གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ལྷ་བྱམས་རྒྱལ་གྱི་རྩོམ་གསར་བ། ངས་འབོར་བཞིན་པའི་ཀློག་པ་པོ།

  • ཁོ་ཚེ་བསམ་གཏན།ip:117.136.27.*
    2016-11-05 12:17:57
    ང་ནི་ཏག་ཏག་ཁྱེད་ཀྱི་བརྩམས་སྒྲུང་དང་ལྷན་དུ་འཚར་ལོངས་བྱུང་བ་ཡིན་ཏེ། ད་ཆ་ཕོ་ལོ་ཉི་ཤུའི་སྒོ་ཐེམ་ལ་བུད་པའི་ཁོ་བོར་མཚོན་ན། ཆུང་དུས་སུ་ངོ་མཚར་བའི་བྱུང་རིམ་ཁོ་ནར་ཧད་དེ་ཁྱེད་ཀྱི་བརྩམས་སྒྲུང་བཀླགས་ཤིང་། དེ་དུས་ཁྱེད་ཀྱི་སྒྲུང་དེབ་རེ་རེ་ནི་ཡིད་དབང་འཕྲོག་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་ཤིག་དང་མཚུངས། ཉེ་བའི་ལོ་འདི་དག་གི་རིང་ལ་ཁྱེད་ཀྱི་བརྩམས་ཆོས་གསར་བ་རེ་ཐོན་དུས་ཐོག་མར་དབུགས་ཐེངས་གཅིག་གིས་བཀླགས་པ་ཡིན་ལ། ཁོམ་སྐབས་སུ་ཡང་ཀློག་བསྐྱར་ཀློག་བྱས། རིམ་བཞིན་ན་ཚོད་ཀྱི་འགྲོས་དང་བསྟུན་ནས་ཁྱེད་ཀྱི་ལྷོད་ལ་བབ་ཆགས་པའི་ཚིག་ཉམས་འདོན་སྟངས་ལ་ཞེན་པར་གྱུར་ཅིང་།  ཁྱེད་ཀྱི་སེམས་གཏིང་དུ་ཟུག་པའི་ཡུལ་གྱར་བ་ཞིག་གི་སྐྱོ་ངལ་དང་། མི་རིགས་དང་རིག་གནས་ཀྱིས་བསླངས་བའི་ཉེན་ཚབ་ཀྱི་འདུ་ཤེས། ལྷག་ཏུ་མ་ཡུམ་གངས་ལྗོངས་ལ་བཅངས་བའི་བརྩེ་ཞེན་རྣལ་མ་དང་།  ད་དུང་“བགྲེས་པོ་”ཞིག་གི་མིག་མདུན་གྱི་འཇིག་རྟེན་ལ་རྒྱུས་ལོན་རགས་ཙམ་བྱེད་ཐུབ་པ་བྱུང་།
    ང་ནི་ད་དུང་མུ་མཐུད་དུ་ཁྱེད་ཀྱི་ཀློག་པ་པོ་རྣལ་མ་ཞིག་བྱ་འདོད་དེ། “བགྲེས་པོའི་”མིག་ལམ་དུ་སྣང་བའི་སྐྱ་མདོག་གི་འཇིག་རྟེན་དང་། “ལང་ཚོ་”དང་“སྤོབས་པ་”“ཕུགས་འདུན་”སོགས་ཉམས་པར་གྱུར་ཏེ། ཁྱེད་ཀྱི་བརྩམས་ཆོས་དང་ལྷན་དུ་“རྒས་"པར་གྱུར་ཀྱང་བློ་འགྱོད་མེད་དོ་སྙམ།
  • སྐྲ་ལོ།ip:60.165.47.*
    2016-05-21 15:31:23
    ལྷ་བྱམས་རྒྱལ་གྱི་ཀློའུ་གཏམ་ལ་རྫོགས་རྒྱུ་མེད་པ་དེས། ཀློག་པ་བོར་སོང་བ་རེད།
  • མཁར་རིག་འོད།ip:110.167.70.*
    2015-07-16 10:31:53
    ཡག་པོ་བྲིས་འདུག   དགོས་སུ༼  མི་གཅིག་གི་མི་ཚེ་ཟེར་བ་འདི་ཇི་ལྟར་རིང་རུང་མགོ་མཇུག་གི་ཚད་བཀག་ཅན་ཞིག་ཡིན་པས་དེ་རང་འདོད་དང་བསྟུན་ནས་རིང་དུ་བསྟུངས་ཐབས་བྲལ་ན་ཡང་། དེའི་ཞེང་ཚད་ཆེ་རུ་བསྐྱེད་ཐུབ་པ་ནི་ངེས་གཏན་ཡིན་པས། དཔེ་ཀློག་གིས་དེ་ལྟ་བུའི་ཞེང་ཚད་བསྐྱེད་པར་རམ་འདེགས་ཀྱི་ནུས་པ་ཐོན་ཐུབ་པ་ཡང་གདོན་མི་ཟ། དེར་བརྟེན། མི་རང་སྒེར་ཡིན་ན་ཡང་འདྲ། མི་རིགས་ཡིན་ན་ཡང་འདྲ། རྒྱལ་ཁབ་ཡིན་ན་ཡང་འདྲ། དཔེ་ཀློག་གི་གོམས་སྲོལ་ཡོད་པ་ཅན་དེ་ནི་རིག་གནས་དར་ཡོད་པའི་རྟགས་མཚན་ཞིག་ཏུ་རྩིས་ཆོག གནད་འདི་འདྲ་ཞིག་གི་ངོས་ནས་བལྟས་ན་རང་ཅག་ཁ་བ་རི་བའི་མི་རྣམས་ཀྱིས་དུས་རྒྱུན་གྱི་ཟང་ཟིང་གི་འཚོ་བའི་བར་གསེང་ནས་ལྷོད་འཇགས་ཀྱི་གོ་སྐབས་ཤིག་སྤྱད་དེ་རང་འགུལ་གྱིས་དཔེ་ཆ་ལག་ཏུ་ལེན་མཁན་ཉུང་ཚོད་དུ་གདའ་བ་ང་ཚོ་རང་ཉིད་ཀྱིས་སོ་སོར་རང་རྟོག་ཅིག་བྱོས་དང་གསལ་ལེར་ཤེས་ཡོང་བ་རེད།༽དུམ་ཚན་འདི།
  • འདུན་པip:117.136.82.*
    2015-06-06 09:34:21
    འབོར་བཞིན་པའི་ཀློག་པ་པོ་དེ་དག་གི་ཁྲོད་ན་ང་ཡང་ཐེ་ཡོད།  ངའི་མི་ཚེའི་ཁྲོད་ཆེས་དགའ་ས་ནི་རྩོམ་ཡིག་འབྲི་ཀློག་དང་རྐང་གྲུག་རྩེ་བ་གཉིས་ཡིན་མོད།  ཕོ་ལོ་སུམ་ཅུའི་སྒོ་ཐེམ་ལ་རྐང་པ་འཇོག་དུས་འདིར་ན་ཚོད་ཀྱི་དབང་གིས་སམ།   ཁོར་ཡུག་གི་རྐྱེན་གང་རུང་གིས་ང་རྐང་གྲུག་དང་འབྲེལ་བ་ཡོངས་སུ་ཆད་སོང་ལ།  རྩོམ་རིག་ལ་ཡང་ཉིན་བཞིན་རིང་དུ་གྱེས་བཞིན་ཡོད།  འདི་ལ་ང་ཕངས་སེམས་སྐྱེ་བཞིན་ཡོད་མོད་འོན་ཀྱང་ཟློད་ཐབས་མི་འདུག
  • ཆར་བ་ཟིམ་ཟིམip:24.91.75.*
    2015-06-01 05:12:57
    དབུགས་ཐེངས་གཅིག་བཀླགས་ཚར། དཀའ་སྣང་ཞིག་སྤྲད་སོང་།  ཆེས་མཇུག་མཐའི་ཚིག་དེ་དག་ཡིད་ལ་ཟིན་སོང་། རྒྱང་བསྐོར་ཡོད་གི་ཡ།  
  • ལོ་མ་སེར་པོ།ip:111.11.228.*
    2015-05-30 18:22:44
    འཇིག་རྟེན་ནི་འཁོར་ལོ་བཞིན་འཁོར་བཞིན་ཡོད་པས་སྔོན་ཆད་ཀྱི་ཀློག་པོ་མང་པོ་ཞིག་དུས་ཚོད་ཀྱིས་མེད་པ་བཟོ་བཞིན་ཡོད་ནའང་ཁོམ་ལོང་ཅུང་ཙམ་ཡོད་པའི་གསར་དུ་ཁྱེད་ཀྱི་སྒྲུང་རྩོམ་དགའ་མོས་མང་པོ་ཡོད་ངེས་སོ།
  • སྐྱོ་སྐྱོ།ip:114.243.245.*
    2015-05-30 13:35:19
    སེམས་ཁྲལ་མ་གནང་། སྔོན་ལ་ཕྲིས་དང་ཡག་ན་ལྟ་མཁན་རང་བཞིན་གྱིས་ཡོང་ངེས ། ང་ཡང་དེའི་ནང་གི་གཅིག་ཡིན།