གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《མྱ་ངམ་ཐང་།

  • ཚེ་ལྷ་མོ།ip:222.209.19.*
    2018-10-28 22:42:30
    ཡི་གེའི་འཇིག་རྟེན་བཞེངས་ནས་བརྩམས་སྒྲུང་ནང་གི་མིར་གྲོགས་སྒྲིག་པ་ནི་དོན་དངོས་རང་ཉིད་ངོ་མ་དེ་བཞེངས་བ་དང་རང་ཉིད་ངོ་མ་དེར་གྲོགས་སྒྲིག་པ་ཞིག་ག་ལ་མིན།
    འདི་དག་ནི་སྔོན་ཆད་ཁྱེད་དང་མཉམ་དུ་སྐད་ཡིག་དང་མི་རིགས་སྒྱུ་རྩལ་ཞེས་འུར་རྒྱག་རོགས་ཚོས་བདམས་ཟིན་པའི་འཚོ་བ་ལས་ལྡབ་གྲངས་མང་པོའི་རིན་ཐང་དང་མཛེས་ཆ་ལྡན་པ་ཞིག་ཏུ་མཐོང་།
    མ་ཟད་ཁྱེད་ལ་ཡོད་པའི་ཁེར་རྐྱང་གི་སྣང་བ་དང་ཁེར་རྐྱང་གི་དུས་ཚོད་ནི་ད་ལྟ་ཁྱེད་ཀྱི་མིག་སྔར་མུ་མཐུད་ནས་འགྲོ་རྒྱུར་ལྷག་ཡོད་པའི་ལམ་སྣེ་དེར་འཇུག་བྱེད་ཀྱི་ཕན་གྲོགས་དེ་ཁོ་ན་ཞིག་ཏུ་བསམ།
  • བོད་བདུད་རྒྱལ།ip:36.100.252.*
    2018-10-26 13:13:32
    བཀླགས་ཟིན།  སྤྱི་ཚོགས་ཀྱི་སྣང་བརྙན་བྲིས་པ་ལེགས་ཤིང་། ཟུར་མི་འདྲ་བ་རེ་རེ་ནས་དམར་རྗེན་དུ་བཏང་འདུག་སྙམ།  ཁྱེད་ཀྱི་བརྩམས་སྒྲུང་གི་ལམ་ཁ་སྔར་ལས་ཡངས་པར་སྨོན།
  • ཆོས་བུ།ip:223.104.26.*
    2018-10-26 12:16:50
    ཉེ་དུས་ཀྱི་རང་ཅག་དང་ཐག་ཉེ་བའི་སྤྱི་ཚོགས་ཀྱི་སྐྱུག་བྲོ་བ་དང་ཞེ་མེར་བ། ཁོ་ཆད་པའི་དོན་དག་མི་ཉུང་བ་ཞིག་བརྗོད་བྱར་དྲངས་འདུག་པ་ཤིན་ཏུ་ལེགས་ཤིང་།  ལྷག་ཏུ་བརྩམས་སྒྲུང་འདིའི་མཇུག་སྐྱོང་ཚུལ་ལ་གསར་གཏོད་ཀྱི་ཆ་ཞིག་མངོན་པར་མཐོང་སོང་།  མུ་ནས་འབད་པར་འཚལ། ལམ་གྱི་གྲོགས་པོ།
  • རྒྱལ་བྷོ།ip:60.165.248.*
    2018-10-25 22:28:48
    ཐེངས་གཅིག་བཀླགས་ཟིན།
  • གཡུ་ལུང་གཡུང་དྲུང་འབip:60.165.248.*
    2018-10-23 11:04:58
    རང་ཉིད་ཀྱི་གཏམ་རྒྱུད་བླ་སྲོག་ལྡན་པའི་ཡི་གེ་ལ་བརྒྱུས་དུས།ཕ་རོལ་ཏུ་འཁོར་བ་ཞིག་གི་སྣང་བརྙན་ཡོད་ལ།དེ་བས་ཀྱང་ལུས་སེམས་ཀྱི་ངལ་གསོ་སའི་འཚོ་བའི་རབ་ཁ་ཞིག་ཅི་ལ་མིན།གྲོགས་པོའི་རྨི་ལམ་དེ་མངོན་འགྱུར་ཡོང་བར་སྨོན།
  • གངས་མུ་ཏིགip:223.104.216.*
    2018-10-22 22:08:29
    བདག་གིས་ཉེ་ཆར་བྲིས་པའི་སྒྲུང་གཏམ་ཀ་ངོ་ཆོད་མཁན་ཚང་མར་གཟིགས་རྟེན་དུ་ཕུལ་བ་ལགས། མདོར་ན་ངའི་གཏམ་རྒྱུད་ནི་ཁྱེད་ཅག་གི་གཏམ་རྒྱུད་ཡིན་ངེས།