གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སྙན་ངག་པ།

  • ཀླད་ཁུ།ip:221.207.37.*
    2018-12-24 13:19:29
    སྒྲུང་ཕྲན་འདི་ཡོངས་སུ་བཀླགས་རྗེས་སེམས་ཕྱི་ནང་གསང་གསུམ་ནས་རླུང་ཆེན་པོ་ལངས་སོང་བའི་སྣང་བ་བྱུང་། དེ་ནི་སྙན་ངག་ཅེས་པའི་མཛེས་སྡུག་གི་ཡུལ་ལྗོངས་དང་དེ་དང་འབྲེལ་བ་དམ་ཟབ་ལྡན་པའི་མི་སྣ་ཞིག་དང་སྐྱིད་སྡུག་མཉམ་མྱོང་བྱས་པའི་ཚོར་བ་བྱིན་པས་རེད། ཡང་ན་སྙན་ངག་པ་ཞེས་པའི་མིང་ཚིག་འདི་ནི་སྤྱི་ཚོགས་ཀྱི་སྣེ་ཟུར་རེ་རེ་ནས་རྙེད་མི་ཐུབ་པར་དོན་དམ་པའི་ཡུལ་ལྗོངས་གཙང་མ་ཞིག་གི་དབུས་ནས་རྙེད་ཐུབ་པས་ཡིན་པ་འདྲ།

    ཀླད་ཁུ།
  • རྡོip:42.93.184.*
    2016-03-26 19:22:24
    《  སྙན་ངག་པ་》ཞེས་པའི་སྒྲུང་ཕྲ ན་འདི་ཐེངས་འགར་བཀླགས་ཤིང་།  བཀླགས་ཐེངས་རེ་རེར་སྙན་ངག་པ་ལྟ་བུའི་ཡིད་ཀྱི་སྐྱོ་སྣང་མྱོང་ཐུབ་པ་མ་ཟད།  དྲན་པའི་འགྱུར་བག་གི་བར་གསེང་ནས་སྒྲུང་ཕྲན་ཅིག་གི་ཁྱད་ཆོས་མཐོང་ཡོང་།    དེ་བས་སྒྲུང་ཕྲན་འདི་ནི་ཡིད་ཤེས་ཀྱི་དྲན་པ་གཙོ་བོར་བཟུང་ནས་བྲིས་པའི་འཚོ་བའི་གྲུབ་ཆ་ཞིག་ལ་བལྟས་ཡོད།  ཡང་སྒྲུང་ཕྲན་སྤྱི་ཡོངས་ཀྱི་ངོས་ནས་དྲན་འཕྲུལ་ལྟ་བུ་དང་མི་རྟག་ལྟ་བུ།  བདེ་སྡུག་ལྟ་བུའི་མངོན་གསལ་དོད་པོ་ཡོད་པའི་སྙན་ངག་པ་ཞིག་གི་སྣང་བརྙན་མངོན་འདུག
  • སུ་གྲོལip:222.197.73.*
    2015-03-15 14:24:59
    སྙན་ངག་པ་ལ་མཚོན་ན། སྙན་ངག་གླེང་བ་ནི་ཚེ་སྲོག་གླེང་བ་ཡིན།  སྙན་ངག་དང་ཚེ་སྲོག་གཉིས་གཞི་གཅིག་ཏུ་གྲུབ་ཡོད། མ་ཟད་སྙན་ངག་ཚེ་སྲོག་བཞིན་དུ་བཟོས་ཆོག་ལ། ཚེ་སྲོག་སྙན་ངག་བཞིན་དུ་སྤྱད་ཆོག  དེ་དབང་གིས།
    ཧེ་ཙིས་རང་གི་སྙན་ངག་རང་སྲོག་གཅོད་པ་བཞིན་དུ་རང་སྲོག་སྙན་ངག་ནང་དུ་ཐིམ།
  • གདུགས་དཀར་སྐྱབས།ip:182.140.31.*
    2015-01-19 15:39:36
    གྲོགས་པོ་བདེ་ཞུ་བ་དག་་་་་བདག་གི་རྩོམ་རེ་དྲྭ་གནས་འདི་ནས་སྐུར་འདོད །   ཇི་ལྟར་སྐུར་དགོས།
  • གེའུip:27.224.86.*
    2015-01-13 00:35:00
    དབུགས་ཐེབ་དུ་མས་བཀླགས་རྗེས་ཡིད་ལ་ངང་ཤུགས་ཀྱིས་ཤར་འོང་བ་ནི་སྒྲུང་འདི་འབྲི་སྟངས་བདེ་ལ་གྲུ་དང་ཟུར་རེ་རེ་ཚགས་དམ་པས་ཀློག་པོ་ངལ་ནི་མི་ངལ   རིག་པ་ལྷོད་ནི་མི་ལྷོད་པའི་ནུས་པ་མངོན་གསལ་དུ་ཆེ   མ་ཟད་རང་གིས་ཀྱང་སྒྲུང་འདི་འདྲ་ཞིག་བྲི་འདོད་ཤིན་ཏུ་ཆེ་ཞིང་ཁྱེད་ཀྱི་སྒྲུང་རྩོམ་སྟངས་ལ་ཡང་གནམ་ས་ལྟ་བུའི་འགྱུར་བ་ཆེན་པོ་ཕྱིན་འདུག་པའི་སྣང་བ་འགོག་མེད་ཅིག་ཀྱང་སྐྱེས་སོང་།