གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སྒྲུང་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་སྟངས་དང་འབྲི་ཐབས།

  • བེ་རི་འཇིགས་མེད།ip:47.8.4.*
    2017-02-24 00:25:22
    དང་པོ་དཔྱད་མཆན་བཞག་ཐུབ་མིན་ཚོད་ལྟ་ཞིག་བཟོ་གི་ཡིན།
  • གད་རྒྱངས།ip:211.157.180.*
    2015-09-06 17:39:24
    བོད་ཀྱི་རྩོམ་རིག་གསར་པའི་སྲོལ་འབྱེད་པའི་མི་རབས་དང་པོ་ནི་མཁས་དབང་དོན་གྲུབ་རྒྱལ་དང་།     རེབ་གོང་རྡོ་རྗེ་མཁར།     ཆབ་འགག་རྡོ་རྗེ་ཚེ་རིང་།    ནོར་སྡེ།     གཅོད་པ་དོན་གྲུབ་སོགས་ཡིན།     མི་རབས་གཉིས་པ་ནི་འཇུ་སྐལ་བཟང་དང་།    ལྷ་རྒྱལ་ཚེ་རིང་།      ལྗང་བུ།     ཚེ་རིང་དོན་གྲུབ་སོགས་ཡིན།    མི་རབས་གསུམ་པ་དང་།   མི་རབས་བཞི་པ་རྣམས་ནི་ཀུན་གྱིས་ཤེས་གསལ་ལྟར་ཡིན།    ཡིན་ན་ཡང་དེང་སང་གི་དཔྱད་རྩོམ་འབྲི་མཁན་རྣམས་ཀྱིས་དེ་འདྲའི་དབྱེ་བ་ཙམ་ལའང་རྨོངས་བཞིན་དུ་དཔྱད་རྩོམ་འབྲི་བཞིན་ཡོད་ཀྱང་།    ཀློག་མཁན་ཕལ་མོ་ཆེ་ཞིག་གིས་ཁས་ལེན་བཞིན་མེད།    རྒྱུ་མཚན་ནི།    དེ་དག་གིས་བོད་ཀྱི་མི་རབས་དང་པོའི་རྩོམ་པ་བོའི་གྲས་ལས་དོན་གྲུབ་རྒྱལ་དང་།     མི་རབས་གཉིས་པ་ལས་འཇུ་སྐལ་བཟང་དང་ལྗང་བུ་སོགས་མི་རབས་དང་པོ་དང་གཉིས་མཉམ་བསྲེས་བྱས་ཏེ་གླེང་བཞིན་ཡོད་པ་ནི་ཉེས་སྐྱོན་ཆེན་པོ་ཞིག་ཡིན།    འཚམ་གླིང་གི་རྒྱལ་ཁབ་གང་ཞིག་ཡིན་ཡང་མི་རབས་དང་པོ་དང་།    གཉིས་པ།   གསུམ་པ།    བཞི་པ་ཞེས་རེ་རེ་བཞིན་ཞིབ་ཏུ་གླེང་བ་ལས་ད་ལྟའི་བོད་ལྟར་གོང་འོག་བར་གསུམ་གང་ཡིན་ལ་ངེས་པ་མེད་པར་རང་རང་གི་འདོད་པ་ལྟར་བྱུང་རྒྱལ་དུ་གླེང་བ་ནི་གཅིག་ཀྱང་མེད།     དེ་ལྟར་གླེང་བ་ནི་དོན་དམ་དུ་བོད་མི་རིགས་ཀྱི་རྩོམ་རིག་དར་བའི་ལོ་རྒྱུས་མ་དག་པ་དང་རྫུན་བཅས་ཀྱི་གཏེར་དུ་བསྒྱུར་བ་ཞིག་ཡིན་པས།    ཕྱིས་འབྱུང་བོད་ཀྱི་རྩོམ་རིག་གསར་བའི་སྐོར་གླེང་བའི་ཚེ།       མི་རབས་དང་པོ་རྣམས་ཀྱིས་བོད་དུ་རྩོམ་རིག་དར་བར་བྱས་རྗེས་ཁྱད་དུ་འཕགས་པ་བཞག་པའི་མི་རབས་དང་པོ་རྣམས་ཡན་གར་བའི་ཚུལ་གྱིས་བསྐྱུར་ནས་བརྗོད་པ་ནི་ཁྲེལ་མེད་པའི་རྟགས་མཚན་ཞིག་ཡིན་ཏེ།     མི་རབས་དང་པོའི་བརྩམས་ཆོས་མ་བཀླགས་པའི་མི་རབས་གཉིས་པ་དང་མི་རབས་གསུམ་པ་མེད་པ་དང།    མི་རབས་དང་པོ་རྣམས་ཀྱིས་ཤུགས་རྐྱེན་མ་ཐེབས་པའི་མི་རབས་གཉིས་པ་དང་གསུམ་པའང་ཡོད་མི་སྲིད་པ་ནི་ཀུན་གྱིས་ཁས་ལེན་དགོས་པའི་བདེན་ལུགས་ཤིག་ཡིན།