གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སྒྲོལ་མ་གཅིག་དང་སྒྲོལ་མ་གཉིས།

  • ཕུན་ཚོགས།ip:60.164.236.*
    2016-07-28 18:53:27
    ཧ་བོ་ན་ཧ་བོ།  ཅིག་གཡབ་བཞག་རྒྱུ་ན་ཁྱོའི་སེམས་ལོས་བདེ། ངའི་སེམས་སྐྱག་ཁ་བོ་འདི་བདེ་མོ་བསོར་མོ་ཞིག་རེད། ནུབ་པ་ད་དུང་གོ་སྐབས་ཡོད་ན་ཐང་གི  མུ་མཐུད་ནས་ཇོ་མོ་གླང་མའི་སྒོ་རྡུང་རྒྱུ་ངའི་རེ་བ་ཡིན།
  • འཇིགས་མེད་ནུབ་པ།ip:72.143.51.*
    2015-07-29 02:40:13
    གངས་སྲས་ལགས་ཕེབས་པ་དགའ། སྒྲུང་འདིའི་ཁོངས་སུ་ངེད་རང་འགྲོ་མྱོང་ས་དང་བསྡད་མྱོང་སའི་ས་མིང་འགའ་བེད་སྤྱོད་བཏང་ཡོད་པ་མ་གཏོགས། འདི་བཅོས་སྒྲུང་ཞིག་ཡིན།

    འཇིགས་མེད་ནུབ་པས།
  • གངས་དཀར་རྒྱལ་སྲས།ip:172.17.0.*
    2015-07-15 18:35:44
    ཁྱོད་རང་སྔོན་ཆད་སྒྲོལ་མ་ཐུག་ཐེངས་རེར་གོསྐབས་དམ་འཛིན་མ་བྱས་པསཤོར་སོང་བ་རེད། ལྷག་པར་དུ་སྟོན་ཐོག་དེ་ནས་གོ་སྐབས་དམ་འཛིན་བྱས་ཡོད་ན་དེ་དུས་སྒྲོལ་མས་གཉེན་སྒྲིག་མེད་ཀྱང་སྲིད། སྐད་འཕྲིན་ནང་ནས་ཁྱོད་ཀྱི་གྲོགས་པོ་ལ་སྒྲོལ་མས་འབྲེལ་བ་བྱས་ཡོད་ནའང་དོན་དངོས་སུ་མོ་ཟི་ལིང་ན་ཡོད་མེད་མི་ཤེས་ག སྐད་འཕྲིན་ནང་གི་སྐད་ཆ་མང་ཆེ་བ་རློམ་རྒྱུ་མེད་ནོ་ཤེས་ཡ། ཁྱོད་ཀྱི་སྒྲུང་འདིའི་ས་མིང་ཚང་མ་ས་མིང་དངོས་ཡིན་པས་དངོས་སྒྲུང་ཞིག་རེད་བསམ་མོད། ཁྱོད་ཀྱིས་གཉེན་སྒྲིག་བྱས་ཟིན་པའི་སྒྲོལ་མ་དང་ཁྱོད་གཉིས་ཀྱིས་སྐད་འཕྲིན་སྒང་གི་ཁ་བརྡ་དེ་དག་ཁྲོམ་བསྒྲགས་བྱེད་སྟངས་ལ་བལྟས་ན་བཅོས་སྒྲུང་ཞིག་ཀྱང་ཡིན་པ་འདྲ། དངོས་སྒྲུང་ཞིག་ཡིན་ན་ཁྱོད་ཀྱིས་ཁྲིམས་འགལ་རང་བཞྀན་གྱིས་མོ་ནག་པོ་བཟོས་འདུག གང་ལྟར་ཡག་པོ་ཞིག་བྲིས་འདུག ཁྱོད་ཀྱིས་ཚིག་བེད་སྤྱོད་བྱེད་སྟངས་ལ་བལྟས་ན་ཁྱོད་རྒྱ་གར་གནས་བསྡད་མྱོང་བ་འདྲ་མོད། སློབ་མཐར་ཕྱིན་པའི་ལོ་ཚིགས་སོགས་ལ་བལྟས་ན་རྒྱ་ནས་འདུག་ཁོམ་བྱུང་མི་འདུག
    ཁྱོད་ཧོ་ནན་སོག་རྫོང་གི་བྲག་དམར་སློབ་ཆུང་ནས་སློབ་མཐར་ཕྱིན་ཟེར་བ་དེས་ང་དང་ཁྱོད་ཀྱི་བར་ཐག་ཉེ་བའི་ཚོར་བ་ཞྀག་བྱུང། ང་ན་ནིང་ཕ་ཡུལ་གངས་ལྗོངས་ལ་ཡོང་ནས་རང་གི་ཕ་ས་ཧོ་ནན་སོག་རྫོང་ནས་ཟླ་གཉིས་ལྷག་ལ་བསྡད་པ་ཡིན། ང་ཡང་ཧོནན་སོག་རྫོང་གི་ཡིན།
                                                                གཡུ་སྒང་གངས་དཀར་རྒྱལ་སྲས་ཀྱིས།
  • བསམ་ip:218.94.142.*
    2015-04-23 21:11:01
    སྒྲུང་ཧ་ཅང་སྙན་པོ་འདུག།མཇུག་མཐུད་ཀྱི་སྒྲུང་གང་མགྱོགས་དོན་པར་འགུག་ཡོད།
  • གླགip:208.113.39.*
    2015-03-31 04:11:33
    བཀླགས་ནས་བུད་སོང་།
  • སྒོ་སྲུང་།ip:99.241.40.*
    2015-03-18 12:51:10
    བརྩམས་སྒྲུང་ཞིབ་ཀློག་བྱས་ནས་ལེགས་ཆ་སེམས་ལ་ཉར་ཡོད། འཇིགས་མེད་ནུབ་པར་བསྟོད་ཅིང་བཀུར། མུ་མཐུད་དུ་་་་
  • གཅན་གཟན།ip:114.69.245.*
    2015-03-16 15:16:25
    ཞིབ་འབྲི་བྱས་པ་ཡག་ཐལ།།
  • འཇིགས་མེད་ནུབ་པ།ip:184.148.24.*
    2015-03-16 01:20:25
    གྲོགས་པོས་དགོངས་པ་མ་ཚོམ་ཞུ་ག་ནས་དགོས། གུས་བས་གསལ་བཤད་བཏབ་པ་ཙམ་ཡིན། བཀའ་དྲིན་ཆེ།
  • ཧི་མ་ལའི་རཉགྱལ་སྲསip:125.72.157.*
    2015-03-15 14:09:45
    གྲོགས་མཆོག་ལགས་དགོངས་པ་མ་ཚོམ།ཁྱེད་ཀྱི་བརྩམས་ཆོས་ཡོད་ཚད་ལ་ནམ་རྒྱུན་མོས་མཐུན་དང་རྒྱབ་སྐྱོར་ཡོད།འདི་དང་འདི་ལྟ་བུའི་བརྩམས་སྒྲུང་མང་པོ་མུ་མཐུད་དུ་རོལ་མྱོང་བྱེད་དུ་འཇུག་རྒྱུ་རེ་བ་ནམ་མཁའ་ལྟ་བུ་མཆིས།
  • འཇིགས་མེད་ནུབ་པ།ip:184.148.24.*
    2015-03-14 22:43:20
    ཆུང་གྲོགས་ཁྱོད་འདི་རུ་ཕེབས་པ་དགའ། དོན་དངོས་སུ་ཅི་ཞིག་བྱུང་ཡོད་མེད་ངས་མི་ཤེས། རྒྱུ་མཚན། འདི་དངོས་སྒྲུང་མ་རེད་། བཅོས་སྒྲུང་ཞིག་རེད་།

    འཇིགས་མེད་ནུབ་པས་གུས་ཞབས་དང་བཅས།
  • 心中的索卓ip:111.44.244.*
    2015-03-14 19:40:38
    རྩོམ་ཡིག་འདི་བཀླགས་རྗེས་རྩོམ་པ་པོ་དང་ངེད་གཉིས་ཀྱི་སློབ་ཆུང་སྐབས་ཀྱི་འཚོ་བ་མང་པོ་མང་པོ་ཞིག་ཕྱིར་དྲན་མི་བྱེད་ཐབས་མེད། ཡིན་ནའང་དོན་ངོ་མའི་སྒྲོལ་མས་རྡོ་ཚེ་དང་ཁྱོད་གཉིས་ལ་མགོ་སྐོར་བཏང་ཡོད་དམ།རྡོ་ཚེས་སྒྲོལ་མ་ལོངས་སུ་སྤྱད་ཡོད་དམ།