ཀུ་རེ།

ཨན་ཏྲོན་ཆི་ཧོ་ཧྥིས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-05-18

གནམ་ཐང་བའི་དགུན་ཁའི་ཉིན་མོ་ཞིག་ལ། ཉིན་གུང་གི་དུས་སུའང་རུས་གཟེར་རྒྱག་པའི་གྲང་ངར་ཆེ། ནཱ་ཅན་ཁཱས་ང་ཡི་དཔུང་བར་འཇུས་ཡོད། ཁོ་མོའི་སྐྲ་འདབས་དང་མཆུ་སྒྲོས་ཀྱི་བ་སྤུ་དག་ཀྱང་བད་དཀར་རིམ་པ་ཞིག་གིས་གཡོགས།  ངེད་གཉིས་རི་མཐོན་པོ་ཞིག་གི་སྟེང་འགྲེང་ཡོད། ངེད་གཉིས་འགྲེང་སའི་རི་རྩེ་ནས་རི་འདབས་ཀྱི་སྤང་ཐང་བར་དུ་ལ་གཟར་མོ་ཞིག་བསྲིངས་འདུག ཉི་འོད་དེ་རུ་འཕྲོས་པ་མེ་ལོང་ནང་དུ་བལྟས་འདྲ་རེད། ང་ཚོའི་ཉེ་འགྲམ་ན་གངས་ཤུད་ཆུང་ཆུང་ཞིག་གི་སྟེང་རས་དམར་པོ་ཞིག་བཀབ་ནས་བཞག་འདུག

 “ནཱ་ཅེ་རེ་ཊ•ཕེད་ཊི•རོབ་བུ་ནཱ།འུ་གཉིས་མར་ལ་ཤུད་རེ”ངས“ཐེངས་གཅིག་མ་གཏོགས་མི་ཤུད།ངས་ཁྱོད་ལ་ཁག་ཐེག་བྱེད།འུ་གཉིས་འཚམ་པོ་བདེ་མོར་སྐྱོན་ཅི་ཡང་འབྱུང་མི་སྲིད”ཞེས་ཞུ་བ་བྱས།     

འོན་ཀྱང་ནཱ་ཅན་ཁཱ་སྐྲག་བཞིན་འདུག ཁོ་མོས་གྱོན་བའི་ལྷམ་ཆ་དེ་ནས་འཁྱགས་རིའི་འདབས་ཀྱི་བར་སྟོང་འདི། ཁོ་མོར་མཚོན་ན་འཇིགས་སུ་རུང་བའི་གཡང་རོང་ཞིག་རེད།ངས་ཁོ་མོ་གངས་ཤུད་དུ་སྡོད་དུ་བཅུག མོས་རི་འདབས་སུ་བལྟ་ཙམ་བྱས་པས་སྐྲག་ནས་བླ་འཁྱེར་ལ་ཁད་བྱས། གལ་ཏེ་ཁོ་མོ་དངོས་གནས་ཉེན་ཁར་མ་འཛེམ་པར་གཡང་རོང་དུ་མཆོངས་ཚེ་མཇུག་འབྲས་ཅི་ཞིག་འབྱུང་ངམ།མོའི་སྲོག་འཆོར་སྲིད། མོ་སྨྱོ་སྲིད།

“ངས་ཁྱོད་ལ་ཞུ་བ་བྱེད” ངས “མ་སྐྲགས།འདི་སྤོབས་པ་མེད་པ་དང་སྡར་མའི་རྟགས་ཡིན་པ་ཤེས་དགོས”ཞེས་བཤད།

 མཐའ་མར་ནཱ་ཅན་ཁཱ་འཐད་པ་བྱུང་སོང།འོན་ཀྱང་ངས་ཁོ་མོའི་ངོ་མདངས་ལས་འདི་ནི་མོས་སྲོག་གི་ཉེན་ཁར་མ་འཛེམ་པར་ཡིད་འཐད་བྱས་པ་ཤེས་ཡོང་། ངས་མོ་གངས་ཤུད་དུ་སྐྱོར་ནས་འབུད་དུ་བཅུག མོའི་ངོ་གདོང་སྐྱ་ལ་ལུས་ཧྲིལ་བོ་འདར་གྱིན་འདུག ངས་མོ་ལག་པའི་བར་དུ་དམ་པོར་བསྡམས་ནས་མོ་དང་ལྷན་དུ་གཡང་རོང་དུ་ཤུད།

གངས་ཤུད་ནི་མདེའུ་བཞིན་དུ་འཕུར་སྐྱོད་བྱེད། ཐད་དུ་གཤགས་པའི་མཁའ་དབུགས་ཀྱིས་ངེད་གཉིས་ཀྱི་གདོང་ལ་དྲག་ཏུ་རྡེག་ལ་རྣ་ལམ་དུ་འུར་འུར་གྱི་ངར་སྐད་སྒྲོག་བཞིན་ངེད་གཉིས་མགོ་བོ་ཕྲག་པ་ནས་གཅད་དུ་སེམས།

 དྲག་ཏུ་ལྡང་བའི་རླུང་གིས་ངེད་ཀྱི་དབུགས་ཀྱང་འཚང་བར་བྱེད། ངེད་གཉིས་བདུད་ཀྱི་སྤར་མོས་ཟིན་ཏེ་ངར་སྐད་སྒྲོག་བཞིན་དམྱལ་བར་འཕེན་པ་དང་མཚུངས། ཉེ་འཁོར་གྱི་ཡོད་ཚད་ཤིན་ཏུ་རིང་ལ་ལྡིང་ཞིང་གཡོ་བའི་སྐ་རགས་ཤིག་ཏུ་སྤྲུལ་བས། ད་སྐར་ཆ་འགའི་རྗེས་སུ་ངེད་གཉིས་ཕྱི་མའི་ཡུལ་དུ་འགྲོ་འགོས་པ་འདྲ།

“ནཱ་ཊ།ང་ཁྱོད་ལ་དགའ”ངས་སྐད་དམའ་མོ་བཤད།

 གངས་ཤུད་གྱི་འགྱེད་སྐྱོད་ཡུན་གྱིས་བརྟན་པོར་གྱུར་ལ། རླུང་གི་ངར་སྒྲ་དང་གངས་ཤུད་ཀྱི་འགྱེད་པང་གི་སྒྲ་ཡང་སྔར་ལྟར་འཇིགས་སུ་རུང་བ་ཞིག་མིན་པར་གྱུར། དབུགས་གཏོང་ལེན་བྱེད་པའང་སྔར་བས་བདེ་བར་གྱུར། ངེད་གཉིས་གཞི་ནས་རི་འདབས་སུ་སླེབས་སོང། ནཱ་ཅན་ཁཱ་ནི་སྲོག་རྟ་རྔ་ཙམ་ལས་ལྷག་མེད་པ་དང་འདྲ་བར་བཞིན་ལ་དམར་མདངས་མེད་ཅིང་དབུགས་འཚང་། ངས་ཁོ་མོར་རོགས་བྱས་ནས་ཡར་འགྲེང་དུ་བཅུག

“ངར་ཅི་ཞིག་བཤད་རུང་ཐེངས་གཉིས་པ་མི་ཤུད་ཁོ་ཐག་ཡིན” ཁོ་མོས་འཇིགས་སྣང་གིས་ཁེངས་པའི་མིག་ཟུང་ཆེ་ཆེར་བགྲད་ནས་ང་ལ་ལྟ་ཞོར “ད་ནས་བཟུང་མི་ཤུད་ཁོ་ཐག་ཡིན།ཅུང་ཙམ་མིན་ན་ངའི་སྲོག་ཤོར་སོང”ཞེས་བཤད། ང་ཁོ་མོའི་འགྲམ་དུ་འགྲེང་ནས་ཡོད་ལ། ཐ་མག་རྔུབ་ཞོར་རང་གི་ལག་ཤུབས་ལ་བལྟས་ནས་བསྡད།

ཡུན་ཙམ་འགོར་རྗེས་ཁོ་མོ་ཕྱིར་སྔར་གྱི་ཕལ་བའི་མི་དེར་གྱུར་ལ། དོགས་པ་འདྲེས་པའི་མིག་མདངས་ཀྱིས་ང་ལ་ཅེར་ནས“ནཱ་ཊ།ང་ཁྱོད་ལ་དགའ” ཞེས་པའི་ཚིག་འབྲི་འདི་དག་ངས་བཤད་པ་ཡིན་ནམ།ཡང་ན་དྲག་རླུང་གི་ངར་སྐད་ཁྲོད་ཁོ་མོའི་རྣ་འཁྲུལ་བ་རེད་དམ་སྙམ་པའི་སོམ་ཉིར་ལྷུང།

མོས་ངའི་ལག་པ་འཇུ་ཞོར་ངེད་གཉིས་རི་འདབས་སུ་ཡུན་རིང་བོ་ཞིག་ལ་འཆམ་འཆམ་དུ་སོང། གབ་ཚིག་ལྟ་བུའི་དོགས་པ་འདིས་ཁོ་མོའི་བློ་བདེ་རུ་མི་འཇུག་པ་འདྲ། སྐད་ཆ་འདི་དོན་ངོ་མར་བཤད་དམ་མ་བཤད? བཤད་དམ་མ་བཤད།? བཤད་དམ་མ་བཤད?འདི་ནི་མིའི་རང་རྩིའི་བསམ་པར་འབྲེལ་བའི་དྲི་བ་ཞིག་རེད་ལ། མཚན་ཉིད་དང་ཚེ་སྲོག་དང་བདེ་སྐྱིད་ལའང་འབྲེལ་བའི་དྲི་བ་ཞིག་རེད། དྲི་བ་འདི་ནི་འཇིག་རྟེན་དུ་ཆེས་གལ་ཆེ་བའི་དྲི་བ་དེའང་རེད། ནཱ་ཅན་ཁཱས་ཁོ་མོའི་མིག་མདངས་རྣོན་པོ་དེས་ང་ཡི་གདོང་བ་ཧུར་ཐག་གིས་དམ་པོར་འཛིན། མ་དྲིས་པར་ཡང་སྐད་ཆ་བཤད་ཡོང་སྟེ། ཁོ་མོས་ངས་དོན་དངོས་གསལ་བཤད་བྱེད་པར་སྒུག་ཡོད། འོ། ཁོ་མོའི་ངོ་གདོང་སྙིང་ལ་རྗེ་བོ་དེའི་ངོས་ཀྱི་ཉམས་ནི་ཅི་འདྲའི་ཕུན་སུམ་ཚོགས་པ་ཞིག་རེད་ཨང། ཅི་འདྲའི་ཕུན་སུམ་ཚོགས་པ་ཞིག་རེད་ཨང། ངས་ཁོ་མོས་རང་ཉིད་དང་འཐབ་རྩོད་བྱེད་བཞིན་པ་རྟོགས་བྱུང། ཁོ་མོར་ཅི་ཞིག་བཤད་འདོད་དྲི་འདོད་ཀྱི་འདུན་པ་དྲག་མོད་འོས་འཚམ་གྱི་རྗོད་པ་རྙེད་ཀྱི་མི་འདུག མོ་རང་ངོ་ཚ་ནས་བརྗོད་མི་བདེ་བར་གྱུར་འདུག་ལ། དགའ་སྤྲོ་སྐྱེས་ནས་ཁ་གྲག་མི་ཐུབ་པར་ཡང་གྱུར་འདུག

“འདི་ལྟར་བྱ་ཆོག་གམ” ཁོ་མོས་ང་ལ་མི་ལྟ་བར་བཤད།

“གང་ལྟར?”ངས་དྲིས།

“འུ་གཉིས་ཡང་བསྐྱར་ཐེངས་གཅིག་ཤུད་་་་་་”

ངེད་གཉིས་སྐས་རིམ་བརྒྱུད་ནས་རི་རྩེར་འབྱོར།ངས་ཡང་ངོ་མདོག་སྐྱ་བོར་གྱུར་ཞིང་ལུས་ཡོངས་འདར་བཞིན་བའི་ནཱ་ཅན་ཁཱ་གངས་ཤུད་དུ་སྐྱོར་ནས་སྡོད་དུ་བཅུག ངེད་གཉིས་ཡང་བསྐྱར་འཇིགས་སུ་རུང་བའི་གཡང་རོང་དུ་འཕུར། རླུང་གི་ངར་སྐད་དང་འགྱེད་པང་གི་ཆོམ་སྒྲ་བསྐྱར་དུ་ཐོས་བྱུང།གངས་ཤུད་ངར་དང་འུར་གྱིས་འཕུར་སྐྱོད་བྱས་ནས་ཆེས་འཇིགས་སྐྲག་གི་དུས་སུ་ཡང་ངས་བསྐྱར་དུ།

“ནཱ་ཊ། ང་ཁྱོད་ལ་དགའ”ཞེས་སྐད་དམའ་མོས་བཤད།

གངས་ཤུད་བསྡད་རྗེས། ནཱ་ཅན་ཁཱས་ངེད་གཉིས་ཡར་སྔོན་འགྱེད་བྱེད་སའི་ལ་མོ་དེར་ལྟར་ཙམ་བྱས་རྗེས་ངའི་གདོང་ལ་ཡུན་རིང་བལྟས། ངའི་ལྷོད་ཆ་ལྡན་ལ་སྤྱིར་བཏང་ཡིན་པའི་གཏམ་ལ་ཉན་རྗེས། མོའི་ཡོངས་རྫོགས་ཏེ། ཐ་ན་མོའི་ལག་ཤུབས་དང་ཞྭ་མོ། ཆུང་ཞིང་ཡིད་དུ་འོང་བའི་ལུས་པོ་བཅས་པས་དོགས་པས་ཁེངས་པའི་ཉམས་ཕྱུངས་འདུག་ལ། གདོང་བ་རུ“འདི་ཅི་ཞིག་ཡིན་ནམ? སྐད་ཆ་དེ་སུས་བཤད་པ་ཡིན་ནམ?ཁོས་བཤད་པ་རེད་དམ།?ཡང་ན་ངའི་རྣ་འཁྲུལ་བ་རེད?”ཅེས་བྲིས་ཡོད་པ་དང་མཚུངས།

  དོགས་པ་འདིས་ཁོ་མོ་མནར་གཅོད་བྱས་ནས་བཟོད་མི་ཐུབ་པར་བཏང།

  བུ་མོ་འདིས་ཚིག་གཅིག་ཀྱང་མི་སྨྲ་བར་སྨིན་མ་བསྡུས་ཤིང་ཤ་གྲིམ། ཐ་ན་ཕེ་འདེབ་ལ་ཁད་ཙམ་བྱས།

“ངེད་གཉིས་ཕྱིར་ལོག?” ངས་འདི་སྐད་དྲིས།

“ང་་་་་གངས་ལ་ཤུད་རྒྱུར་དགའ” མོའི་གདོང་བ་དམར་པོར་གྱུར་ནས“ངེད་གཉིས་ད་དུང་ཐེངས་གཅིག་ཤུད་ན་མི་ཆོག་གམ”ཞེས་བཤད་བྱུང།

ཁོ་མོ་གངས་ལ་ཤུད་རྒྱུར་དགའ་བས།ངེད་གཉིས་གངས་ཤུད་དུ་བསྡད། འོན་ཏེ་མོའི་གདོང་མདོག་སྔར་ལྟར་སྐྱ་བོར་གྱུར་ལ་ལུས་ཡོངས་འདར། སྐྲག་ནས་དབུགས་ཀྱང་ལེན་དཀའ་བར་གྱུར།

ངེད་གཉིས་ཐེངས་གསུམ་པར་མར་དུ་ཤུད། ངས་ཁོ་མོས་ངའི་གདོང་ལ་བལྟས་ཤིང། མཆུ་ལ་ཅེར་འདུག་པ་ཤེས་བྱུང། འོན་ཀྱང་ངས་ལུད་པ་ལུ་ཁུལ་བྱས་ནས་ལག་ཕྱིས་ཀྱིས་ཁ་བསུམས། འགྱེད་སྐྱོད་བྱས་ནས་བར་དཀྱིལ་དུ་ཐོན་པ་ན། ངས་མྱུར་མོར“ནཱ་ཊ། ང་ཁྱོད་ལ་དགའ”ཞེས་སྒྲ་ཕྱུངས།

ཁོ་མོ་སྔར་བཞིན་ཡིད་ཐེ་ཚོམ་དུ་གྱུར་ཞིང་སྨྲ་བ་བསྡམས་ནས་ཅི་ཞིག་ལ་བསམ་བློ་བཏང། ངས་མོ་ཡུལ་ལ་སྐྱེལ་བའི་ལམ་བར་ནས་ཁོ་མོས་གོམ་པ་ཅི་ནུས་ཀྱིས་ཇེ་དལ་དུ་བཏང་ནས། ངས་སྐད་ཆ་དེ་མོར་བཤད་པར་སྒུག ངས་ཁོ་མོའི་རྣམ་ཤེས་ཀྱིས་སྡུག་བསྔལ་མྱོང་ཞིང་མོས་ཅི་ནུས་ཀྱིས་རང་ཉིད་ལ་ཚོད་འཛིན་བྱས་ནས་“རླུང་གིས་སྐད་ཆ་འདི་བཤད་མི་སྲིད། ངས་སྐད་ཆ་འདི་རླུང་གིས་བཤད་པ་ཡིན་པར་མི་རེ”ཞེས་བཤད་མི་ཡོང་བར་འབད་བཞིན་པ་ཤེས་བྱུང།

ཕྱི་ཉིད་ཞོགས་པར། ང་ལ་འཕྲིན་ཡིག་གཅིག་འབྱོར། “གལ་ཏེ་ཁྱོད་དེ་རིང་གངས་ལ་ཤུད་དུ་འགྲོ་ན་ང་ངེས་པར་དུ་འཁྲིད་རོགས། ནཱ་ཊ་ནས”

དེ་ནས་བཟུང་ང་ཉིན་རྒྱུན་དུ་ནཱ་ཅན་ཁཱ་དང་ལྷན་དུ་གངས་ཤུད་ར་བར་སོང་བ་ཡིན། ཐེངས་རེ་རེར་གངས་ཤུད་དུ་བསྡད་ནས་མར་ལ་ཤུད་པའི་ལམ་བར་ནས་ངས་རྒྱུན་པར་ཚིག་གཅིག་སྐད་དམའ་མོས་བཤད་པ་ཡིན།“ ནཱ་ཊ། ང་ཁྱོད་ལ་དགའ།”

ནཱ་ཅན་ཁཱ་མྱུར་མོར་སྐད་ཆ་འདིར་གཡེང་ཞུགས་སོང། ཆང་ངར་མོ་དང་མཱར་ཧྥིན་ལ་གཡེང་ཞུགས་པ་ཅི་བཞིན། སྐད་ཆ་འདི་མ་ཐོས་ན་ཁོ་མོ་འཚོ་བ་རོལ་ཐབས་བྲལ། རི་རྩེ་ནས་མར་ཤུད་སྐབས་སྔར་ལྟར་འཇིགས་སྣང་ཆེ་མོད། འོན་ཀྱང་ད་ལྟ་འཇིགས་སྣང་གིས་མཛའ་གཏམ་འདི་ལ་དམིགས་བསལ་གྱི་འགུག་ཤུགས་ཤིག་སྤྲད་འདུག མཛའ་གཏམ་འདི་སྔར་བཞིན་གབ་ཚིག་ཅིག་དང། སྔར་བཞིན་ཁོ་མོའི་རྣམ་ཤེས་ལ་མནར་གཅོད་བཏང་ཡང་དེ་བཞིན་ནོ།། དོགས་པ་ཟ་ཡུལ་སྔར་བཞིན་ང་དང་རླུང་གཉིས་རེད། འདི་གཉིས་ལས་སུ་ཞིག་གིས་ཁོ་མོ་ལ་དུངས་པ་བརྗོད་སྲིད་དམ། ཁོ་མོས་མིག་ཤེས། བལྟས་ཚོད་ལ་ཁོ་མོས་དོ་སྣང་ཡང་བྱེད་ཀྱིན་མི་འདུག ཕོར་བ་གང་ཞིག་གི་ནང་གི་ཆང་ཡིན་ཡང་འདྲ་འདྲ་སྟེ། འཐུང་བཏུབ་པས་ཆོག་གོ།

ཉིན་ཞིག་གི་ཉིན་གུང། ང་གཅིག་པུར་གངས་ཤུད་ར་བས་སོང། མི་ཚོགས་ཀྱི་འདུ་འཛིའི་ཁྲོད་ནས་ངས་ནཱ་ཅན་ཁཱ་གངས་རིའི་ཕྱོགས་སུ་འགྲོ་ཞོར་མིག་གིས་ང་འཚོལ་བཞིན་པ་མཐོང། དེའི་རྗེས་ཁོ་མོ་ཧ་ཅང་སེམས་ཆུང་གིས་སྐས་རིམ་དུ་འཛེགས། མི་གཅིག་པུར་རི་ལ་འཛེགས་ན་འཇིགས་སྣང་སྐྱེ་ངེས་རེད། འོ། ཅི་འདྲའི་ཞེད་པ་ལ། ཁོ་མོའི་ངོ་གདོག་ཁ་བ་བཞིན་དཀར་ལ་ལུས་པོའང་འདར་བཞིན་འདུག མོ་མདུན་ཕྱོགས་སུ་སྐྱོད་པ་ནི་གསོད་རར་འགྲོ་བཞིན་པ་དང་འདྲ།འོན་ཀྱང་འགྲོ་བཞིན་ཡོད་དེ། ཁ་ཕྱིར་མི་འཁོར་བར་གོམ་པ་བརྟན་པོར་སྤོས་ནས་འགྲོ་བཞིན་འདུག ཐེ་ཚོམ་སྐྱེ་མི་དགོས་ཏེ། ཁོ་མོས་ཚོད་ལྟ་ཞིག་བྱེད་པ་ཐག་གིས་བཅད་ཟིན།ང་མེད་པའི་གནས་ཚུལ་འོག་ཡིད་དུ་འཐད་པའི་མཛའ་གཏམ་དེ་ཐོས་སྲིད་དམ? ངས་ངོ་གདོང་སྐྱ་བོར་གྱུར་བའི་ཁོ་མོ་འཇིགས་སྣང་གིས་ཁའང་ཆེ་རུ་གདངས་འདུག་པ་མཐོང་བྱུང།གངས་ཤུད་དུ་བསྡད་ནས་མིག་ཟུང་བཙུམས། ཤུད་མགོ་བརྩམས་བྱུང། ཁོ་མོའི་ངོ་མདངས་ལ་བརྟགས་ན། མོ་རང་ཉིད་ཀྱིས་ཀྱང་སྐད་ཆ་དེ་ཐོས་ཡོད་མོད་གསལ་བོ་ཤེས་མི་འདུག མར་ལ་ཤུད་པའི་འཇིགས་སྣང་གིས་མོའི་སྐད་ཆ་ཉན་པའི་ནུས་བ་དང། སྒྲ་དབྱེ་ཞིབ་བྱེད་པ་དང་ངོས་འཛིན་པའི་ནུས་པ་འཕྲོགས་སོང།

  གཞི་ནས་དཔྱིད་ཟླ་སླེབས་བྱུང། ཉི་མ་དྲོད་འཇམ་དང་ལྡན་པར་གྱུར། ང་ཚོའི་གངས་རི་དེའང་ནག་པོར་གྱུར་ནས་མིག་ལ་འཚེར་བའི་འོད་མདངས་ཉམས། མཐའ་མར་ཞུ་སོང་བས་ངེད་གཉིས་ཀྱང་གངས་རིར་ཤུད་དུ་མི་འགྲོ། སྙིང་རྗེ་བའི་ནཱ་ཅན་ཁཱས་ད་ནས་བཟུང་སྐད་ཆ་དེ་ཐོས་མི་སྲིད། རྒྱུ་མཚན་རླུང་གིས་ངལ་གསོས་ཟིན་ལ་ང་ཡང་ཕེ་ཁྲི་པོར་དུ་འགྲོ་དགོས་བའི་རྐྱེན་གྱིས། སོང་ནས་ཡུན་རིང་སྡོད་དགོས། ཕྱིར་མི་ཡོང་ནའང་ཐང།

  ལམ་ལ་མ་ཆས་པའི་ཉིན་གཉིས་ཀྱི་སྔོན་དུ། ང་རང་ཁྱིམ་གྱི་མེ་ཏོག་ལྡུམ་རར་བསྡད་ཡོད། དེ་དུས་ས་སྲོས་ཀྱི་ཡོལ་བ་བཀྱགས་ཟིན། ལྡུམ་ར་ཆུང་ཆུང་འདི་དང་ནཱ་ཅན་ཁཱ་ཚང་གི་ར་བ་ནི་ལྕགས་འཚེར་གྱིས་ཁེངས་བའི་རིབ་མ་མཐོན་པོ་ཞིག་གིས་བཅད་ཡོད། ནམ་ཟླ་ད་དུང་ཅུང་ཙམ་གྲང་ལ་ལུས་ཕུང་གི་སྟེང་དུའང་ཁ་བ་ཆགས་འདུག རྩི་ཤིང་ལའང་གསོན་ཉམས་མི་འདུག ཁྭ་ཏ་མཆུ་དཀར་གྱིས་ཞག་སྡོག་བྱ་སའི་ཚང་བཅའ་བཞིན་འདུག ང་རིབ་མའི་ཉེ་འགྲམ་དུ་བཅར་ཞིང་གས་སྲུབས་བརྒྱུད་ནས་ཡུན་རིང་དུ་ཡར་ལྟ་མར་ལྟ་བྱས་པ་ན་ནཱ་ཅན་ཁཱ་ཁྱམས་རར་སླེབས་པ་མཐོང་བྱུང། སྐྱོ་སྨྲེང་གི་མིག་མདངས་ཀྱིས་བར་སྣང་དུ་ལྟ་ལ་དཔྱིད་རླུང་ཐད་ཀར་ཁོ་མོའི་དུད་པས་མནར་བའི་བཞིན་ལ་རྒྱུ། རླུང་བུ་འདིས་ཁོ་མོའི་སེམས་པ་སྔོན་ཆད་ངེད་གཉིས་ལ་ཕྱོགས་ནས་འུར་འུར་དུ་ལྡང་ཡོང་བའི་དྲག་རླུང་དང། རླུང་ཁྲོད་ནས་ཐོས་བའི་ཚིག་འབྲི་དེ་དག་ལ་འཕྲོས་སུ་བཅུག མོའི་གདོང་གི་རྣམ་འགྱུར་ཇེ་སྡུག་ཏུ་གྱུར། མིག་ཆུ་མཁུར་ཚོས་བརྒྱུད་ནས་བཞུར་བྱུང་ལ་སྙིང་རྗེ་བའི་བུ་མོ་འདིས་ལག་ཟུང་བརྐྱངས། ཕལ་ཆེར་རླུང་བུ་འདི་ལ་མཛའ་གཏམ་དེ་འཁྱེར་ཡོང་བའི་སྨོན་ལམ་འདེབ་བཞིན་པ་འདྲ། ངས་རླུང་བུ་ཞིག་ལྡང་ཡོང་བའི་སྟབས་ཁར་སྒུག་ནས“ནཱ་ཊ།ང་ཁྱོད་ལ་དགའ”ཞེས་དམའ་མོས་བཤད།

དཀོན་མཆོག་མཁྱེན། ནཱ་ཅན་ཁཱའི་སེམས་ཁམས་ལ་གློ་བུར་ཏུ་འགྱུར་བ་བྱུང་ནས། ངོ་གདོང་འཛུམ་གྱིས་ཁེངས་ཤིང་སྐད་འབོད་བྱེད། རླུང་ཕྱོགས་ལ་ཁ་གཏད་ནས་ལག་ཟུང་མཐོན་པོར་བཀྱགས།

ཁོ་མོ་དེ་འདྲའི་སྤྲོ་བས་ཁེངས་ལ་དེ་འདྲའི་བདེ་སྣང་ཤར། དེ་འདྲའི་མཛེས་སྡུག་ལྡན།

ང་ཕྱིར་ཅ་དངོས་བསྡུ་གསོག་བྱེད་དུ་སོང།

འདི་ནི་སྔོན་ཆད་སྔོན་ཆད་ཅིག་གི་དོན་དག་རེད། ད་ལྟ་ནཱ་ཅན་ཁཱ་གཞན་གྱི་ཆུང་མར་གྱུར་ཡོད། མོ་སྐུ་དྲག་མཐུན་ཚོགས་ཀྱི་དྲུང་ཡིག་དང་གཉེན་བསྒྲིགས། ཕ་མའི་བཀོད་སྒྲིག་ཡིན་ནམ་རང་དབང་རང་འཐད་ཡིན། འདི་གཙོ་བོ་ཞིག་མ་རེད། ཁོ་མོས་བྱིས་པ་གསུམ་བཙས་ཟིན། འོན་ཀྱང་སྔོན་ཆད་ངེད་གཉིས་མཉམ་དུ་གངས་རིར་ཤུད་དུ་སོང་བ་དང། རླུང་གིས“ནཱ་ཊ།ང་ཁྱོད་ལ་དགའ”ཞེས་བའི་སྐད་ཆ་ཁོ་མོའི་རྣ་ལམ་དུ་ཇི་ལྟར་བསྐྱལ་བ་བརྗེད་མི་སྲིད། ཁོ་མོར་མཚོན་ན། འདི་ནི་མོའི་མི་ཚེའི་ཁྲོད་ཆེས་བདེ་སྐྱིད་ལྡན་ཞིང་སེམས་འགུལ་ཐེབས་པ། ཡིད་དུ་འོང་བའི་ཕྱིར་དྲན་དེ་རེད་་་་་་།

ད་ལྟ་ང་ཡང་ལོ་མཐོ་སར་ཐོན་པས། ལོ་དེར་ངས་སྐད་ཆ་དེ་ཅིའི་ཕྱིར་བཤད་དགོས་པ་དང་ཀུ་རེ་འདི་འདྲ་ཞིག་རྩེ་དོན་ཅི་ཡིན་པ་གསལ་བཤད་བྱེད་ཐུབ་ཀྱི་མི་འདུག

  བླ་སྔོན་ཚེ་རིང་བཀྲ་ཤིས་ཀྱིས་བསྒྱུར།

                                                                                                                                      རྩོམ་སྒྲིག་པ། དབང་མོ།

                                                                             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀུ་རེ།

2016-05-18 ཨན་ཏྲོན་ཆི་ཧོ་ཧྥིས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།