བླུན་པོར་གདམས་པ།(བྱིས་སྒྲུང)

དུས་ནམ་ཞིག་གི་ཚེ་ན། ནགས་ཀློང་ཞིག་ཏུ་ཤིང་འབྲས་ཨ་མྲའི་སྡོང་པོ་ཞིག་ཡོད་ལ་དེའི་སྟེང་དུ་བྱ་ཁྱུ་ཞིག་འཚོ་ཞིང་། ཁོ་ཚོ་རང་རང་གི་བྱ་ཚང་ནང་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཞིང་གནས་འདུག

ཆར་དུས་མ་བསླེབས་སྔོན་ལ། ནགས་ཚལ་དེའི་རི་སྐྱེས་སྲོག་ཆགས་ཚང་མས་རང་རང་གི་གནས་མལ་ཞིག་གསོ་བྱས་ཤིང་། འདབ་ཆགས་རྣམས་ཀྱིས་ཀྱང་རང་རང་གི་བྱ་ཚང་སྔར་བས་སྲ་བརྟན་དུ་བཟོས།བྱེའུ་མང་པོ་ཞིག་གིས་ཤིང་ལོ་དང་ལྕུག་ཕྲན་སོགས་ཁུར་ཡོང་ནས་བྱེའུ་ཚང་བཟོ་བཞིན་གདའ་། དེའི་གྲས་ཀྱི་བྱེའུ་ཞིག་ན་རེ“ང་ཚོས་ད་དུང་བྱེའུ་ཕྲུག་ཚོར་རྒུམ་བུ་གསོག་དགོས”

དེ་ལྟར་ཁོ་ཚོས་ཆར་དུས་ཧྲིལ་བོར་འདང་བའི་རྒུམ་བུ་གསོག་འཇོག་བྱས་པར་མ་ཟད། ཆུ་མ་ཤོར་གོང་ལ་རགས་ཞེས་པའི་དཔེ་ལྟར། མ་འོངས་དཀའ་སྡུག་གི་ནམ་དུས་ལ་གྲ་སྒྲིག་གི་ལས་ཀར་བྲེལ་འདུག

རིང་པོ་མ་འགོར་བར་ཆར་དུས་བསླེབས་སོང་། འབྲུག་སྐད་ལྡིར་ཞིང་གློག་དམར་འཚུབ་ཡོང་། འདབ་ཆགས་དང་རི་སྐྱེས་སྲོག་ཆགས་ཚང་མ་སོ་སོའི་ཚང་མལ་དུ་འཛུལ་ནས་བསྡད།

ཉིན་ཞག་མང་པོར་ཆར་བ་བསྟུད་མར་བབས་སོང་། ཉིན་ཞིག་ལ་ཆར་ཆུས་བརླན་པའི་སྤྲེའུ་ཞིག་ནགས་ཚལ་དེ་གར་ཐོན་འོངས། ཁོ་ཡལ་ག་ཞིག་གི་སྟེང་དུ་སྡོད་ཅིང་། ཁོའི་ལུས་སྟེང་ནས་ཆར་ཆུ་འཛར་ཞིང་། ཁོ་འཁྱག་གྲང་གིས་འདར་སིག་སིག་བྱེད།

སྙིང་རྗེ་བའི་སྤྲེའུ་དེས་རང་ལ་སྐྱབས་གནས་ཤིག་ཅི་ལྟར་བཙལ་ཡང་མ་རྙེད་པ་རེད། ཆར་རླུང་ཁྲོད་དུ་ཤིང་ལོས་རང་ཉིད་ལ་འགེབས་སྲུང་མི་ནུས་པར་འདུག སྤྲེའུ་དེ་ན་རེ“ཨ་ཤུ། ཅི་འདྲའི་གྲང་བ་ལ”

འདབ་ཆགས་ཚང་མས་སྤྲེའུ་ལ་བལྟས་ཀྱིན་སྙིང་རྗེ་འགོག་མེད་ཅིག་སྐྱེས་འོངས། ཡིན་ནའང་ཁོ་ཚོས་སྤྲེའུ་དེ་ལ་རོགས་རམ་ཕྲན་བུ་ལས་བྱེད་མི་བཏུབ་པར་འདུག

བྱ་ཁྱུའི་གྲས་ཀྱི་བྱེའུ་ཞིག་ན་རེ། “སྤུན་ཟླ། ང་ཚོའི་བྱ་ཚང་ཆུང་ཆུང་འདིར། ཁྱེད་རང་སྡོད་དུ་འཇུག་པའི་ས་འཁོབས་འདེང་ངེས་ཤིག་མི་འདུག”

ཡང་བྱེའུ་གཞན་ཞིག་གིས“ང་ཚོ་ཚང་མས་རང་ནུས་ཅི་ལྕོགས་ཀྱིས་སྔ་མོ་ནས་ཆར་དུས་ལ་གྲ་སྒྲིག་བྱས་པ་ཡིན། གལ་སྲིད་ཁྱེད་ཀྱིས་ཀྱང་དེ་ལྟར་བྱས་ཡོད་ཚེ། ཁྱེད་རང་དབུལ་ཕོངས་ཉམ་ཐག་གི་གནས་བབ་འདི་འདྲའི་འོག་ཏུ་ལྷག་མི་སྲིད་ཨང”ཞེས་དེ་སྐད་སྨྲས།

དེའི་ཚེ་ན། སྤྲེའུ་དེས“ཁྱོད་ཀྱིས་ང་ལའང་སློབ་གསོ་གཏོང་བའི་བློ་སྤོབས་ཡོད་དམ”ཞེས་བྱེའུ་ཡི་སྟེང་ལ་ངར་ངར་རྫིག་རྫིག་བྱེད་བཞིན། ཁོང་ཁྲོ་དྲག་པོས་བྱེའུ་ཚང་ལ་སྡེར་ལྕག་གིས་བྲབས་ཏེ་ཚལ་བ་ཚལ་བུར་གཏོར་ནས་ཐང་ལ་གཡུགས་བཞག

བྱེའུ་དེ་དང་དེའི་བྱེའུ་ཕྲུག་ཚོ་འུ་ཐུག་ཐབས་ཟད་དུ་གྱུར་ཅིང་།

སྙིང་རྗེ་བའི་བྱེའུ་དེའི་བསམ་པར“བླུན་རྨོངས་པས་བསླབ་བྱའི་རིན་ཐང་མི་རྟོགས་པས། ཁོ་ལ་ཅི་ཡང་མ་བཤད་ན་ལེགས་ཨང”སྙམ་མོ།།

                                                      ན་བུན་གྱིས་དབྱིན་ཡིག་ལས་བསྒྱུར།

རྩོམ་སྒྲིག་པ། དབང་མོ།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བླུན་པོར་གདམས་པ།(བྱིས་སྒྲུང)

2016-09-20 Shirley Jackson ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།