གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ཟོན་ཐར་རྒྱལ་གྱི་གློག་བརྙན་གསར་བ《གཙང་བོ》ཞེས་པ་ཕབ་སྐྲུན་ལེགས་འགྲུབ་བྱུང་བ།

  • མེ་ཏོག་གངས་ལྷ།ip:42.89.62.*
    2016-03-31 13:55:26
    མིང་དུ་གྲགས་པ་ཡིན་མིན་དང་བྱ་དགའ་གང་ཐོབ་གཙོ་བོ་མིན་ལ།གཙོ་བོ་ནི་རང་མི་རིགས་ཀྱི་ཁྱད་དུ་འཕགས་པའི་རིག་གནས་དང་བསམ་བློ་དག་མི་རིགས་གཞན་དག་ལ་བག་ཆགས་ཟབ་མོ་འཇོག་ཐུབ་པ་དེ་ནི་གློག་བརྙན་བརྩམས་ཆོས་ཀྱི་ཡང་སྙིང་ཡིན་སྙམ།
  • གངས་རི་བ།ip:220.167.157.*
    2015-01-24 22:27:59
    གློག་བརྙན་ཞིག་བསྐྲུན་པའི་ལེགས་བརྗོད་བྱེད་དགོས་དོན་མེད་ལ།  བྱ་དགའ་ཞིག་བླངས་པའི་ཡ་མཚན་དོན་མེད།
    གཙོ་བོ་གློག་བརྙན་པ་འདི་དག་གིས་བརྩམས་ཆོས་ལ་ཞིབ་གཟིགས་དང་དཔྱད་པ་ཟབ་མོ་ཞིག་ཐོངས་་དང་། ་ བོད་མི་རིགས་རང་ཉིད་ཀྱི་བསམ་བློའི་སྲོག་ཤིང་དང་རིན་ཐང་གི་ལྟ་བ་དེ་དང་འགལ་ཡོད་འདུག་ཤེས་ཐུབ།  དཔེར་ན་་གློག་བརྙན་་ལྷིང་འཇགས་ཀྱི་མ་ནི་རྡོ་འབུམ་དང་།་  ཁྱི་རྒན་སོགས་ལ་ལྟ་དཔྱད་ཞིབ་མོ་ཞིག་རྒྱོབས་དང་།  དེ་ཅི་ཞིག་གི་ལྟ་བ་ཡིན་པ་དང་དེ་མི་རིགས་གང་ཞིག་གི་འདུ་ཤེས་སྒྲིག་གཞིའི་ནང་མཐུན་སྦྱོར་་བྱེད་ཐུབ་པ་ཤེས་ཐུབ།
  • མེ་དམར་པོ།ip:119.6.73.*
    2015-01-13 15:39:13
    ཟོན་ཐར་རྒྱལ་ནི་རེ་བ་ཡོད་པའི་སྒྱུ་རྩལ་བ་ཞིག་ཡིན།
  • འཚིག་རོ།ip:106.39.255.*
    2015-01-12 21:52:00
    རེ་བས་སྒུག་ཡོད།
  • ཀློའུ།ip:118.183.64.*
    2015-01-09 19:40:59
    དྲ་ཐོག་ནས་ལྟ་ཐུབ་བམ།
  • གཅན་གཟན།ip:114.69.245.*
    2015-01-06 17:54:10
    ཨོ་ཡང་འཁྲབ་འཁྲིད་པ་ཟོན་ཐར་རྒྱལ་གྱི་གློག་བརྙན་(གཙང་པོ།)ཞེས་པ་ཞིག་ཕབ་བསྐྲུན་གྲུབ་ནས་འགྲེམས་སྤེལ་བྱ་ལ་ཉེ་བ་གོ་ཞིང་ཤེས་པས་དགའ་སོང་། རང་མི་རིགས་ཀྱི་འཚོ་བའི་སྣང་བརྙན་མཚོན་ལ། གློག་བརྙན་སྒྱུ་རྩལ་གྱི་ཁྱད་ཆོས་འབུར་དུ་ཐོན་པའི་གློག་བརྙན་ཞིག་ཡིན་པའི་རེ་བ་ཆེ། ཁོའི་(དབུས་ལམ་གྱི་ཉི་མ།) ཞེས་པའི་གློག་བརྙན་དེ་ངོ་མས་གཅིག་ཡག་ཐལ། (གཙང་པོ།)ཞེས་པའི་གློག་བརྙན་འདི་ཕྱོགས་གང་ཅིའི་ཐད་ནས་དེ་ལས་ཀྱང་ལེགས་པའི་སྨོན་འདུན་ཞུ།
  • བདེན་པ།ip:119.6.73.*
    2015-01-06 15:54:15
    བོད་ལ་གློག་བརྙན་བཟོ་མཁན་གྱི་མི་མང་པོ་ཡོད་ནའང་ཆེད་ལས་ཀྱི་འཇོན་ཐང་དམན་པ་དང་། སྒྱུ་རྩལ་གྱི་རྟོགས་པ་དམའ་བ། སྤྱི་བའི་དཔུང་རོགས་ཞན་པ་སོགས་ཆ་རྐྱེན་སྣ་ཚོགས་ཀྱིས་མནར་ཡོད། ཟོན་ཐར་རྒྱལ་དང་པད་མ་ཚེ་བརྟན་གཉིས་ནི་དེའི་ཕྱོགས་ནི་ཡོན་ཏན་ཡོད་པ་དང་མཐུན་རྐྱེན་འཛོམས་པའི་སྐྱེ་བོ་གཉིས་ཡིན། རྗེས་མར་ཁོང་གཉིས་ཀྱིས་མིའི་འཇིག་རྟེན་གྱི་གཏམ་རྒྱུད་མང་པོ་ཤོད་པ་དང་། རང་གི་ཁྱད་ཆོས་ལྡན་པར་བྱེད་ལ་བརྩོན་པའི་རེ་བ་ཡོད། འཛམ་གླིང་སྒང་ལ་ངོ་མཚར་བའི་ལྟད་མོ་སྣ་ཚོགས་སྟོན་པའི་རེ་བ་ཡོད།
  • ཁྱུང་ཁྱུང་།ip:58.135.108.*
    2015-01-06 13:15:16
    པར་གཞི་གསར་པར་དཔྱད་མཆན་འཇོག་མཁན་ཉུང་བ་འདི་གནད་དོན་ཅིག་རེད། སྔོན་མ་འདྲ་པོ་ཡིན་ན་ཐད་ཀར་སྤེལ་པས་ཆོག་ལ་མིང་དང་ར་སྤྲོད་ཨང་སོགས་འབྲི་དགོས་ཀྱི་མེད་མོད། ད་འདི་བྱུང་ན་བལྟས་པ་ཙམ་གྱིས་མི་བདེ་བའམ་གཞན་གྱིས་བལྟས་བསྡད་ཡོད་པའམ།  མདོར་ན་ཀློག་མཁན་དང་དྲ་བའི་ཁ་ཐག་ཇེ་རིང་དུ་བཏང་འདུག   སྐྱོན་འདི་ཇུས་འགོད་ལས་བྱུང་བ་རེད་སྙམ། སྔོན་མའི་མཆན་འགོད་སྟངས་ཡི་གེ་ཞིག་བྲིས་ནས་སྤེལ་ན་དེས་ཆོག་པས་སྟབས་ཤིན་ཏུ་བདེ་བས་འདྲིས་ཡང་སླ་མོད། ད་ལྟའི་འདིར་སྔོན་མའི་མོས་མཁན་ཞིག་གིས་ཨུ་ཚུགས་ལྟ་བུས་དཔྱད་མཆན་ཞིག་འཇོག་ཏུ་ཆུགས་ཀྱང་། རྗེས་མ་འཇོག་དུས་ཡང་གོ་རིམ་འདི་དག་བརྒྱུད་དགོས་པས་རྙོག་དྲ་ཆགས་འདུག
  • བདེན་པ།ip:101.254.180.*
    2015-01-06 12:55:41
    འདིའང་ཟོན་ཐར་རྒྱལ་གྱི་གློག་བརྙན་སྔོན་མ་དབུས་ལམ་གྱི་ཉི་མ་བཞིན་ཡག་པར་སྨོན། སྐུ་ཚེགས་མྱངས་སོང་། གློག་བརྙན་མཁན་པོ།
  • གཡགip:182.151.214.*
    2015-01-06 11:22:40
    པར་གཞི་གསར་བ་ལ་དཔྱད་མཆན་འགོད་མཁན་མང་པོ་མེད་པ་ཅི་ལན་ནམ།