གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ལྡོང་བུས་བསྒྱུར་པའི《རྒྱལ་སྲས་ཆུང་ཆུང》ཞེས་པའི་བྱིས་སྒྲུང་དེབ་པར་དུ་བསྐྲུན་པ།

  • དགྲ་སྟ།ip:106.120.105.*
    2017-01-19 16:31:43
    《རྒྱལ་སྲས་ཆུང་ཆུང》ལ་མཚོན་ན་བོད་དུ་འགྱུར་མ་ཆེས་མང་པོའི་ཕྱི་རྩོམ་གཅིག་པུར་ཆགས་འདུག  དེ་ནི་བོད་ཀྱི་རྩོམ་རིག་ལོ་ཙྰའི་ངོས་ཐད་ནས་བལྟས་ན་དགའ་འོས་པ་ཞིག་རེད་ལ།  ལྷག་པར་སྐུ་ཞབས་ལྡོང་བུ་ལགས་ཀྱིས་བསྒྱུར་བའི《རྒྱལ་སྲས་ཆུང་ཆུང》ནི་བོད་འགྱུར་སྔོན་མ་གཉིས་ལས་ཕྱོགས་གང་ཐད་ནས་ཀྱང་ཡག་པོ་འཁྱོངས་འདུག་བསམ་སོང་།   དེ་བས་འདིར་ཆེད་དུ་སྐུ་ཞབས་ལྡོང་བུའི་ལོ་ཙྰ་བྱ་བཞག་དབྱར་མཚོ་བཞིན་རྒྱས་པའི་སྨོན་ལམ་བཏབ་པ་ཡིན་ལ། བོད་འགྱུར་སྔ་མ་གཉིས་ཀྱི་ལོ་ཙྰ་བ་སྐུ་ཞབས་སྙན་བཟང་གཡུང་དྲུང་ཚེ་རིང་དང་ཀིརྟི་སྐྱབས་གཉིས་ལའང་རྟེན་འབྲེལ་ཞུས་པ་ཡིན།  བོད་ཀྱི་ལོ་ཙྰར་མཚོན་ན་འགྱུར་མ་དེབ་གཅིག་ཐོན་ནའང་དགེ་བ་བསམ་གྱིས་མི་ཁྱབ་པ་བསག་པ་དང་ཅི་ཁྱད། དེ་བས་ལོ་ཙྰ་བ་དག་གི་ངོ་སོ་བསྟོད།  ཞོར་ལ་རང་གི་བསམ་ཚུལ་ཙམ་བརྗོད་པ་ལ། བོད་ཀྱི་རྩོམ་རིག་ལོ་ཙྰ་ལ་རྫོགས་ལྡན་གྱི་དུས་བཟང་ཞིག་ཤར་དགོས་ན་བོད་ཀྱི་སྐད་གཉིས་སྨྲ་མཁན་དང་སྐད་མང་སྨྲ་མཁན་གྱི་རྩོལ་བར་བརྟེན་དགོས་པ་ནི་སྨོས་ཅི།  དེ་ལ་གཞན་སྐད་ཤེས་པ་ཙམ་གྱིས་མི་ཆོག་པར་རང་སྐད་ལ་བྱང་ཆུབ་པའི་རྨང་གཞིའི་སྟེང་རྩོམ་རིག་ལོ་ཙྰར་འཇུས་ན་གཟོད་མཆོག་གི་འབྲས་སུ་ཐོབ་སྲིད་མོད་རང་སྐད་མགོ་ཆག་ལབ་རྡོལ་དུ་གྱུར་པ་ཞིག་གིས་རྩོམ་རིག་ལོ་ཙྰར་འཇུག་པ་དེའང་སྨྱོན་པའི་ལག་ལ་རལ་གྲི་ཤོར་བ་དང་ཅི་ཁྱད་བསམ་བྱུང་།
  • ངག་དབང་།ip:117.136.0.*
    2017-01-08 09:52:22
    འདི་རིང་སྔ་དྲོར་བཀླགས་གྲུབ། ལྡོང་བུ་ལགས་ལ་བཀའ་དྲིན་ཆེ་ཞུ།
  • ཁམས་གསེར་ཐིགip:113.140.51.*
    2016-12-22 11:12:43
    སྔོན་མ་ལོ་ཙཱ་བ་གང་གིས་དཔེ་དེབ་འདི་ལ<<རྒྱལ་སྲས་གཞོན་ནུ།>>ཞེས་བསྒྱུར་ཡོད་པ་མཐོང་། ད་རེབ་རྒན་པ་ལྡོང་བུས་<<རྒྱལ་སྲས་ཆུང་ཆུང་།>>ཞེས་བསྒྱུར་བའི་འགྱུར་གསར་བ་ཞིག་ཀྱང་ཐོན་འདུག  དཔེ་དེབ་གཅིག་ལ་འགྱུར་མང་པོ་ཡོད་པ་ནི་ཀློག་མཁན་དག་གིས་བཀླག་བྱ་ལ་འདེམ་གསེས་བྱ་བའི་གོ་སྐབས་སྤྲད་པ་ཡིན་པས།  ཅིས་ཀྱང་ལས་ཡག་ཤས་སུ་ལྟའོ།།
  • ཁམས་གསེར་ཐིགip:113.140.51.*
    2016-12-22 11:12:13
    སྔོན་མ་ལོ་ཙཱ་བ་གང་གིས་དཔེ་དེབ་འདི་ལ<<རྒྱལ་སྲས་གཞོན་ནུ།>>ཞེས་བསྒྱུར་ཡོད་པ་མཐོང་། ད་རེབ་རྒན་པ་ལྡོང་བུས་<<རྒྱལ་སྲས་ཆུང་ཆུང་།>>ཞེས་བསྒྱུར་བའི་འགྱུར་གསར་བ་ཞིག་ཀྱང་ཐོན་འདུག  དཔེ་དེབ་གཅིག་ལ་འགྱུར་མང་པོ་ཡོད་པ་ནི་ཀློག་མཁན་དག་གིས་བཀླག་བྱ་ལ་འདེམ་གསེས་བྱ་བའི་གོ་སྐབས་སྤྲད་པ་ཡིན་པས།  ཅིས་ཀྱང་ལས་ཡག་ཤས་སུ་ལྟའོ།།