གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ང་རང་བརྩམས་སྒྲུང་རྩོམ་པ་པོ་ཞིག་ཡིན།

  • སངས་ཚེip:101.249.168.*
    2020-04-24 10:59:14
    བྲིས་པ་ཡག་སོང་།  
  • མྱུག་ཆར།ip:223.104.27.*
    2019-09-17 00:20:18
    སྒྲུང་བྲིས་ན་བོད་ནང་གི་ན་གཞོན་ཚོའི་ཁྲོད་ན་ཁྱོད་འདྲ་དཀོན།
  • གསའ་སྲས།ip:117.136.64.*
    2019-07-24 11:55:19
    ལ་ལ་ཞིག་གིས་སྐྱོན་ཆ་ལས་དགེ་མཚན་ནམ་ཡང་མི་མཐོང་བ་འདུག རྩོམ་པ་པོ་ལགས་ཁྱེད་ཀྱིས་ཁོ་ཚོའི་ཉོག་བཤད་ལ་ཉན་དོན་མེད།

  • བསོད་ནམས་དབང་འགྲུབ།ip:110.167.30.*
    2019-05-13 16:57:00
    བརྩམས་སྒྲུང་གི་སྐད་ཆ་ནི་རྒྱུན་ལྡན་གྱི་སྐད་ཆ་ལྟར་བསམ་བློ་གཏོང་མི་མཉན།  རི་མོ་རང་བཞིན་གྱི་སྐད་ཆའང་ཡོད་དེ།  དཔེར་ན།  ཁོའི་ཁ་ནང་ནས་སྐད་ཆ་འདི་ལྟ་བུ་ཞིག་ཐོན་སྲིད་པ་ངས་ཡིད་ལའང་མ་ཤར་ལྟ་བུ། ཕ་རོལ་པོའི་གཟུགས་རྣམ་དང་བྱེད་རྩོལ་གྱི་འབྲས་བུ་གཉིས་ཁ་ཁར་ཕྱིན་ཡོད་པའི་རྣམ་པ་བརྡ་རུ་སྤྲོད་སྟངས་ཏེ།  ཀློག་པ་པོའི་སེམས་སུ་ཆོས་གསོན་པོ་འགོད་སྟངས་ཤིག་རེད་ཅེ་ནའང་ཆོག  པ་པོ་ཞེས་པའི་མིང་ཅན་ལྟར་ན།  འདི་ཡང་འཆོས་དགོས་ཚོད།  བརྩམས་སྒྲུང་འབྲི་མཁན་ནམ་སྒྱུ་རྩོམ་འབྲི་མཁན་ཞིག་ལ་མཚོན་ན།  ད་སྔ་ཆེས་འོས་འགབ་ཆེ་བ་ནི་རང་རང་གི་ཡུལ་སྐད་གཙོ་བོར་འཛིན་རྒྱུ་དེ་རེད།  དེའི་རྒྱུ་མཚན་རྒྱུས་མངའ་བའི་མཚོན་བྱེད་གང་དེ་བཀོལ་ཚེ་ད་གཟོད་གསོན་ཉམས་བསྐྲུན་པར་འཕྱར་བ་གྲུ་འདེགས་བྱེད་ཐུབ།  སྒྱུ་རྩལ་བརྩམས་ཆོས་ལ་མྱོང་རོལ་བྱེད་ན་བརྗོད་པ་སྤེལ་སྟངས་ལ་འཁྲུལ་མི་འདུག་པ་གལ་ཆེ་སྙམ།  གཅིག་ཐང་ན་ད་ལྟའི་བོད་ཀྱི་བརྩམས་སྒྲུང་འབྲི་མཁན་འགའ་ཤོས་ཀྱི་ཡིག་ནོར་དང་ཚིག་སྐྱོན་ནི་རྩོམ་པ་པོའི་སྐྱོན་མིན་པར་བོད་སྐད་ཡིག་གི་སྐྱོན་ཡིན་ལས་ཆེ།
  • བསོད་ནམས་དབང་འགྲུབ།ip:110.167.30.*
    2019-05-13 16:53:03
    བརྩམས་སྒྲུང་གི་སྐད་ཆ་ནི་རྒྱུན་ལྡན་གྱི་སྐད་ཆ་ལྟར་བསམ་བློ་གཏོང་མི་མཉན།  རི་མོ་རང་བཞིན་གྱི་སྐད་ཆའང་ཡོད་དེ།  དཔེར་ན།  ཁོའི་ཁ་ནང་ནས་སྐད་ཆ་འདི་ལྟ་བུ་ཞིག་ཐོན་སྲིད་པ་ངས་ཡིད་ལའང་མ་ཤར། ཕ་རོལ་པོའི་གཟུགས་རྣམ་དང་བྱེད་རྩོལ་གྱི་འབྲས་བུ་གཉིས་ཁ་ཁར་ཕྱིན་བརྡ་སྤྲོད་སྟངས་ཏེ།  ཀློག་པ་པོའི་སེམས་སུ་ཆོས་གསོན་པོ་འགོད་སྟངས་ཤིག་རེད་ཅེ་ནའང་ཆོག  པ་པོ་ཞེས་པའི་མིང་ཅན་ལྟར་ན།  འདི་ཡང་འཆོས་དགོས་ཚོད།  བརྩམས་སྒྲུང་འབྲི་མཁན་ནམ་སྒྱུ་རྩོམ་འབྲི་མཁན་ཞིག་ལ་མཚོན་ན།  ད་སྔ་ཆེས་འོས་འགབ་ཆེ་བ་ནི་རང་རང་གི་ཡུལ་སྐད་གཙོ་བོར་འཛིན་རྒྱུ་དེ་རེད།  དེའི་རྒྱུ་མཚན་རྒྱུས་མངའ་བའི་མཚོན་བྱེད་གང་དེ་བཀོལ་ཚེ་ད་གཟོད་གསོན་ཉམས་བསྐྲུན་པར་འཕྱར་བ་གྲུ་འདེགས་བྱེད་ཐུབ།  སྒྱུ་རྩལ་བརྩམས་ཆོས་ལ་མྱོང་རོལ་བྱེད་ན་བརྗོད་པ་སྤེལ་སྟངས་ལ་འཁྲུལ་མི་འདུག་པ་གལ་ཆེ་སྙམ།  གཅིག་ཐང་ན་འདི་ནི་རྩོམ་པ་པོའི་སྐྱོན་མིན་པར་བོད་སྐད་ཡིག་གི་སྐྱོན་ཡིན་ལས་ཆེ།
  • གངས་མུ་ཏིགip:182.138.121.*
    2018-12-07 09:27:07
    ང་མི་ཞིག་ཡིན་པའི་ངོས་ནས་ངའི་བརྩམས་སྒྲུང་འདི་ལ་སྐྱོན་ཆ་མང་དུ་ཡོད་སྲིད་པ་རེད། ཅིག་ཐེངས་ནས་འདི་ལ་ཡིག་འབྲུ་ཅུང་མང་བས་ཡིན་ཀྱང་སྲིད། བརྩམས་སྒྲུང་འབྲི་བ་ནི་ལས་ཀ་སླ་མོ་ཞིག་ཡེ་ནས་མ་རེད། དེ་ལ་ལུས་སེམས་གཉིས་ཀྱིས་བློས་གཏོང་མང་པོ་བྱ་དགོས་པ་རེད། གང་ལྟར་བསམ་པ་རྣམ་དག་གིས་ངའི་སྒྲུང་འདི་ལ་གསལ་འདེབས་དང་རེ་སྐུལ་གནང་མཁན་དག་ལ་ཞེ་གཏིང་ནས་ཐུགས་རྗེ་ཆེ་ཞུ།  
  • པ་པོ།ip:111.206.170.*
    2018-12-07 09:17:25
    ལྡབ་ལྡིབ་ལབ་པ་མིན།  ཁྱེད་ཀྱི་སྒྲུང་གཏམ་འདི་ལ་སྐྱོན་མང་པོ་འདུག  གཞན་གྱི་བསམ་ཚུལ་སྣང་མེད་དུ་མ་འཇོག  རང་གི་སྐྱོན་ཆ་ཡོ་བསྲང་བྱོས་དང་ཕན་པ་ཆེ།  སྒྲུང་གཏམ་འབྲི་རྒྱུ་ནི་ལས་སླ་མོ་ཞིག་ག་ལ་ཡིན།
  • གངས་མུ་ཏིགip:182.138.121.*
    2018-12-06 16:24:27
    ཁྱོད་ཚོས་ལྡབ་ལྡིབ་ཅིག་ལབ་གི་སྡོད།
  • རུས་པ་ཅནip:117.136.0.*
    2018-12-06 15:57:17
    ད་རག་བར་དུ་བརྩམས་སྒྲུང་མང་པོ་ཞིག་ཀློག་མྱོང་ཡོད། འོན་ཀྱང་འདི་ནི་བཙན་སྒྲིག་དང་སྣང་བ་རང་ཡན་གྱི་གྲུབ་པའི་ཚིག་ཚོགས་ཤིག་ཏུ་འདོད་དེ། སྤྱིར་དུག་སེལ་གྱི་དཔྱད་བརྗོད་ཅིག་འབྲི་བསམ་མོད་ངལ་བའི་རྒྱུ་རང་ཡིན་པས་སོར་བཞག་པ་ཡིན། པ་པོ་ཅན་གྱི་བདག་ཉིད་ནི་ལས་སླ་མོར་འགྲུབ་ཡོང་བ་ཞིག་ག་ལ་ཡིན། ཀླུ་ཐར་རུ་འབོད་པའི་སྙུག་ཐོགས་པ་འདིས་ནོར་འཁྲུལ་ཡོ་བསྲང་ངང་བརྩམས་སྒྲུང་ལ་རྣམ་འགྱུར་དྲང་མོ་ཞིག་འཛིན་པར་མཁྱེན།།
  • པ་པོ།ip:118.144.141.*
    2018-12-06 15:56:39
    “མིག་ཟུང་ལ་མཆི་མ་ཤོར་སོང”ཞེས་པའི་སྐད་ཆ་འདི་ཡང་སྒྲུང་གཏམ་ལ་མཚོན་ན་སྐད་ཆ་ལ་ཞུན་བརྡར་མ་སོང་བའི་རྟགས་ཤིག་རེད།  ལྷག་པར་སྒྲུང་ཐུང་ལ་མཚོན་ན་ཚིག་ཉུང་བ།  དོན་སྡུད་པ།  དཔེ་འབྱོར་བ་སོགས་ཀྱི་ཁྱད་ཆོས་ཚང་དགོས་པས།  གསར་རྩོམ་གྱི་ལས་ལ་འཇུག་པའི་ན་གཞོན་ཚོས་སྒྲུང་ཐུང་གི་ཁྱད་ཆོས་གཙོ་བོ་དེ་ཡིད་ལ་འཇགས་རྒྱུ་ཧ་ཅང་གལ།   འོ་ན།  གོང་གི་སྐད་ཆ་འདི་ཅིའི་ཕྱིར་སྐྱོན་དུ་སོང་འདུག་ཅེ་ན།   གཅིག  མིག་ཟུང་ལས་མཆི་མ་ཤོར་སོང་ཞེས་པ་དང་མིག་ཆུ་ཤོར་སོང་ཞེས་པ་གཉིས་ནང་དོན་གཅིག་རེད།    མིག་ཟུང་ལས་མཆི་མ་ཤོར་སོང་ཞེས་མཆི་མ་ཤོར་བའི་འབྱུང་ཁུངས་མིག་ཟུང་ཡིན་པ་མ་བཤད་ཀྱང་ཤེས་ཐུབ་པ་རེད།  མཆི་མ་ཡིན་ན་མིག་ཟུང་ལས་མི་ཤོར་བར་ཁའམ་སྣའམ་ཡང་ན་གང་ཞིག་ནས་ཤོར་དགོས་སམ།   དེ་བས་“མིག་ཟུང་ལས་”ཞེས་པ་དེ་སྐད་ཆ་ལྷག་མ་རེད།  དེ་བཞིན་དུ་ཁ་ནས་བཤད་ལྟ་བུ་དང་མིག་གིས་བལྟས་སོགས་ཀྱང་རིགས་བསྒྲེའོ། །
  • པ་པོ།ip:118.144.141.*
    2018-12-06 15:42:51
    སྒྲུང་གཏམ་གྱི་སྐད་ཆ་ལ་ཞུན་བརྡར་གཏོང་བ་ནི་ཧ་ཅང་དཀའ་ཁག་ཆེ་ཞིང་གལ་འགངས་ཆེ་བའི་ལས་ཀ་ཞིག་ཡིན་པས་དེ་ལ་དང་དོད་དང་གཟབ་ནན་ཆེས་ཆེར་བྱ་དགོས་སྙམ།  གོང་གི་སྒྲུང་གཏམ་འདི་ནི་སྤྱིའི་ཆ་ནས་ཅུང་ཡག་པོ་འཁྱོངས་ཡོད་ནའང་།    སྒྲུང་གཏམ་གྱི་སྐད་ཆའི་ངོས་ཐད་ནས་ད་དུང་མ་འདང་ས་དང་མ་འཁྱོངས་ས་ཅི་རིགས་མཆིས།  དཔེར་ན་“ཡར་མར་བཅོ་བརྒྱད”སོགས་ལུང་སྐད་མང་བ་དང་རྡོ་ཆག་བཙན་སྒྲིག་གི་སྐད་ཆ་ཡང་མང་པོ་འདུག   གཞན་སྒྲུང་གཏམ་ནང་དུ་དཔེ་འདྲེན་དུས་དཔེ་དོན་འབྱོར་རམ་མི་འབྱོར་བར་གཟབ་དགོས།  དཔེར་ན་གོང་གི་སྒྲུང་གཏམ་འདི་རུ་“ངས་མུ་མཐུད་དུ་གློག་ཀླད་ནང་ལ་ཡི་གེ་རེ་རེ་སོ་ཕག་རྩིག་པ་བཞིན་གཏགས”ལྟ་བུའི་སྐད་ཆ་འདི་ལ་མཚོན་ན་ཡི་གེ་གཏགས་པ་དང་སོ་ཕག་བརྩིགས་པ་གཉིས་ཁྱོན་ནས་མི་འདྲ་བའི་ལས་ཀའི་སྣང་ཚུལ་གཉིས་ཡིན་པས་འདི་རིགས་ནི་སྒྲུང་གཏམ་གྱི་སྐད་ཆའི་སྐྱོན་ཞིག་ཏུ་མི་འགྲོ་གྲང་སྙམ།  ད་དུང་གོང་གི་སྒྲུང་གཏམ་ནང་དུ་འདི་འདྲ་ཞིག་འདུག་སྟེ།   ༼   “ ཁྱོས་མི་གསོད་འདོད་པ་ཡིན་ནམ། ”འདི་འདྲའི་སློབ་གསོ་ཞིག་དགེ་རྒན་སུས་བཏང་བ་ཡིན།  ༽     གུག་རྟགས་ནང་གི་སྐད་ཆ་དེ་ནི་མི་སྣའི་སྐད་ཆ་ཡིན་ཡང་།  གུག་རྟགས་ཕྱི་ཡི་སྐད་ཆ་དེ་དོན་དམ་མི་སྣའི་སྐད་ཆ་ཡིན་ནམ་སྤྲོས་བརྗོད་པའི་སྐད་ཆ་ཡིན།  གལ་ཏེ་གུག་རྟགས་ནང་དུ་བཞག་སྟེ་མི་སྣའི་སྐད་ཆ་ཡིན་ན་འགྲིག་འདུག་མོད།   དེ་མ་ཡིན་པར་སྤྲོས་བརྗོད་པའི་སྐད་ཆ་ཡིན་ན་སྐྱོན་དུ་སོང་ཡོད་པར་འདོད།     དེ་མ་ཟད་དུས་གསུམ་ནོར་བ་དང་ཡིག་ནོར་ཤོར་བ།  སྐད་ཆའི་ལྷུ་རྐང་མི་འགྲིག་པ་དང་ཚིག་སྔ་ཕྱིའི་གཏན་ཚིགས་འཁྲུལ་བ་སོགས་ཀྱི་སྐྱོན་རེ་འགའ་ཡང་ཡོད་པས་འདིར་རེ་རེ་བཞིན་འགོད་པའི་ངལ་བ་སྤངས་སོ། །
  • klukhoip:222.28.239.*
    2018-12-05 21:41:04
    མ་འོངས་པ་ནི་འབྲུ་རིགས་སྣ་ལྔ་གདབ་ཆོག་ས་ཞིང་ཞིག་གོ།