ལོ་ཙཱའི་རིན་ཐང་དཔག་ཏུ་མེད།

ཞུའི་ཅུན།(ནན་ཅིང) 琼迈文学网 2024-06-10

  སློབ་ཆེན་མཐར་ཕྱིན་ནས་ད་བར་མི་ལོ་45ཉེ་བ་འདས་ཟིན། ངའི་བསམ་པར་དོན་སྙིང་ཆེས་ཆེ་ཤོས་ནི་ལོ་ཙཱ་རེད། ངས་དེ་སྔ་ངའི་ལས་ཀ་གང་ཡིན་རུང་སྤྱིའི་ཆ་ནས་ལོ་ཙཱ་ཁོ་ན་དང་འབྲེལ་བ་ཡོད་ཅེས་ཐེངས་མང་བཤད་མྱོང་ལ་དོན་དུ་ཡང་དེ་ལྟར་ཡིན། ངས་ལོ་ཙཱ་བྱེད་པའི་ཐད། སྐད་སྒྱུར་དང་ཡིག་སྒྱུར་ཡོད་ལ་དུས་གཅིག་སྐད་སྒྱུར་ཡང་བྱས་མྱོང་། རིག་གཞུང་ལོ་ཙཱ་དང་རོགས་སྒྱུར་ཡང་བྱེད་མྱོང་། དེའི་རིང་ལས་འབྲེལ་བཟང་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཟུར་པ་ཅཱ་ལིས་ལགས་དང་མཚན་ཉིད་རིག་པ་མཁན་གྲགས་ཆེན་དྷེ་ལི་དྷ། ནོ་པེལ་རྩོམ་རིག་བྱ་དགའ་ཐོབ་མཁན་ལཱེ་ཁེ་ཚའེ་ཇི་ཨོ་སོགས་སྐུ་ཞབས་རྣམ་པ་ཡང་འགྲོགས་འདྲིས་བྱུང་། ད་དུང་ཁོང་ཚོ་འགའ་རེ་དང་གྲོགས་པོ་བློས་ཐུབ་ཆགས་སོང་། ཡིག་སྒྱུར་ནི་ངས་གཙོ་བོ་རྩོམ་རིག་ཡིག་སྒྱུར་བྱས་ཤིང་། དེ་མིན་རིག་གཞུང་བརྩམ་ཆོས་ཀྱང་ཡིག་སྒྱུར་བྱས་པ་ཡིན། ལོ་ཙཱ་བྱེད་ཞོར་དུ་ངས་ལོ་ཙཱ་ལ་བསམ་གཞིགས་དང་ཞིབ་འཇུག་ཀྱང་བྱས་ནས་ལོ་ཙཱ་བྱེད་པ་ཕུད་ལོ་ཙཱའི་ཐད་ཞིབ་འཇུག་བྱེད་ཀྱི་ཡོད། ངའི་ལས་དོན་གཙོ་བོ་ནི་ལོ་ཙཱ་སློབ་ཁྲིད། ལོ་ཙཱ་བ་དང་ལོ་ཙཱའི་འཇོན་མི་གསོ་སྐྱོང་བྱེད་པ་ཡིན། ལོ་བཅུ་གྲངས་འདི་འགའི་རིང་། ངས་རྒྱུན་ཆད་མེད་པར་ལོ་ཙཱར་འཇུག་པ་དང་ལོ་ཙཱ་སློབ་ཁྲིད་ཞིབ་འཇུག་བྱེད་དོན་ནི། ངས་ལོ་ཙཱའི་འགངས་ཆེའི་རང་བཞིན་ལ་ངོས་འཛིན་ཟབ་ནས་ཟབ་ཏུ་སྐྱེས་བྱུང་བས་ཡིན་ལ། ང་ཚོ་ཀུན་གྱིས་མི་རིགས་མི་འདྲའི་དབར་སྤེལ་རེས་དེ་ལོ་ཙཱ་དང་ཁ་བྲལ་ཐབས་མེད་པ་དང་། སྤྱི་ཚོགས་འཕེལ་རྒྱས་དེ་ལོ་ཙཱ་དང་ཁ་བྲལ་ཐབས་མེད་པ། འཛམ་གླིང་ཞི་བདེ་ཡང་ལོ་ཙཱ་དང་ཁ་བྲལ་ཐབས་མེད་པའི་དོན་དེ་རྟོགས་པས་ཡིན།

  ངས་ལོ་ཙཱར་འཇུག་པ་ནས་མགོ་བརྩམས་ཏེ་ལོ་ཙཱར་ཞིབ་འཇུག་བྱས་པ་བརྒྱུད། མིའི་རིགས་ཀྱི་དུས་ཡུན་རིང་མོའི་ལོ་ཙཱའི་ལོ་རྒྱུས་ལ་ཁ་ཕྱོགས་ཏེ། ལོ་རྒྱུས་ཀྱི་སོ་མིག་ཁྲོད་ནས་ལོ་ཙཱའི་ངོ་བོ་དང་ལོ་ཙཱའི་ནུས་པ། ལོ་ཙཱ་བའི་བྱེད་སྒོ། ལོ་ཙཱ་ཞིབ་འཇུག་གི་འཕེལ་རྒྱས། ལོ་ཙཱའི་རིག་ཚན་འཛུགས་སྐྲུན་བཅས་ལ་བསམ་གཞིགས་བྱས་པ་ཡིན། བསྒྱུར་གླིང་དཔེ་སྐྲུན་ཁང་གི་བརྩེ་བ་ཟབ་མོས་ངའི་ཡིག་སྒྱུར་ཞིབ་འཇུག་གི་འབྲས་བུ་བཏོན་པར་ཐུགས་རྗེ་ཆེ། “ཞུའི་ཅུན་གྱི་ཡིག་སྒྱུར་སྐོར་གྱི་དཔེ་ཚོགས་”འདི་ནི་ལོ་ངོ་40ལྷག་ཙམ་རིང་ལོ་ཙཱ་དང་ལོ་ཙཱ་ཞིབ་འཇུག་གི་ལམ་བུའི་ཐོག་ཏུ་ལོ་ཙཱ་ལ་བསམ་གཞིག་དང་འཚོལ་ཞིབ་བྱས་པའི་ཤུལ་རྗེས་ཡིན་ཞེས་བརྗོད་ཆོག

  ལོ་ཙཱའི་བྱེད་སྒོ་ནི་ཕུན་སུམ་ཚོགས་ཤིང་རྣམ་པ་སྣ་ཚོགས་ཡོད། ཡཱ་ཀོབ་སེན་གྱིས་ལོ་ཙཱའི་བྱེད་སྒོ་རིགས་གསུམ་ལ་དབྱེ་བ་སྟེ། རྟགས་ཁོངས་ལོ་ཙཱ་དང་། སྐད་ཁོངས་ལོ་ཙཱ། སྐད་ནང་ལོ་ཙཱ་བཅས་ཡིན། ང་ཚོས་ལོ་ཙཱ་རིག་པའི་ཁྱབ་ཁོངས་སུ་ཞིབ་འཇུག་མི་ཉུང་བ་བྱས་མྱོང་མོད། འོན་ཀྱང་སྐད་ནང་གི་ལོ་ཙཱ་ལ་ཧ་ལམ་དོ་སྣང་ཉུང་། ངས་དེ་སྔ་《གཡོལ་མི་ཐུབ་པའི་ལོ་ཙཱའི་གནད་དོན་》ཞེས་པའི་རྩོམ་ནང་དུ། “མི་རིགས་ཤིག་གི་རིག་གནས་ནི་ཟམ་མི་ཆད་པར་གསར་སྐྲུན་དང་རྒྱུན་ཆད་མེད་པར་གསོག་འཇོག་བྱས་པའི་འབྲས་བུ་ཡིན། དོན་སྙིང་ངེས་ཅན་ཞིག་གི་ཆ་ནས་བཤད་ན། ཏག་ཏག་ལོ་ཙཱས་རྟག་རྒྱུན་རིག་གནས་གསོག་འཇོག་དང་གསར་གཏོད་ལ་སྐུལ་འདེད་གཏོང་གིན་ཡོད། མི་རིགས་ཤིག་གི་རིག་གནས་འཕེལ་རྒྱས་གཏོང་བར་སྲོལ་རྒྱུན་མེད་དུ་མི་རུང་ཞིང་། དུས་རབས་མི་འདྲ་བས་སྲོལ་རྒྱུན་ལ་འགྲེལ་བཤད་དང་གོ་བ་ལེན་ཚུལ་མི་འདྲ་བས། དེས་སྲོལ་རྒྱུན་ལ་དོན་སྙིང་དང་ནང་དོན་གསར་པ་སྣོན་འགྲོ ང་ཚོས་དུས་རབས་མི་འདྲ་བར་‘བསྟན་བཅོས་བཞི་དང་གསུང་རབ་ལྔ་’ལ་རྒྱུན་ཆད་མེད་པར་‘ལོ་ཙཱ་’བྱས་པར་སོམས་དང་། རྒྱུན་ཆད་མེད་པར་གསལ་འགྲེལ་བརྒྱབ་པ་ལས་ང་ཚོས་གོ་བ་ལོན་བདེ་བར་གྱུར་ཡོད་ཅིང་། སྐད་ནང་ལོ་ཙཱ་ནི་སྲོལ་རྒྱུན་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཚུལ་ཞིག་ཡིན་ལ། དུས་ཡུན་ཐད་ནས་མི་རིགས་རིག་གནས་རྒྱུན་ཆད་མེད་པར་རྒྱུན་མཐུད་ཐུབ་པའི་འགན་ལེན་ཞིག་ཡིན་”ཞེས་བརྗོད་ཡོད།

  ལོ་ཙཱའི་རིན་ཐང་ནི་དཔག་ཏུ་མེད་པ་ཞིག་རེད། ངས་བལྟས་ན་ལོ་ཙཱའི་རིན་ཐང་ལ་ཕྱོགས་མང་པོ་ཡོད་དེ། སྤྱི་ཚོགས་ཀྱི་རིན་ཐང་དང་རིག་གནས་ཀྱི་རིན་ཐང་། སྐད་བརྡའི་རིན་ཐང་། གསར་གཏོད་ཀྱི་རིན་ཐང་། ལོ་རྒྱུས་ཀྱི་རིན་ཐང་བཅས་ཡོད། ལོ་ཙཱའི་སྤྱི་ཚོགས་དང་རིག་གནས་ཀྱི་རིན་ཐང་ཐད་ང་ཚོས་ད་ཆ་ཤེས་རྟོགས་ཆེ་ཙམ་བྱུང་ཡོད་ཅིང་། མིའི་རིགས་སྤྱི་ཚོགས་ཡོངས་ཀྱི་འཕེལ་རྒྱས་ལ་བལྟས་ན། ལོ་ཙཱས་སྐད་ཆའི་ཁྱད་པར་ལས་བྱུང་བའི་འགོག་རྐྱེན་བསལ་ནས་ཕྱོགས་གཉིས་པོས་ཕན་ཚུན་བསམ་ཤེས་བྱས་ཏེ་སྤེལ་རེས་དང་སྐད་ཆ་ཤོད་རེས་བྱེད་པར་ལམ་བུ་བཏོད་ཡོད། ལོ་ཙཱ་ལ་བརྟེན་ནས་མིའི་རིགས་ཀྱི་སྤྱི་ཚོགས་འདི་གཞི་ནས་ཕན་ཚུན་དབར་བཀག་རྒྱ་ལས་གྲོལ་ཏེ་ཕན་ཚུན་འགྲོ་འོང་དང་། སྒོ་གཏན་པ་ནས་སྒོ་ཕྱེ་བ། གུ་དོག་ནས་གུ་ཡངས་བཅས་ཀྱི་ཕྱོགས་སུ་བསྐྱོད་ཡོད། རྒྱལ་ཁབ་དང་མི་རིགས་བྱེ་བྲག་ཅིག་གི་སྤྱི་ཚོགས་དང་རིག་གནས་འཕེལ་རྒྱས་ཀྱི་ཆ་ནས་བལྟས་ན། ལོ་ཙཱ་ལ་བརྟེན་ནས་རྒྱལ་ཁབ་གཞན་པའི་སྔོན་ཐོན་ཚན་རྩལ་དང་རིག་གནས་ངོ་སྤྲོད་བྱས་པ་བརྒྱུད་དེ། ཤེས་ཡོན་ནང་འདྲེན་དང་དམངས་ཀྱི་བློ་གྲོས་གསར་འབྱེད་ཀྱིས། མི་རིགས་ཀྱི་སྙིང་སྟོབས་དང་རྒྱལ་དམངས་ཀྱི་བསམ་བློ་གསར་འཛུགས་བྱེད་ཐུབ་ཅིང་། ཐ་ན་དམིགས་བསལ་གྱི་དུས་སྐབས་སུ་སྤྱི་ཚོགས་ཀྱི་ཆབ་སྲིད་ལས་འགུལ་དང་བསྒྱུར་བཅོས་གལ་ཆེན་གྱི་ལག་ལེན་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ནུས་ཤིང་། རིག་གནས་འཛུགས་སྐྲུན་གྱི་སྟོབས་ཤུགས་ཤིག་ཏུ་གྱུར་འགྲོ་བ་ཡིན།

  ལོ་ཙཱའི་སྐད་བརྡའི་རིན་ཐང་ལྟ་བ་དེ་རྩ་བའི་ཆ་ནས་བཤད་ན། ལོ་ཙཱའི་བྱེད་སྒོས་སྐད་ཡིག་ལ་ཐོན་པའི་ནུས་པ་དང་ཤུགས་རྐྱེན་དེར་ངོས་འཛིན་ཇི་ལྟར་བྱེད་པ་དེ་ཡིན། ལོ་ཙཱ་ནི་རྩོམ་འབྲིའི་བྱེད་སྒོ་དམིགས་བསལ་ཅན་ཞིག་ཡིན་ལ། རྦད་དེ་རྩོམ་འབྲི་དངོས་དང་མཚུངས་པ་ཞིག་ཀྱང་མིན། སྐད་རིགས་གཉིས་བར་གྱི་བསྣོལ་མཐུད་དེས་“སྐད་རིགས་གསུམ་པ་”གསར་དུ་ཐོན་སླ་ཞིང་། ལོ་ཙཱ་བའི་སྒྱུར་ཡིག་ཏུ་གྲུབ་རྗེས། སྡེབ་སྦྱོར་དང་ཐ་སྙད་སོགས་ཀྱི་ཐད་ནས་འགྱུར་མ་དེ་ཕུན་སུམ་ཇེ་ཚོགས་སུ་དང་རྒྱ་བསྐྱེད་གཏོང་ཐུབ། ལེང་ཆཱི་ཁྲའོ་ཡིས་དེ་སྔ་རྒྱ་འགྱུར་ནང་བསྟན་རྩོམ་རིག་གིས་རྒྱ་ནག་སྐད་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཚུལ་ཁ་བརྡ་བྱས་མྱོང་། ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྐབས་དེ་དུས་ལྗར་པན་པས་《ནང་བསྟན་ཚིག་མཛོད་ཆེན་མོ་》ཞིག་རྩོམ་སྒྲིག་བྱས་པ་དེའི་ནང་“ཚིག་སུམ་ཁྲི་ལྔ་སྟོང་ལྷག་ཙམ་”བསྡུས་ཡོད་ཟེར། འདིར་“ཚིག་གསུམ་ཁྲི་ལྔ་སྟོང་ལྷག་ཙམ་”དེ་ཆ་ཚང་རྒྱ་ཡིག་མ་ལག་ནང་བཅུག་ཡོད་མེད་སྐོར་མི་ཤོད་ཀྱང་། ཐ་སྙད་གསར་པ་གཏོད་པའི་བརྒྱུད་རིམ་དེ་ནི་རྒྱ་ཡིག་རིམ་བཞིན་ཕུན་སུམ་ཚོགས་སུ་འགྲོ་བའི་བརྒྱུད་རིམ་ཞིག་ཡིན་པ་སྨྲོས་མ་དགོས། དེ་ལས་ཀྱང་གལ་འགངས་ཤིན་ཏུ་ཆེ་བ་ཞིག་ནི་ཐ་སྙད་གསར་པས་འདུ་ཤེས་གསར་པ་མཚོན་ཞིང་། སྐད་བརྡའི་ཐད་ཀྱི་འགྱུར་ལྡོག་གིས་ཀྱང་བསམ་བློའི་འདུ་ཤེས་དང་བསམ་མནོ་གཏོང་ཚུལ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད། དེ་ལྟར་བལྟས་ཡོང་ཚེ་ང་ཚོས་“ལྔ་བཞིའི་”ལས་འགུལ་གྱི་སྔ་རྗེས་སུ། འཕེལ་རྒྱས་ཕྱིན་པའི་ཚགས་པར་དང་དུས་དེབ་ཚང་མར་ཡིག་སྒྱུར་བརྩམས་ཆོས་བཀོད་པ་དང་། ལུའུ་ཞུན་དང་། ལིའུ་པན་ནུང་། ཧྲེན་ཡཱན་པིང། ཀྲེང་ཀྲེན་དྷོའོ། ཇི་ཆིའུ་པཱའེ་སོགས་ཀྱིས་ཀྱང་ལོ་ཙཱ་ལ་དེ་འདྲའི་དགའ་ཞེན་བྱེད་དོན་གང་ཡིན་པ་རྟོགས་ཐུབ།

  ལོ་ཙཱའི་གསར་གཏོད་རང་བཞིན་ཐད་རིག་གཞུང་གི་སྡེ་ནས་དོ་སྣང་བྱེད་རྒྱུ་ལྡེང་གི་མེད། ལོ་ཙཱ་ནི་མ་གཞི་ནས་གསར་གཏོད་རང་བཞིན་གྱི་བྱ་འགུལ་ཞིག་ཡིན་ལ། ལོ་ཙཱ་བའི་གསར་གཏོད་འཇོན་ནུས་ལ་བརྟེན་ནས་མངོན་འགྱུར་བྱེད་པ་ཡིན། ང་ཚོས་ལོ་ཙཱའི་སྤྱི་ཚོགས་དང་རིག་གནས། སྐད་བརྡ་བཅས་ཀྱི་རིན་ཐང་ལ་གྲོས་བསྡུར་བྱེད་སྐབས། དོན་དངོས་སུ་ཕྱོགས་དེ་དག་གི་ངོས་ཀྱི་ལོ་ཙཱའི་གསར་གཏོད་ནུས་ཤུགས་མངོན་པ་དེ་དང་གཅིག་ཏུ་འབྲེལ་ཡོད། “གཞི་རྩ་རང་ཉིད་”ཀྱི་སྒོ་གཏན་པའི་རང་འདོད་ལས་གྲོལ་ཏེ་“ཕྱིར་ཐོན་”ལ་ཕྱོགས་ནས་སྤེལ་རེས་འཚོལ་ཞིབ་ཀྱིས། བསམ་བློ་རྒྱ་བསྐྱེད་གཏོང་བའི་དུས་རང་ཉིད་གཞན་ལ་ཕྱིར་སྟོན་པ་དེ་ཉིད་གསར་སྙེགས་གསར་ཕྱོགས་ཀྱི་གསར་གཏོད་སྙིང་སྟོབས་ཤིག་ཡིན། དེ་དང་སྦྲགས་ལོ་ཙཱའི་ཁྲོད་ནང་འདྲེན་བྱས་པའི་“མིང་གསར་ཚིག་གསར་”གྱི་རྒྱུའམ་ས་བོན་དེ་དག་ནི་འགྱུར་མའི་སྐད་ཡིག་རིག་གནས་ཀྱི་གྲུབ་ཆར་གསོན་ཤུགས་སྦྱིན་པ་ཞིག་ཡིན་པས་གསར་གཏོད་ཀྱི་ནུས་པ་ལྡན་ཡོད།

  དེང་གི་དུས་རབས་འདིར། ངས་འཛམ་གླིང་ཅན་གྱི་སྐད་བརྡའི་ཁོར་ཡུག་ཐོག ལོ་ཙཱ་ཡི་འཁུར་དགོས་པའི་འགན་དབང་ལ་དོ་སྣང་ཆེན་པོ་བྱེད་ཀྱིན་ཡོད། ངས་བལྟས་ན། འཛམ་གླིང་ཧྲིལ་པོ་ཅན་དང་གོ་ལ་གཞི་གཅིག་ཅན་གྱིས་ལོ་ཙཱ་ལ་སྔར་ལས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་མདུན་ལྗོངས་འདོན་སྤྲོད་བྱས་ཡོད་ལ། ཕྱོགས་གཞན་ཞིག་ནས་ལོ་ཙཱ་ལ་དེ་ལས་ལྷག་པའི་འགན་དབང་གལ་ཆེན་ཞིག་སྤྲད་ཡོད། 2002ལོའི་རིང་ལས་འབྲེལ་བཟང་པོས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་གོང་མ་ཅཱ་ལིས་ལགས་ནས་ནན་ཅིང་སློབ་ཆེན་ལ་འཚམས་འདྲི་གནང་ཞིང་། ཁོང་གིས་ངས་ལོ་མང་པོའི་རིང་ལ་ལོ་ཙཱ་ལག་ལེན་དང་ཞིབ་འཇུག་བྱས་པ་མཁྱེན་རྗེས། བྱ་བ་འདིའི་གལ་ཆེན་རང་བཞིན་ལ་གདེང་འཇོག་བཟང་པོ་གནང་ཞིང་། ད་རུང་ངས་སྐབས་དེ་དུས་འབྲི་བཞིན་པའི་《ལོ་ཙཱའི་རྣམ་བཤད་》ཞེས་པར་ཚིག་གཅིག་བྲིས་ཡོད། “ལོ་ཙཱས་རིག་གནས་སྣེ་མང་ཅན་འཕེལ་རྒྱས་གཏོང་བར་ཕན་པ་ཆེ། རིག་གནས་སྣེ་མང་ཅན་གྱིས་འཛམ་གླིང་ཞི་བདེའི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པར་ཕན་ཐོགས་ཡོད་”ཅེས་གསུངས་མྱོང་། ངས་བསམ་ན་སྐད་ཆ་འདིས་ལོ་ཙཱའི་འཛམ་གླིང་ཧྲིལ་བོ་ཅན་གྱི་དུས་རབས་འདིའི་འགན་དབང་ལ་གོ་དོན་ལེགས་པོ་ཞིག་བཞག་པ་རེད། འཛམ་གླིང་ཧྲིལ་པོ་ཅན་ལ་དགེ་མཚན་ལྡན་པའི་ཕྱོགས་ཡོད་མོད། འོན་ཀྱང་དེའི་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ལ་ཡང་མཐོང་ཆུང་བྱེད་མི་རུང་། ཅཱ་ལི་ནས་ནན་ཅིང་སློབ་ཆེན་དུ་《སྐད་བརྡ་སྣེ་མང་དང་རིག་གནས་སྣེ་འཛོམས་ཅན་》བརྗོད་གཞིར་བྱས་པའི་གཏམ་བརྗོད་སྤེལ་སྐབས་ “འཛམ་གླིང་ཧྲིལ་པོ་ཅན་གྱི་འཕེལ་འགྲོས་ཀྱིས་རིག་གནས་ལ་ཐད་ཀའི་ཤུགས་རྐྱེན་བཟོ་ཞིང་། ཐ་ན་རིག་གནས་སྣེ་མང་ཅན་ལ་ཉེན་ཁ་སློང་སྲིད་”གསུངས་མྱོང་། ཁོང་གི་ཐུགས་ཁྲལ་དེ་རིགས་ནི་ཁུངས་ལུང་མེད་པ་ཞིག་མིན་ཏེ། དེང་གི་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད། རྒྱལ་ཁབ་ལ་ལས་དཔལ་འབྱོར་གྱི་སྟོབས་ཤུགས་རྨང་གཞི་བྱས་ཏེ། དཔལ་འབྱོར་ཕན་ནུས་ཀྱི་བློ་འགུག་ལ་བརྟེན་ནས། དཔལ་འབྱོར་གཞི་གཅིག་ཅན་ལ་སྐུལ་མ་གཏོང་བའི་ཁྲོད་དུ་རིག་གནས་ཀྱི་དབང་ཤུགས་གནས་བབས་ཟིན་ནས། ཐ་ན་“རིག་གནས་དབང་ཤེད་རིང་ལུགས་”ཤུགས་ཆེན་མངོན་ཡོད། གནས་སྟངས་དེ་རིགས་ལ་བལྟས་ན། སྔར་ལས་མང་བའི་མི་མང་པོས་“རིག་གནས་སྣེ་མང་ཅན་”ལ་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་སྒྲོག་པར་བསམ་ཤེས་ཐུབ་ཡོང་། དེ་ལྟར་ལོ་ཙཱ་ནི་རང་གི་གཞི་རྐང་དང་ངོ་བོའི་དབང་གིས། “རིག་གནས་སྣེ་མང་ཅན་”ལ་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི་འགན་དབང་གལ་ཆེན་འདི་འཁྱེར་ཐུབ་ལ་ངེས་པར་དུ་འཁྱེར་དགོས།

  འོ་ན་ལོ་ཙཱ་ཇི་ལྟར་བྱས་ན་ད་གཟོད་རིག་གནས་ཀྱི་སྣ་འཛོམས་ཅན་ལ་སྲུང་སྐྱོང་དང་འཛམ་གླིང་ཞི་བདེའི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་འགན་དབང་དེ་འཁྱོགས་ཐུབ་བམ་ཞེ་ན། ཞིབ་འཇུག་བརྒྱུད་ངས་རྟོགས་དོན། ང་ཚོས་རིག་གནས་རིས་མེད་ཀྱི་བགྲོ་གླེང་དང་སྤེལ་རེས་ཀྱི་མཐོ་ཚད་དང་ཟབ་ཚད་ཐོག་ནས་ལོ་ཙཱ་ལ་ངེས་ཤེས་འདྲོངས་དགོས་འདོད་དེ། ལྷག་པར་གནད་དོན་གཙོ་བོ་ཁག་ཅིག་ཡོད། གཅིག་ནི་ལོ་ཙཱའི་ངོ་བོ་ལ་གོ་བ་ལེན་སྐབས། ལོ་ཙཱ་དེ་ཉིད་“རིག་གནས་རིས་མེད་ཀྱི་བགྲོ་གླེང་བྱེད་སྒོ་”ཞིག་ཡིན་པའི་ངོས་འཛིན་རྒྱུན་འཁྱོངས་དགོས། ལོ་ཙཱ་ནི་སྐད་བརྡ་བརྗེ་སྒྱུར་གྱི་བྱ་འགུལ་ཞིག་ཡིན་ལ་དེ་ལས་ཀྱང་རིག་གནས་རིས་མེད་ཀྱི་བགྲོ་གླེང་ཞིག་ཡིན། ལོ་ཙཱས་འཛམ་གླིང་དཔལ་ཡོན་ཡར་རྒྱས་འགྲོ་བའི་བརྒྱུད་རིམ་ཁྲོད་དམིགས་གསལ་ཐོན་མིན་གྱི་གོ་བབས་གལ་ཆེན་ཟིན་ཡོད། སྐད་བརྡ་དང་རིག་གནས་རིགས་ཁག་དབར་གྱི་“སྤོ་སྒྱུར་བ་”ཡིན་པའི་ཆ་ནས། ལོ་ཙཱ་བས་ “རིག་གནས་སྣ་འཛོམས་ཅན་”དང་དེའི་འགངས་ཆེན་རང་བཞིན་ལ་དེ་བས་ཀྱང་མྱོང་བ་དང་ངེས་ཤེས་ཟབ་མོ་ལྡན་དགོས་ཤིང་། དེར་བརྟེན་འགན་འཁྲི་ཡང་ལྗིད་པོ་འཁྱེར་དགོས་བྱུང་། དེས་ན་ལོ་ཙཱར་ཡང་དག་པའི་ངེས་ཤེས་རྙེད་པ་དང་ལོ་ཙཱའི་རིག་གནས་རིས་མེད་སྤེལ་རེས་ཀྱི་ངོ་བོ་གསལ་པོར་རྟོགས་ཐུབ་ཚེ། གཞི་ནས་ལོ་ཙཱ་བས་རང་ཉིད་ཀྱི་ལོ་ཙཱའི་ལག་ལེན་ཁྲོད་རིག་གནས་ཀྱི་རྒྱུན་རྒྱུ་ལ་ཚོར་ཤེས་ཟབ་ཏུ་འགྲོ་ཐུབ་ཅིང་། རིག་གནས་ཀྱི་རྒྱུན་རྒྱུ་ཉར་ཚགས་དང་རྒྱུད་སྤེལ་བྱེད་པར་སྔར་ལས་གཟབ་ནན་སྐྱེ་ཐུབ། གཉིས་ནི་ལོ་ཙཱ་བྱེད་རིང་། འདྲ་མཉམ་གྱི་ཀུན་སློང་བཅངས་ཏེ་སྐད་བརྡ་མི་གཅིག་པའི་དབར་བཟང་སྤྱོད་སྐྱོང་དགོས། ཅཱ་ལི་ནས་ནན་ཅིང་སློབ་ཆེན་དུ་《སྐད་བརྡ་སྣེ་མང་དང་རིག་གནས་སྣེ་འཛོམས་ཅན་》བརྗོད་གཞིར་བྱས་པའི་གཏམ་བརྗོད་སྤེལ་སྐབས་གསུངས་དོན། སྐད་བརྡ་སྣེ་མང་ཅན་དང་རིག་གནས་སྣེ་འཛོམས་ཅན་གྱི་དབར་འབྲེལ་བ་ཧ་ཅང་ཟབ་མོ་ཡོད་ཅིང་། སྐད་ཆ་སྣེ་མང་ཅན་ནི་རིག་གནས་སྣེ་མང་ཅན་ལ་སྲུང་སྐྱོང་བྱེད་པའི་གཞི་རྩའི་ཆ་རྐྱེན་ཡིན་ཞིང་། འཛམ་བུ་གླིང་གི་དམངས་གཙོ་དང་ཞི་བདེ་ནི་སྐད་བརྡ་དང་རིག་གནས་ཀྱི་སྣེ་མང་ཅན་ལ་རག་ལས་ཡོད། དེ་ཡང་ཁོང་གི་བསམ་ཚེ། “སྐད་བརྡ་རིགས་གཅིག་གིས་རིག་གནས་སྣེ་གཅིག་དང་བསམ་བློ་རིགས་གཅིག་མཚོན་པ་ཡིན། མཐར་ཐུག་ན་དེས་འཇིག་རྟེན་གྱི་ལྟ་བ་གཅིག་རྐྱང་སྟོན་པ་ཡིན། གལ་ཏེ་ང་ཚོས་སྐད་བརྡ་རྐྱང་པ་གཅིག་བེད་སྤྱད་ཚེ། དམིགས་བསལ་དབང་ཆ་ཅན་གྱི་ཁྱུ་ཚོགས་གཅིག་གསར་དུ་ཐོན་ངེས་ཡིན། དེ་ནི་‘སྨྲ་བརྗོད་’ཐད་ཀྱི་དམིགས་བསལ་དབང་ཆའི་ཁྱུ་ཚོགས་ཐོན་རྒྱུ་རེད་” གལ་ཏེ་ལོ་ཙཱས་སྐད་བརྡ་སྣ་མང་ཅན་ལ་སྲུང་སྐྱོང་བྱེད་པར་བྱས་རྗེས་འཇོག་དགོས་ཚེ། རིག་གནས་ཕྱིར་སྤེལ་དང་བགྲོ་གླེང་གི་འདོད་ཚུལ་རྒྱུན་འཁྱོངས་བྱ་དགོས། གསུམ་ནི་ལོ་ཙཱའི་སྙིང་སྟོབས་དར་སྤེལ་གྱིས། ལོ་རྒྱུས་ཀྱི་ལོ་ཙཱར་སྤྲད་པའི་འགན་དབང་དེ་ཉིད་བློ་སྤོབས་ཆེན་པོས་ཐེག་དགོས། ནན་ཅིང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་ཁྲེང་ཀྲང་ཚན་ལགས་ཀྱིས་དེ་སྔ་ངའི་《ལོ་ཙཱའི་རྣམ་བཤད་》བཀླགས་རྗེས། མྱོང་རྟོགས་ཟབ་གསལ་གྱི་ཕྱུག་པའི་ཟིན་ཐོ་ཞིག་ཡོད་དེ། དེའི་ནང་ཁོང་གིས་བསྟན་དོན། ད་ཆ་ང་ཚོ་ལོ་ཙཱའི་དུས་རབས་ཤིག་ཏུ་བསླེབས་ཡོད་ཅིང་། ལོ་ཙཱའི་དུས་རབས་སྣང་མེད་དུ་མི་རུང་བ་ནི་ལོ་ཙཱའི་སྙིང་སྟོབས་ཡིན་ཞེས་དང་། ཁོང་གི་ངས་ལོ་ཙཱའི་ངོ་བོར་བཞག་པའི་གོ་དོན་ལས་འཕྲོས་དེ། ལོ་ཙཱའི་སྙིང་སྟོབས་དེ་ཉིད་“སྤེལ་རེས། རྒྱུན་འཛིན། འབྲེལ་འདྲིས། གསར་གཏོད་དང་འཕེལ་རྒྱས་”བཅས་ཕྱོགས་ལྔ་ཡི་ཐད་ནས་ཕྱོགས་བསྡོམས་གནང་ཡོད། དོན་དངོས་ཐོག་ང་ཚོས་རིག་གནས་མི་གཅིག་པར་བརྩི་འཇོག་བྱེད་པར་འབོད་སྐུལ་བྱེད་པ་ནི། ལོ་ཙཱ་བྱེད་པའི་ཁྲོད་སྐད་ཆ་དང་རིག་གནས་ཀྱི་ཁྱད་པར་དེ་བསྐྱར་དུ་མངོན་རྒྱུར་འབད་པ་ཡིན་ལ། དེ་དག་ཚང་མ་ལོ་ཙཱའི་སྙིང་སྟོབས་ཀྱི་ཕྱིར་མཚོན་ཞིག་ཀྱང་རེད། ལོ་ཙཱའི་སྙིང་སྟོབས་འདི་ཉིད་དར་སྤེལ་གཏོང་བ་དེ། དོན་ངོ་མར་ལོ་ཙཱའི་གནས་གཞི་ཡང་དག་བཏོད་པ་དང་ཆབས་ཅིག བློ་སྤོབས་ཆེན་པོས་སྐད་བརྡ་དང་རྩོམ་རིག རིག་གནས། སྤྱི་ཚོགས། ལོ་རྒྱུས་སོགས་ཕྱོགས་ཁག་དུ་མའི་ཐད་ཀྱི་ལོ་ཙཱའི་འགན་དབང་དེ་ཉིད་འཁྱོགས་པ་ཡང་ཡིན། ཅཱ་ལིས་ནས་གསུངས་པའི་“རིག་གནས་སྣེ་མང་ཅན་འཕེལ་རྒྱས་བཏང་ནས། འཛམ་གླིང་ཞི་བདེའི་རིག་གནས་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས་”ཞེས་པའི་ལོ་རྒྱུས་ཀྱི་འགན་དབང་དེ་ཉིད་དེའི་ནང་རང་བཞིན་དུ་ཚུད་ཡོད།

  ལོ་ཙཱ་ལ་བསམ་གཞིགས་དང་ཞིབ་འཇུག་བྱས་པ་དང་ཆབས་ཅིག ལོ་ངོ་30ལྷག་ཙམ་རིང་། ངས་ལོ་ཙཱ་སློབ་ཁྲིད་དང་ཞིབ་འཇུག་གི་ལས་རིགས་གཅིག་པའི་སྡེ་དང་མཉམ་དུ་ད་བར་ལོ་ཙཱའི་རིག་ཚན་འཛུགས་སྐྲུན་ལ་ཧུར་བརྩོན་བྱས་པ་ཡིན། དོན་དེའི་ཐད་ང་ཚོའི་འབད་བརྩོན་ད་བར་མཚམས་འཇོག་མྱོང་མེད། ཀྲུང་གོའི་ལོ་ཙཱ་མཐུན་ཚོགས་དབུ་བརྙེས་ནས་ལོ་ངོ་སུམ་ཅུ་འཁོར་བའི་སྐབས། ངས་《ཀྲུང་གོའི་ལོ་ཙཱ་》ཡི་ཐོག་ཏུ་ཁ་བྱང་ལ་《ལོ་ཙཱའི་ཞིབ་འཇུག་གི་བཀོལ་སྤྱོད་དང་དེའི་ཁ་ཕྱོགས་ཡུལ་》བྱ་བའི་རྩོམ་རིང་ཞིག་བྲིས་པ་ཡིན། དེ་སྔ་མི་མང་པོས་རྟག་རྒྱུན་“ལོ་ཙཱ་ལ་རིག་པའི་གཞུང་ལུགས་མེད་”བཤད་ཀྱི་ཡོད། ད་ཆ་ལོ་ཙཱའི་གཞུང་ལུགས་དངོས་སུ་ཡོད་ཀྱང་མི་ཉུང་བ་ཞིག་གིས་ཡང་“རིག་གཞུང་ལ་བེད་སྤྱོད་མེད་”ཟེར། འདི་ལྟ་བུའི་ཉེར་སྤྱོད་རིང་ལུགས་ཀྱི་རྣམ་འགྱུར་དེས་ལོ་ཙཱའི་ཞིབ་འཇུག་ལ་གནོད་པ་མི་ཉུང་བ་ཕོག་གིན་ཡོད་ཅིང་། ང་ཚོས་ལོ་ཙཱའི་ངོ་བོར་བསམ་བློའི་ངོས་འཛིན་དང་། ལོ་ཙཱའི་བརྒྱུད་རིམ་ཁྲོད་ཀྱི་ཕྱོགས་མང་ཞིབ་འཇུག ལོ་ཙཱའི་རིན་ཐང་སྣ་མང་ཅན་སྟོན་པའི་དགོས་མཁོ་སོགས་ལ་འགོག་རྐྱེན་ན་ཚབས་ཆེན་བཟོ་བཞིན་ཡོད། ང་རང་ཉིད་ཀྱི་ལོ་ཙཱའི་ལག་ལེན་རྒྱུད་རིམ་ཁྲོད་གཞུང་ལུགས་ཀྱི་རེ་འདུན་ཁ་གསལ་ཡོད་ལ་དོན་དེ་ངས་ཧ་ཅང་གལ་ཆེན་པོར་ངོས་འཛིན་གྱི་ཡོད། རིག་གཞུང་གི་འདུ་ཤེས་ཀྱིས་ལོ་ཙཱ་བས་མ་རྩོམ་འདེམ་པ་དང་། མ་རྩོམ་ལ་ཞིབ་འཇུག ལོ་ཙཱའི་འཆར་འགོད་གཏན་འཁེལ། ཞིབ་ཕྲའི་གནད་དོན་ཐག་གཅོད་བྱེད་པ་སོགས་སོགས་ཀྱི་ཕྱོགས་ལ་ཕན་ནུས་ཧ་ཅང་ཆེན་པོ་ཐོན་གྱི་ཡོད། དེ་ནས་ལོ་ཙཱའི་བྱེད་སྒོའི་ཉམས་མྱོང་ཕྱོགས་སྡོམ་དང་རིག་གཞུང་རིམ་སྤོར་གྱིས་སླད་ཕྱིན་དེ་བས་ཀྱང་རང་གཞན་གཉིས་ཀྱི་ལོ་ཙཱའི་ལག་ལེན་ཁྲོད་བློ་སྒོ་ཕྱེ་བ་དང་ཕན་ཚུན་རོགས་ཕན་ཐུབ་ཏེ། ལག་ལེན་ཁྲོད་ལོང་བའི་སྦར་ཉུལ་གྱི་ལྐུགས་རྟགས་ལས་གཡོལ་ཐུབ། དཔེ་ཚོགས་འདིའི་ནང་བསྡུས་པའི་རྩོམ་ཡིག་《རྩོམ་རིག་ལོ་ཙཱའི་དཔྱད་བརྗོད་དང་དག་ཞུས་ཞིབ་འཇུག་ 》《རྩོམ་རིག་ལོ་ཙཱའི་གཞུང་ལུགས་དང་ལག་ལེན་——ལོ་ཙཱའི་ཁ་བརྡ་》《ཡི་གེ་·རྩོམ་རིག་·རིག་གནས་—〈དམར་པོ་དང་ནག་པོ་〉རྒྱ་འགྱུར་མ་ཞིབ་འཇུག་》ནི། དེའི་ཐད་འཚོལ་ཞིབ་བྱས་པའི་རྩོམ་ཏིག་ཡིན།

  དོན་དངོས་སུ། ཆེས་བབ་ཆགས་པའི་ལོ་ཙཱའི་བསམ་གཞིགས་ནས། དེ་རིང་གི་བལྟ་ཕྱོགས་དང་ཐབས་ཤེས་མང་བའི་ཚན་རིག་དང་མཐུན་པའི་གཞུང་ལུགས་བར། ལོ་ཙཱའི་ཞིབ་འཇུག་གིས་མི་རྣམས་ལ་རྒྱུན་ཆད་མེད་པར་ལོ་ཙཱའི་ངོ་བོར་གོ་བ་ཇེ་ཟབ་ཏུ་ལེན་པའི་སྐུལ་མ་ཐེབས་ཀྱིན་ཡོད་ཅིང་། མི་རྣམས་ཀྱིས་ལོ་ཙཱའི་རྙོག་འཛིང་རང་བཞིན་དང་གལ་ཆེའི་རང་བཞིན་ལ་ངོས་འཛིན་ཇེ་ཟབ་ཏུ་སོང་ཡོད། གལ་ཏེ་ལོ་ཙཱའི་སྐད་བརྡ་རིག་པའི་ཞིབ་འཇུག་མེད་ཚེ། ལོ་ཙཱའི་བྱེད་སྒོ་དེ་ཉིད་ད་དུང་ཉམས་མྱོང་ལེན་རིང་ལུགས་ཀྱི་འཕེལ་རིམ་དེ་ཁོ་ནར་ལུས་ཡོད་སྲིད། གལ་ཏེ་ལོ་ཙའི་རིག་གནས་ཞིབ་འཇུག་མེད་ཚེ། ང་ཚོས་ད་དུང་ལོ་ཙཱའི་བྱ་སྤྱོད་ལ་ཚོད་འཛིན་པའི་ལམ་ལུགས་ལ་འདི་ལྟ་བུའི་ཕྱོགས་ཡོངས་ཀྱི་རང་རྟོགས་འདུ་ཤེས་འབྱུང་མི་ཐུབ། དེ་བས་ལོ་ཙཱར་གོ་བ་ལོན་ཚད་ཟབ་ཏུ་ཕྱིན་པ་དེས། མི་རྣམས་ཀྱི་སྤྱི་ཚོགས་འབྲེལ་འདྲིས་དང་རིག་གནས་རྒྱུད་འཛིན། སྐད་ཆའི་བགྲོ་གླེང་། གསར་གཏོད་སྙིང་སྟོབས་དང་ལོ་རྒྱུས་ཀྱི་འཕེལ་རྒྱས་སོགས་ཕྱོགས་མང་པོའི་མཐོང་སྣེ་རྒྱུད་ལོ་ཙཱའི་རིན་ཐང་ལ་ལྟ་བ་དང་། ལོ་ཙཱའི་གལ་ཆེན་རང་བཞིན་ལ་སྔར་བས་ཀྱང་ཕྱོགས་ཡོངས་ནས་ངེས་ཤེས་སྐྱེས་ཤིང་། དེས་རིག་གནས་སྣེ་མང་ཅན་ལ་སྲུང་སྐྱོང་བྱེད་པར་ཕན་ཆ་ཆེ་ལ། འཛམ་གླིང་ཞི་བདེར་སྐུལ་མ་གཏོང་བར་ལོ་ཙཱའི་གལ་ཆེན་རང་བཞིན་དེ་སྔར་བས་ཀྱང་མངོན་པར་བྱེད། ངའི་ལོ་ཙཱར་འཚོལ་ཞིབ་བྱས་པའི་འདས་སོང་གི་ལམ་བུར་ཕྱིར་འདང་རྒྱབ་ཚེ། རང་ཉིད་ཀྱི་རིག་གཞུང་མཐོང་རྒྱ་རྒྱུན་ཆད་མེད་པར་རྒྱ་ཇེ་ཡངས་དུ་བསྐྱེད་པ་དང་། ལོ་ཙཱའི་གཞུང་ལུགས་གཞུང་ལུགས་ཐད་རྒྱུན་ཆད་མེད་པར་བསམ་གཞིགས་གཏིང་ཇེ་ཟབ་ཏུ་ཕྱིན་པ་ཤེས་བྱུང་། ཁོ་བོའི་《ལོ་ཙཱའི་རྣམ་བཤད་》《ལོ་ཙཱ་རིག་པ་གླེང་བ་》《དུས་རབས་ཉི་ཤུ་པར་ཧྥ་རན་སིའི་རྩོམ་རིག་ཀྲུང་གོར་ཡིག་སྒྱུར་དང་དང་ལེན་བྱས་པའི་སྐོར་》《ཧྥུ་ལེ་ལོ་ཙཱ་ཞིབ་འཇུག》སོགས་ཀྱི་ཆེད་རྩོམ་གནང་། གཅིག་བསྡུས་ཐོག་ང་དང་ལོ་ཙཱའི་སྡེ་ཡི་ལས་རོགས་ཚོས་ལོ་ཙཱའི་གཞུང་ལུགས་དང་རྩོམ་རིག་ལོ་ཙཱ། ལོ་ཙཱ་མཁན་ཞིབ་འཇུག་སོགས་ཀྱི་ཐད་སྒྲུབ་པའི་ལས་འགན་གལ་ཆེན་རྣམས་མཚོན་ཡོད།

  ལོ་ཙཱའི་ཞིབ་འཇུག་གིས་ང་ཚོས་འགྲོ་བ་མིའི་རིགས་ཀྱི་སྤེལ་རེས་ལོ་རྒྱུས་ལ་གོ་བ་ལེན་པ་དང་འཚོལ་ཞིབ་བྱེད་པའི་ཐད་ལམ་བུ་གསར་པ་ཞིག་ཕྱེ་ཡོད། ལོ་ཙཱ་ནི་འགྲོ་བ་མིས་རིག་གནས་རིས་མེད་སྤེལ་རེས་བྱེད་པའི་ཐབས་ཤེས་གལ་ཆེན་ཞིག་ཡིན་ཞིང་། དེ་བས་ང་ཚོས་ལོ་ཙཱའི་ལོ་རྒྱུས་ནི། རིག་གནས་སྤེལ་རེས་ཀྱི་ལོ་རྒྱུས་ཤིག་ཡིན་ཞེས་ཁ་ཚོན་བཅད་ཆོག ལོ་ཙཱ་རིག་པའི་ཤེས་ཡོན་པ་ཞིག་ཡིན་པའི་ཆ་ནས། ངས་ལོ་ཙཱའི་ལོ་རྒྱུས་ཡུན་རིང་ཞིང་། རྣམ་པ་ཕུན་སུམ་ཚོགས་པ། ལོ་ཙཱའི་གནད་དོན་མང་པོ་ཞིག་ལ་ང་ཚོས་མུ་མཐུད་དེ་ཞིབ་འཇུག་དང་འཚོལ་ཞིབ་བྱ་དགོས་པའི་ངོས་འཛིན་གསལ་པོ་ཐོབ་བྱུང་། དེར་བརྟེན་དཔེ་ཚོགས་འདི་ནི་ཕྱིར་སྤེལ་ཅན་ཞིག་ཡིན་ལ། ངས་སྔར་ལས་འབད་བརྩོན་ལྷོད་མེད་བྱས་ཏེ་ཀློག་པ་པོ་རྣམས་ལ་ལོ་ཙཱའི་ཞིབ་འཇུག་གི་འབྲེལ་ཡོད་གྲུབ་འབྲས་གསར་པ་འབུལ་རྒྱུ་ཡིན།

                                                                                     ཨུ་རྒྱན་གྱིས་རྒྱ་ཡིག་ནས་བསྒྱུར།

   2020ལོའི་ཟླ་10ཚེས་22ཉིན། ནན་ཅིང་ཧོང་ཕུའུ་མེ་ཏོག་ལྡུམ་རར།
     2023ལོའི་ཟླ་9པར། ལྷ་སར་བསྒྱུར་གྲུབ།
     2024ལོའི་ཟླ་6པར་སྒྱུར་ཞུས་གྲུབ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལོ་ཙཱའི་རིན་ཐང་དཔག་ཏུ་མེད།

2024-06-10 ཞུའི་ཅུན།(ནན་ཅིང) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།