གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《གྲོང་རྡལ་འདི།

 • གཡག་རྒོད།ip:78.250.16.*
  2016-07-08 02:11:23
  #4 གཡག་རྒོད ་ལགས་ཀྱིས་སྤེལ་དོན།:
  July 6th, 2016 at 2:03 pm
  མེ་ཏོག་ཅིག

  རྫབ་དོང་ཞིག་ལས་སྐྱེས་ཀྱང་
  མཚར་སྡུག་གིས་བཞད་
  བཀྲག་མདངས་ཡལ་མ་མྱོང་བའི་ཁྱེད་
  གཡའ་དང་རྡུལ་གྱིས་མ་གོས་བའི་ཁྱེད་
  ཏན་ཏན་ལྷ་སྒྲུང་ཞིག་གི་རྩོམ་འཕྲོས་གཞན་ཞིག་ཡིན་པ་འདྲ།

  ས་ཆེན་རྔུལ་ནག་གིས་བརླན་དུས་
  ཁྱེད་ཁོ་ནས་འཇིག་རྟེན་གྱི་མཛེས་བ་བསྐྲུན་
  ཨུ་དུམ་ལྦ་ར་
  བསྟན་བཅོས་ལས་བཏུས་བའི་ཐ་སྙད་དེ་
  མིའི་རིགས་ཀྱིས་བློས་བསླང་བྱ་མ་ཐུབ་པའི་གསང་ཚིག་དེ་
  ཏག་ཏག་ཁྱེད་རང་ཡིན་པ་འདྲ།

  ཁྱེད་ཀྱི་དྲི་ཞིམ་དང་མཛེས་སྡུག་
  འོད་སྣང་དང་གཟི་བྱིན་གྱིས་
  སྣོད་བཅུད་ཀྱི་འཇིག་རྟེན་
  གཞིས་ཀ་སྣུམ་པོ་ཞིག་གི་རྟོག་འཆར་ལ་བརྫངས་སོང་ཨང་

  ཨུ་དུམ་ལྦ་ར།
  མ་གཞི་ཁྱེད་ནི་ལེགས་སྐྱེས་ཤིག
  བླ་དང་གོང་ན་འཕགས་པའི་ལེགས་སྐྱེས་ཤིག
  ཁྱེད་ཀྱི་ནུས་བྱིན་གྱི་དོད་དུ་
  ཁྱེད་རང་གླེང་བ་ལས་གཞན་ཅི་ཞིག་གིས་མཚོན་ནམ།

  མཆོད་མེ་དྲ་བར་རྩོམ་ཞིག་བསྐུར་དགོས་སྙམ་སྟེ་ཐེངས་མང་ཐབས་ཤེས་བཏང་བ་ཡིན་མོད།  གཏོང་སྟངས་ནོར་བ་ཡིན་ནམ་གང་ལྟར་བྱ་ཐབས་བྲལ་སོང་།  སྙན་ཚིག་འདི་འགོད་རིན་ཡོད་ན་དྲ་བདག་གིས་རོགས་འདེགས་གནང་བར་མཁྱེན།