ཡ་ཏིང•ཀྲ་སྐྱ་ཡེད་ཧྥུ་སུ་ཅིའི་སྙན་ངག་ཚན་པ་ལྔ།

ཡཱ་ཏིང•ཀྲ་སྐྱ་ཡེད་ཧྥུ་སུ་ཅི།(ཕོ་ལན) མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2021-03-24

ཡཱ་ཏིང•ཀྲ་སྐྱ་ཡེད་ཧྥུ་སུ་ཅི།(Adam Zagajewski,1945-2021)ཕོ་ལན་གྱི་སྙན་ངག་མཁན་གྲགས་ཅན་དང་ལྷུག་རྩོམ་མཁས་ཅན། ཕོ་ལན་གྱི“རླབས་གསར་པ”ཞེས་པའི་སྙན་ངག་གི་ཚབ་མཚོན་སྙན་ངག་མཁན་དང་རིག་པའི་གཞུང་ལུགས་ཀྱི་རྣམ་བཤད་པ་གཙོ་བོ་བཅས་ཡིན། བརྩམས་ཆོས་གཙོ་བོར་ ༼གཟུགས་དབྱིབས་མེད་པའི་ལག་པ༽དང་༼འགྱུར་མེད་ཀྱི་དགྲ་བོ།༽ སོགས་སྙན་དེབ་དང་། ལྷུག་རྩོམ་གྱི་དེབ༼གྲོང་ཁྱེར་གཉིས།༽སོགས་ཡོད། དེ་སྔ་ཐོ་མཱ་མ་སུ་ཐི་ལང་མོའི་བྱ་དགའ་དང་། ཀེ་ལི་ཧྥེན་སྙན་ངག་བྱ་དགའ་སོགས་ཐོབ་བོ།། སྤྱི་ལོ2021ལོའི་ཟླ་3ཚེས་21ཉིན་ཏོག་གསར་ནད་དུག་གི་རྐྱེན་ངན་གྱིས་སྐུ་གཤེགས། ད་ལོ་དགུང་ལོ75 ཡིན་ནོ།།

ངལ་གསོའི་ཉིན་མོ།

ངལ་གསོའི་ཉིན་མོར། ང་ཚོས་སེམས་ཁུར་གཏན་ནས་མི་བྱེད།
དཔེ་ཆ་སྔོན་དུ་བཞག་ཀྱང་། ང་ཚོས་ད་ལྟ་མ་ཀློག་ཚེ།
ག་ས་གང་དུ་ངོ་མཚར་གྱིས་གང་བའི་འཇིག་རྟེན་འདིར། བརྩེ་བས་ངོ་ལོག་པ་རེད།
མ་ཤེས་པ། མིང་མེད་པ། མི་ཉམས་པ། འཇིག་རྟེན་གསར་པ།
བྱིས་དུས་ནས་ང་ཚོ་དང་ལྷན་དུ་ཁ་མ་གྲགས་པར་མཉམ་གནས་བྱས་པ་དག
གློ་བུར་དུ་ང་ཚོའི་མིག་ནང་ནས། མི་ཞིག་གར་སོང་ཆ་མེད་དུ་གྱུར།
བྲེལ་འཚུབ་དང་ཞེད་སྣང་གིས་ཁེངས་པའི་སྐད་འབོད་ཅིག་གིས།
ཁུག་རྟ་ལྟར། དུས་རྒྱུན་ཟ་ངེ་ཟིང་ངེར་གྱུར།
ང་ཚོ་ཚང་མ་ཐང་ཆད་འདུག མི་གཅིག་གིས་ཀྱང་འཁང་ར་བྱེད་མི་སྲིད།
མཚན་མོ་ནི་ཧ་ཅང་ཐུང་། སྐྱ་རེངས་ནི་ཕྱི་གསལ་ནང་གསལ་ཞིག་སྟེ།
བྱ་རི་སྐྱེགས་ཀྱིས་ནགས་ཚལ་དུ་ས་སྲོས་ཀྱི་ངུ་སྐད་བཤད་བཞིན་འདུག
འོན་ཀྱང་ང་ཚོར་གསལ་ཆ་ཆེ་ཤོས་ནི་སྲང་ལམ་དང་སྤྱི་གླིང་རེད།
ང་ཚོར་དལ་མོར་འཆམ་འཆམ་དུ་འགྲོ་བ་དང་།
ཞིབ་ཚགས་ཀྱིས་ཕྱོགས་བཞིར་ཚོད་དཔག་བྱེད།
ང་ཚོས་ཐོ་འགོད་བྱས་པའི་དྲན་ཡུལ་གྱི་མིང་ཚིག་དག ང་ཚོའི་དྲན་པ་བཞིན།
ང་ཚོས་ཅང་མ་འགོར་བར་འདི་དག་ཡི་གེར་བྲི་དགོས།
ང་ཚོས་ལག་གདང་སྦྲེལ་ནས་ཕྱིར་འབུད་བྱས་པའི་ཕྱི་རོལ་ཏུསོང་མྱོང་།
བྱེ་ཐང་། དྲག་ཏུ་བགྲོད་པའི་མེ་འཁོར།
ཐག་རིང་ནས་ང་ཚོའི་མདུན་དུ་བརྒྱུད།
རྒྱ་མཚོ་ཆེན་པོའི་སྐད་ཅོར་གྱིས་མུན་པ་བསུས་སོང་།

               2021.3.22ཉིན་ལོ་ཙཱ་བྱས།
སྐར་མ།
 
ལོ་མང་པོ་ཞིག་སོང་རྗེས་ང་ཁྱོད་ཀྱི་སར་ལོག
སྙིང་རྗེ་བའི་ཐལ་མདོག་གི་གྲོང་ཁྱེར།
ནམ་ཡང་འགྱུར་བ་མེད་པའི་གྲོང་ཁྱེར།
ཉིན་མཚན་བདས་པའི་ཆུ་རྒྱུན་གྱིས་དུར་དུ་སྦས།
 
ང་ནི་མཚན་ཉིད་རིག་པ་བ་ཞིག་མིན།
སྙན་ངག་ལ་མཚར་སྣང་སྐྱེས་པའི་སློབ་གཉེར་བ་ཞིག
ད་ནས་བཟུང་།
ང་ནི་སྙན་ངག་མང་པོ་འབྲི་བའི་ན་གཞོན་དེ་ཡིན་མི་སྲིད།
 
འཕྲུལ་སྣང་གིས་འཁྱམས་ཤིང་།
སྲང་ལམ་དུ་སེམས་པ་ནན་གྱིས་ཞུགས་པའི་འཁྲུལ་བ།
གྲིབ་ནག་དང་དྲིལ་སྒྲའི་བདག་པོ།
ཁོའི་ལག་པས་ངའི་ཐོད་པར་རེག་བཞིན་འདུག
 
ཡིན་ཡང་། ང་ལ་སྔར་བཞིན།
རྒྱང་རིང་གི་སྐར་མ་ཞིག་གིས་ལམ་སྟོན་བཞིན་འདུག
སྐར་འོད་འདི་ཁོ་ན་མ་གཏོགས།
ང་རང་གྲོལ་བའམ་སྐྱོབ་པར་མཛད་དོ།།

               2021.3.22ཉིན་ལོ་ཙཱ་བྱས།
བྱིས་དུས་མེད།

ཁྱོད་ཀྱི་བྱིས་དུས་ནི་ཅི་ཞིག་དང་འདྲའམ།
མི་རྣམས་སུན་སོང་བའི་གསར་འགོད་པ་ཞིག་གི་ལས་ཀ་མཇུག་སྒྲིལ་སྐབས།
བྱིས་དུས་མེད། ཁྭ་ཏའི་ཚོགས་དང་།
གློག་ཤུགས་ལ་འདོད་ཧམ་ཆེ་བའི་ལྕགས་ལམ་སྟེང་གི་གློག་འཁོར།
ལུས་ལ་རྒྱ་གྲམ་བཀླུབས་པའི་གནམ་བདག་ཆོས་དཔོན།
དེ་བཞིན་ངོ་གདོང་ལིའི་མདོག་ཅན་གྱི་འཛིན་བདག་དགེ་རྒན་ཡོད།
འདུན་པ་ཁོ་ན་མ་གཏོགས། བྱིས་དུས་མེད།
སོ་སྐྱེས་སྡོང་པོའི་ལོ་མ་མཚན་ངོགས་སུ་འཁྱུག་ཅིང་འཚེར།
ཆར་བས་སྐད་ལྡིར་ལྡིར་གྱིས་གཞས་གཏོང་མཁན་དེའི་མཆུ་སྒྲོས་བརླན།

                2021.3.22ཉིན་ལོ་ཙཱ་བྱས།
ལྕེ།
 
གཟེབ་དཀར་པོའི་ནང་དུ་བཙོན་འཇུག་བྱས།
ཕྲ་ཞིང་ཕྲ་བའི་རླུང་བརྒྱུད་དུས།
སེམས་ཅན་ཚང་མ་བྲོས་ན་འདོད་བྱུང་།
ཡི་གེ་བཀླགས་ཚར་རྗེས་གསོན་བཟུང་བྱས།
དེ་ལ་ཕོ་་ལན་སྐད་དུ་གྲོས་བྱོལ་ཟེར།
ཆེས་གུ་ཡངས་པའི་ངང་ཐག་གཅོད་བྱས་པའི་དབང་དུ་བཏང་ནའང་།
ཁའི་ནང་གི་གདུག་རྩུབ་ཆེ་བས།
དེ་ཡང་བརྗོད་དཀའ་སྟེ།
ངོ་གདོང་གི་སྔོན་འགོག་ཁུལ་དུ།
ལྕེ་ནི་ཆེས་མཇུག་མཐའི་སྲོག་ཆགས་དེ་ཡིན།

                2021.3.22ཉིན་ལོ་ཙཱ་བྱས།
ཨའོ་སུ་ཝེའུ་ཤིན་གྱི་ཁུག་རྟ།
 
དམག་སྒར་གྱི་ལྷིང་འཇགས་ཁྲོད།
དབྱར་ཁའི་གཟའ་ཉི་མའི་ཉིན་སྐད་ཆ་མི་བཤད་པའི་སྐབས་སུ།
ཁུག་རྟས་སྐད་ཅོར་བརྒྱབ་པ་ཐོས་ཡོང་།
 
འདི་ནི་དོན་དངོས་སུ་མིའི་རིགས་ཀྱི་སྐད་ཆ་རེད་དམ།
ཤུལ་དུ་ལུས་པའི་སྐད་ཆ་མཐའ་མ་དེ་རེད་དམ།

                       2021.3.22ཉིན་ལོ་ཙཱ་བྱས།
ས་དམར་གྲགས་པས་རྒྱ་ཡིག་ནས་བསྒྱུར།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཡ་ཏིང•ཀྲ་སྐྱ་ཡེད་ཧྥུ་སུ་ཅིའི་སྙན་ངག་ཚན་པ་ལྔ།

2021-03-24 ཡཱ་ཏིང•ཀྲ་སྐྱ་ཡེད་ཧྥུ་སུ་ཅི།(ཕོ་ལན) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།