་མི་སྲིད་ནའང་ཐང་། དེ་བས་ངས་ཁོ་མོ་ལ་ངེད་གཉིས་ཀྱིས་ད་རུང་སྐར་མ་འགའ་ལ་ཁ་བརྡ་གློད་ན་ཆོག་གམ་ཞེས་བཤད།
  མོ། “ ལབ་དང་། ངས་ཉན་བསྡད་ཡོད། ”
  ང་། “ དྲང་བོར་བཤད་ན། ངས་ཁྱེད་ལ་དགོངས་དག་ཞུ་བསམ་པ་ལས་ཀྱང་། དོན་གལ་ཆེ་བ་ནི་ངས་རང་ཉིད་སྐྱོབ་འདོད་པ་ཡིན། ངས་ཁྱེད་རང་མཐོང་བ་ན་རང་གི་བཟའ་ཟླ་སྔོན་མ་དེ་དྲན་ཡོང་། ”
  མོ། “ག་རེ ? ”
  ཁོ་མོར་མཚར་སྣང་གི་ཉམས་ཤིག་མངོན་སོང་།
  ང་། “ངས་ཕྱི་ན་ང་ལ་མི་ཁ་སྣ་ཚོགས་འཁོར་ཀྱིན་པ་ཤེས་ཡོད་ལ། ངའི་འཚོ་བ་ལའང་གནད་དོན་རབ་དང་རིམ་པ་ཞིག་བྱུང་ཡོད་པའང་ཤེས་ཡོད། ཡིན་ནའང་། ངས་རང་གི་སྨྲ་སྒོ་ལས་གང་འདོད་དུ་བཤད་པ་མིན། ཁྱེད་ཀྱི་ལག་པ་དང་ངའི་བཟའ་ཟླ་སྔོན་མའི་ལག་པ་གཉིས་ཤིན་ཏུ་འདྲ་བོ་འདུག ”
  མོ། “ ལག་པ ?”
  ང་། “འུན། ”
  མོ། “ཁྱེད་ཀྱིས་དོན་ངོ་མ་ཅི་ཞིག་བཤད་འདོད་པ་ཡིན་ནམ། ”
  ང་། “ངས་བཟའ་ཟླ་སྔོན་མའི་སེམས་ལ་སྡུག་བཞག་སོང་། ད་ནི་ཁོ་མོ་གཏན་ནས་ཕྱིར་ཡོང་མི་སྲིད། ང་ཁྱེད་དང་ཐུག་འདོད་པའི་རྒྱུ་མཚན་ལ་གནས་ལུགས་གང་ཡང་མེད་པ་དེ་ངས་ཤེས་ཡོད། ཡིན་ནའང་། ངས་ཁྱེད་ལ་དགོངས་དག་ཞུ་འདོད། གལ་ཏེ་ཁྱེད་ང་ལ་ཡིད་མི་ཆེས་ན། རོགས་སུ་གྲོགས་པོ་འཁྲིད་ནས་ཡོང་ཡང་ཆོག ངས་ཁྱེད་ལ་ཞུ་བ་བྱེད། ”
  ངས་དེ་ལྟར་ཁོ་མོ་ལ་ཡང་དང་བསྐྱར་དུ་ཞུ་བ་བྱས་པས། ཁོ་མོས་གཞི་ནས་ངའི་རེ་བ་ངོས་ལེན་བྱས་སོང་། ཉིན་ལྔའི་རྗེས་སུ། ངེད་གཉིས་ང་འདུག་སའི་གསོལ་མགྲོན་ཁང་གི་ཁོ་ཧྥེ་འཐུང་ས་དེ་ནས་འཕྲལ་རྒྱུ་བྱས། དེ་ནས་ཉིན་ལྔ་ཡི་རིང་ལ་ངས་ཆང་ཁམ་གང་ཡང་མ་འཐུང་བར་བསྡད།
  ཉིན་དེར་ཁོ་མོས་དཔྱིད་ཀའི་མདངས་ཅན་གྱི་ནུབ་ལྭ་ལྗང་ཁུ་ཞིག་གྱོན་འདུག་སྟེ། སྐར་མ་ལྔ་ཙམ་གྱིས་ཡོང་འཕྱི་སོང་།
  མོ། “ ང་ཡོང་འཕྱི་སོང་། ཁྱེད་ཡུན་རིང་སྒུག་ཡོད་དམ། ”
  ངས་ཁོ་མོས་ལག་པར་མི་ལྟ་ཞེས་སེམས་ནས་དམ་བཅས་པ་ཡིན། སྟབས་ལེགས་པ་ཞིག་ལ་ཁོ་མོས་ཀྱང་ལག་པ་ཅོག་ཙེ་ཡི་ཐོག་ལ་བཞག་མི་འདུག
  ང་། “ སྒུག་ག་ལ་ཡོད། ང་ཡང་ད་སོ་མ་ཐོན་མ་ཐག་ཡིན། ”
  ཁོ་མོས་ཐ་མག་གི་དུ་སྣེ་འཕེན་སའི་ཕོར་བའི་ནང་དུ་དུ་སྣེ་འགའ་འཕང་འདུག་པ་མཐོང་མ་ཐག་ངས་མོ་ལ་རྫུན་བཤད་པ་དེ་འཕྲལ་དུ་ཤེས་སོང་།
  དེ་ནས་མོ་ཁ་བགད་ཙམ་བྱས།
  ང། “ ཁྱེད་རང་སླེབས་པར་བཀའ་དྲིན་ཆེ་ཞུ། ངས་ཁྱེད་ལ་བཏོན་པའི་རེ་བ་འདི་ཅུང་ཐལ་དྲགས་སོང་ནའང། གང་ལྟར་ང་ཁྱེད་ལ་ཐུག་འདོད་ཤིན་ཏུ་ཆེ།”
  མོ། “ ངའང་དགའ་ནི་ཞིག་རེད། ངས་ཁྱེད་ལ་སྔོན་ཆད་བཤད་མྱོང་། ང་རང་ཁྱེད་ཀྱི་གློག་བརྙན་ལ་ལྟ་རྒྱུར་ཧ་ཅང་དགའ། ”
  ང་།“ཁྱེད་ཀྱིས་དེ་ལྟར་བཤད་ན་ངས་ཁྱེད་ལ་ཅི་ཞིག་བཤད་དགོས་པའང་མི་ཤེས་ཀི དེས་ན་ཉིན་འགའི་སྔོན་ལ་ངས་ཁ་པར་ལས་ཁྱེད་ལ་བཤད་པའི་སྐད་ཆ་དེ་དག་ཁྱེད་ཀྱིས་ཧ་གོ་ཡོད་ཀྱི་མ་རེད་ལ? ”
  མོ། “ ཁྱེད་ཀྱིས་རང་གི་བཟའ་ཟླ་སྔོན་མ་དང་ངེད་གཉིས་ཀྱི་ལག་པ་འདྲ་བོ་འདུག་ཅེས་ལབ་པ་འདྲ། ”
  ང་། “ ཐོག་དང་པོར་ང་ཁྱེད་དང་འཕྲད་དུས་ཅུང་ཧ་ལས་སོང་། ”
  ཁོ་མོས་ཅོག་ཙེའི་འོག་གི་རང་གི་ལག་པ་ལ་ལྟ་ཙམ་བྱས་ཏེ་ཅུང་བག་མི་བདེ་བའི་ཉམས་ཤིག་བསྟན་སོང་།
  མོ། “ངའི་ལག་པ་རང་ག་བ་ཞིག་ཡིན་ཡ། ”
  སྐད་ཆ་དེ་བཤད་ཚར་རྗེས། ཁོ་མོ་ཅུང་ཟད་ཁ་སྐྱེངས་བའི་ཚུལ་གྱིས་བསྡད། ང་ཁོ་མོའི་ལག་པ་དང་འཛུམ་ལ་འཕྲུལ་ནས་སེམས་པ་ཞི་འཇགས་སུ་གྱུར།

བུམ་པ་རྒྱལ་གྱིས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཡིག་ནས་བསྒྱུར་བའི་སྒྲུང་། ཁོ་མོ་བཞུད་སོང་།༢

2015-12-14 མོའུ་ར་ཁ་མེ་ལུའུ།༼ ཉི་ཧོང ༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།