གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་པ། ཕྱིར་ལོག་མི་ཐུབ་པའི་མི།

  • མགོ་ལོག་འབའ་སྡོང་།ip:110.166.133.*
    2019-11-19 16:56:10
    བྱེས་པ་ཚང་མར་ཐུན་མོང་གི་བཤད་འདོད་པ་ཞིག་ཡོད།  དེ་ནི་་་ཕ་ཡུལ་དང་གྱེས་རྗེས། གཞི་ནས་ཕ་ཡུལ་དང་འཛོམས་སོང་་་་ཟེར་བ་དེ་ཡིན།
  • ཧུ་པ་ལེ་ཐོན།ip:222.28.239.*
    2018-12-31 09:53:46
    ནང་པ་ཞིག་གིས་སྐྱེ་བ་ཕྱི་མ་ཡོད་མེད་ལའང་གལ་སྲིད་སྐྱེ་བ་ཕྱི་མ་ཞིག་ཡོད་ན་ཟེར་དགོས་དོན་ཁྱོན་ནས་མི་འདུག
  • ཡེ་ཤེས་ལྷ་མོ།ip:117.157.156.*
    2018-12-13 20:10:30
    ཧ་ཅང་ཞིབ་མོས་ངང་ཐེངས་གཅིག་ཀློག་ཡོད། རྕོམ་རྕལ་ཡིན་ན་ཆོག ཕ་ཡུལ་ལ་གདུང་བ་ཡོད་པས་ཕྱིར་ཡིན་ན་ཆོག གང་ལྟར་ཀྱང་ཕ་ཡུལ་དང་བྲལ་བས་བོད་ཀྱི་སྤུན་ཟླ་ཚང་མ་ཕལ་ཆེར་ཁྱེད་རང་ཀྱི་གནས་སྟངས་དང་འདྲ་བོ་འདུག་བསམ་ཡོད། སྔོན་ཆད་ང་རང་ཀྱང་ཕ་ཡུལ་དང་བྲལ་ནས་གྲོང་ཁྱེར་ནས་འཚོ་བ་དང་ཕུགས་བསམ་འཚོལ་བསམས་མོད། ངེད་ཚད་ལ་སྲོལ་རྒྱུན་ཀྱི་བག་ཆགས་ཀྱིས་འཁུམས་པའི་བགྲེས་པོ་ཞིག་ཡོད། ཁོའི་ང་ལ་བཤད་ཀྱིན་ཏག་ཏག་ཁྱེད་དང་འདྲ་བའི་ན་གཞོན་མང་པོ་ཞིག་གྲོང་ཁྱེར་ཞེས་པ་དེའི་འཕེལ་རྒྱས་དང་འགྲོ་སྟངས་ལ་སྨོན་པས་ཕ་ཡུལ་གཞན་གྱི་ལག་ལ་ཤོར་གྱིན་པ་མ་ཟད་ཕ་ཡུལ་གྱི་མིའི་འདུ་ཤེས་ཀྱང་རྒྱ་མི་དང་ཁ་ཆེ་བ་སོགས་དང་འདྲེས་གྱིན་པ་འདི་དེང་གི་བོད་ཀྱི་ཤེས་ཡོན་པ་དང་བོད་ཀྱི་ན་གཞོན་རྣམས་ཀྱི་འཐུས་ཤོར་འཚབ་ཆེན་ཡིན་ཞེས་བཤད་མྱོང་། དེ་བས་འུ་ཚོའི་ཀྱང་མཚམས་ལན་རེར་བགྲེས་པོ་ཚོའོ་ཁ་ཏ་ལ་ཉན་པ་དང་ཕྱིར་འདང་རེ་རྒྱབ་ན་འུ་ཅག་གི་གནས་བབ་དེ་འདྲ་ཡིན་ས་རེད། གལ་སྲིད་ཁྱེད་ཅག་མཚན་སྙན་གྲགས་ཡོད་པ་དག་ཕྱིར་ཕ་ཡུལ་དུ་ལོག་ཐུབ་སྲིད་ན་རང་ནུས་ཅི་ལྕོགས་ཀྱིས་བོད་ལ་ཕན་པའི་དོན་ཆུང་རེ་འགའ་སྤེལ་ན་ཕ་ཡུལ་གྱི་གནས་སྟངས་ཀྱང་ཇེ་བཟང་ཇེ་ལེགས་ལ་འགྲོ་བའི་རེ་བ་ཆེན་པོ་ཡོད་སྲིད།
  • ཆོས་སྒྲོན།ip:36.162.168.*
    2018-10-21 21:47:06
    རྩོམ་འདི་ཀློག་ཐེངས་གསུམ་པ་ཡིན།  སྔོན་ཆད་ནུབ་ཕྱོགས་རྒྱལ་ཁབ་ནས་ཡོང་བའི་ཡེ་ཤུའི་ཆོས་སྤེལ་མཁན་དང་མྱུལ་དཔྱད་པ་མང་པོས་བོད་འདི་ཉིད་མིའི་རིགས་འཚོ་གནས་བྱེད་ཐུབ་སའི་ཡུལ་ཞིག་མིན་པ་ལྟ་བུ་ཁོ་ཚོའི་ཡུལ་སྐོར་ཟིན་ཐོར་བྲིས་འདུག  ངས་ཀྱང་འདང་ཞིབ་མོ་ཞིག་བརྒྱབ་པས་དེ་ག་རང་ཡིན་པའི་ཚོར་བྱུང་།  གཉེན་ཆེན་ཐང་ལྷའི་སྐུ་རྒྱབ་ཏུ་ཡོད་པའི་གུས་པའི་ཁྱིམ་དེར་བསམ་ན།  དབྱར་ཡུན་ཐུང་ལ་དགུ་ཡུན་རིང་།  གྲང་ངར་ཆེ་བ་བཟོད་དཀའ་བ་མ་ཟད།  དགུན་ངོ་དང་དཔྱིད་ཟླ་རྭ་བ་དང་འབྲིང་པོའི་དུས་སུ་ཡང་རླུང་དམར་རྒྱུན་མི་ཆད་པ་འཚུབ་ཏེ། ཁྱིམ་ལ་གད་ཕྱིས་བྱས་མ་བྱས་དང་ཕྱིས་བདར་བཏང་མ་བཏང་མེད།  ཁྱིམ་ལ་ལོག་ཐེངས་རེར་ཟླ་མང་པོའི་རིང་གསོས་བཏང་བའི་གདོང་པ་དེ་ཡང་འཕྲལ་མ་ཉིད་དུ་མདོག་འགྱུར་འགྲོ་བའི་ཚོར་སྣང་ཡོང་གི་འདུག  རོའུ་སོ་ཡིས་སྤྱི་ཚོགས་གན་རྒྱ་ཞེས་པའི་དེབ་ཏུ་ས་གོ་ལའི་ཐིག་དམར་དང་ཐག་ག་ཚོད་ཉེ་ཡང་དེ་ཚོད་ཀྱིས་འཚོ་བའི་འགྲོ་གྲོན་ཆུང་ཞེས་བཀོད།  སློབ་ཆེན་ཐོན་སྐབས་ངས་ཀྱང་གྲང་ངད་གཡོལ་ཐབས་ཀྱི་ཆེད་དུ་ལས་ཡུལ་བོད་ཀྱི་ནགས་ཁུལ་ཀོང་པོ་བདམས་པ་ཡིན།  གལ་ཏེ་སྐབས་དེར་ནང་སར་འཚོ་བ་སྐྱེལ་ཐུབ་པའི་ཆ་རྐྱེན་ཡོད་ན།  སློབ་ཆེན་གྱི་དབྱར་སེང་སྐབས་ཁྱིམ་དུ་བོད་སྐད་ཁ་ནས་མི་དོན་པའི་ཚོར་སྣང་དང་ཉམས་མྱོང་དེ་ཚོར་གཞིགས་ན་ད་གཟོད་གདོང་པས་རྒྱ་གྲལ་ན་མ་ཚུད།  སྐད་ཀྱིས་བོད་གྲས་ན་མ་ཚུད་པ་ཞིག་གྱུར་ཡོད་ངེས།  སྐབས་དེར་ངས་ཀྱང་རྒན་ལྷ་བྱམས་རྒྱལ་བཞིན་བྱེས་ཀྱི་འཚོ་བ་ལ་བསམ་གཞིག་བྱེད་ཀྱི་ཡོད་མེད་མ་ཤེས།  གལ་ཏེ་ཡོད་པའི་དབང་དུ་བཏང་བ་དང་བསམ་ཚུལ་རེ་ཟུང་ཡིག་ཐོག་ཏུ་ཕབ་པ་འདྲ་བྱུང་ན་རྩོམ་རྩལ་ཡོད་མེད་ལ་མ་ལྟོས་པར་རྒྱ་ཡིག་རྩོམ་ཞིག་གྲུབ་ཡོད་སྲིད།
  • འདམ་སྐྱེས།ip:202.98.244.*
    2018-06-05 22:15:56
    དུས་ཀྱི་ཉག་ག་ནས།  ཡུལ་གདུང་ནི་སླེབས་མི་ཐུབ་པའི་དྲན་སྣང་གི་ཕུང་པོ་དེ་རེད།   ཡུལ་དང་གྱེས་རྗེས།   སེམས་པའི་རྟིང་རྡོར་བཞུར་བའི་བག་ཆགས་དེས།   ཕ་ཡུལ་ཞེས་པའི་ཐ་སྙད་ཐེར་ཟུག་ཏུ་འགྱུར།
  • འདྲེ་མགོ་ལོགip:36.100.218.*
    2018-03-31 21:33:26
    ཕ་ཡུལ་དང་གྱེས་པ་ནི་རང་གི་མི་འདོད་པ་གདོང་དུ་བླངས་ནས་སྒྲུབ་པ་དང་མཚུམས་ལ།མ་སྒྲུབ་ན་མི་ཆོག་ལ།སྒྲུབ་ན་དེ་བས་ཀྱང་དཀའ་འོ།།དཀའ་བ་དེ་ནི་བོད་ཀྱི་གཏམ་དཔེར་འཛིན་རྒྱུ་རེ་ལག་པ་རེད།གཏོང་རྒྱུ་རེ་རྫ་མ་རེད།
    དེས་བས་སྐུ་ཞབས་སྒྲེན་པོ་ལགས་ཀྱི་སྙན་ངག་ལས་གང་དུ་རྣམ་དག་གི་སེམས་པ་ཡོད་ན་དེ་རུ་རང་ཉིད་ལ་དབང་བའི་འཇིག་རྟེན་ཡོད་སྲིད།
  • མུན་པ་རང་གྲོལ།ip:60.165.7.*
    2018-03-31 11:11:35
    ཁྱོད་ཕ་ཡུལ་དང་ཁ་གྱེས་པ་ནས་བཟུང་།
    ཕ་ཡུལ་གྱི་རིག་གནས་དང་གོམས་གཤིས་སོགས་ཁྱོད་དང་ཁ་གྱེས་པ་རེད།
    གང་འཚོལ་བཞིན་པ་མི་ཤེས་མོད།      བོར་ཟིན་པ་འདི་དག་རེད།

    — — — — — — — — — — — —   མུན་པ་རང་གྲོལ་གྱིས།
    ༢༠༡༨-༣-༣༠
  • ཨ་རྟ།ip:211.101.61.*
    2018-03-31 09:59:54
    ལོག་ཡོང་ས་ཞིག་མི་འདུག  ཅེས་ལྗང་བུའི་སྙན་ངག་དུམ་པ་ཞིག་ཡིད་ལ་དྲན།
  • འབྲོག་པ།ip:222.197.74.*
    2018-03-30 18:13:32
    ཕ་ཡུལ་གྱི་ཕྱིའི་ཁོར་ཡུག་ལ་འགྱུར་ལྡོག་བྱུང་བ་དེས་ཕ་ཡུལ་དང་གྲོང་ཁྱེར་གྱི་བར་ཐག་ཇེ་ཉེ་རུ་བཏང་ནའང་།ཕ་ཡུལ་ལ་བཅངས་པའི་དུང་བ་ལ་སྣོན་འཕྲི་གང་ཡང་བཟོས་མེད་སྲིད། ཕ་ཡུལ་ནི་རྒྱང་རིང་ནས་བལྟས་ཚེ་གཟོད་ཡིད་དུ་འོང་བ་ཞིག་ཡིན་པ་ཚོར།
  • བསོད་ནམས་སྐྱབསip:117.136.82.*
    2018-03-30 15:54:20
    བྱ་གཞུང་སྐལ་ལོས་བརྩམས་པའི་སྙན་རྩོམ“གྲོང་ཁྱེར་ན་རུལ་གྱིན་པའི་ང་ཚོ”ཞེས་པར་ལྟོས་དང་། ཁྱེད་གཉིས་ཀྱི་མྱོང་ཚོར་དང་བསམ་བློ་ཕལ་ཆེར་འདྲ་རྒྱུ་རེད། ཐོག་མར། ཁྱེད་ཀྱིས་བཅངས་པའི་རིགས་ཞེན་དེར་ངོ་སོ་བསྟོད་དོ། མི་རིགས་ཤིག་གམ་རྒྱལ་ཁབ་ཅིག་གི་མི་ཞིག   རང་ཡུལ་ལུང་པ་དང་ཁ་བྲལ་ནས་སྡོད་ཡོན་ན།  རྐྱེན་སྣ་ཚོགས། ཡང་ན་གཉིད་སད་པ་ལྟར་རིགས་ཞེན་ནམ་རྒྱལ་གཅེས་ཀྱི་བསམ་པ་སྐྱེ་འོང་ལ་ཟུངས་ཁྲག་ཀྱང་རྒྱས་སྲིད། རྒྱུ་མཚན།  ཐ་དད་དམ་ཐུན་མིན་གྱི་ཁོར་ཡུག་དེ་ནས་རང་ཉིད་ངོ་མ་དེ་ངོ་ཤེས་པ་རེད། ཁྱེད་ཀྱིས་ལབ་པ་བཞིན། རང་གི་ཕ་ཡུལ་དེ་ཆ་མེད་རྒྱུས་མེད་ག་འདྲ་ཞིག་ཏུ་གྱུར་ཡང་རྣམ་ཤེས་འཁོར་ས་ཡིན་པས་འདོར་ག་ལ་ཐུབ། ལོག་མི་ཐུབ་ཟེར་བ་དེའང་མི་སྒེར་གྱི་རྒྱུ་རྐྱེན་ཙམ་དུ་ཟད། མཐར། རྣམ་འགྱུར་ཞིག་སྟོན་བསམ་པ་ནི། ཆུང་བཤད་རང་ཡུལ། ཆེ་བཤད་བོད་ཡུལ་བསྐྱུར་ནས་བརྒྱུགས་འགྲོ་བ་ཚོ་ལ། སྔོན་ཆད་ཡིད་ཆེས་དང་རེ་ལྟ་བྱས་མ་མྱོང་ལ་ད་རུང་ཡང་དེ་བཞིན་ཡིན། གཞན་ཁྱིམ་ནས་ཕར་ཀན་གྱི་རང་ཁྱིམ་མཐོང་ཐུབ་པ་ཙམ་ལས་ནམ་ཡང་ཐེ་གཏོགས་སམ་བཀོད་སྒྲིག་མི་ནུས། འདིའི་འཕྲོའི་སྐད་ཆ་དག་སོ་སོས་སོམས།  འཆར་ཡན་ཕུན་སུམ་ཚོགས་མིན་ལ་ལྟ་ཆོག
  • མགོན་པོ་དོན་འགྲུབ།ip:42.90.194.*
    2018-03-30 12:55:09
    དེང་རབས་བོད་ཀྱི་མཁས་པའི་ཡང་རྩེ། ཉིད་ཀྱི་བརྩམས་སྒྲུང་རེ་རེ་བཀླགས་རྗེས་སྨྲ་མི་ཤེས་བའི་ཚོར་བ་དང་དགའ་མགུ་སྐྱོ་གསུམ་གྱིས་ཕྱུག་པའི་གཏམ་རྒྱུད་ཟུང་རེ་རྟོགས་བྱུང་། མ་ཟད་སྒྲུང་བརྩམས་རྩོམ་པོ་ཞིག་གི་ཡིད་འགྱུར་དང་སེམས་ཀྱི་ཚོར་འདུ་དོན་དངོས་ཀྱིས་བསྟན་འདུག  ད་བསམ་ན་བོད་ཀྱི་བརྩམས་སྒྲུང་རང་རྟོག་རྣམ་པར་བགྲོད་པའི་དཀྱོགས་མཚམས་ཤིག་ཏུ་སླེབས་ཡོད་པའི་སྔོན་བསུས་སོང་།
  • བོ་ཚེ་པ་ཐར།ip:223.221.240.*
    2018-03-29 20:49:56
    འགལ་འདུ་ནི་བདེ་སྐྱིད་ཁྲོད་བག་ལ་ཉལ་བའི་སྡུག་བསྔལ་རིགས་ཤིག་སྟེ། མདོར་ན་འཚོ་བའོ།།