གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ཁ་བ་སྙིང་ལྕགས་ལ་རྗེས་དྲན་ཞུ་བའི་རྩོམ་ཡིག་ཕྱོགས་བསྒྲིགས།༡

  • དབལ་ཤུལ་བུ་ཆུང་།ip:221.237.31.*
    2015-07-15 22:47:59

    མཚོ་མོའི་ཁ་རུ།


    མཚོ་མོའི་རླབས་སུ་ང་ཡི་རུས་པས་མེ་ཏོག་བྲིས
    མེ་ཏོག་རབ་ཏུ་བཞད་པས་གསེར་མིག་དེའང་འཁྱུགས་སེ་འཁྱུག
    སྙིང་ལ་བཞད་པའི་མཚོ་ཁའི་མེ་ཏོག

    མཚམས་སྤྲིན་དེའང་རི་བོའི་ཕག་ཏུ་འགྲིབ
    སྣང་བའི་སྐྱ་ཡ་བཞིན་དུ་ང་ཡི་གསེར་མིག་ལགས
    ང་ནི་ཁྱེད་ཀྱི་པང་དུ་ཡུར་ཞིང
    ཁྱེད་རང་ཉི་འོད་བཞིན་དུ་ང་ཡི་ལུས་ལ་འཕྲོ

    མཚོ་མོའི་གཏིང་དེ་མུན་པ་ཡིན་ནམ
    ཉ་མོ་སྟོང་གིས་ང་ཡི་བེམ་པོ་དུར་ལ་འཇུག
    དུར་སྒྲོམ་ངོས་སུ་གསེར་མིག་ཆུང་ཆུང་ངང་གིས་འཁོར་བས
    ང་རང་འཛུམ་གྱིས་ལངས་ཤིང་ཁྱེད་ཀྱང་དེ་བཞིན་དེ

    ཆུ་ནང་ཉ་མོ་འཁྱུགས་འཁྱུགས་གནང་ཞིང
    མཚོ་ཁའི་དར་ལྕོག་རླུང་གིས་སྐྱོམ་དུས
    ང་ནི་ཆུ་ཐིགས་བཞིན་དུ་ཁྱེད་ཀྱི་ལུས་ལ་འཐིམས་ཤིང
    རྣམ་ཤེས་སྦྲང་མ་དེའང་མཚོ་ཆེན་རླབས་ཀྱིས་དགུང་ལ་གཤེགས

    སྐྱིད་པའི་མཚོ་མོ
    མཁའ་ལམ་ཡངས་མོར་ཕྱེས་དང
    ཉྭ་མོ་གསེར་མིག་ཅན་དེ་ང་རང་ལགས
    ང་ནི་རང་བྱུང་ཁམས་སུ་ལོག་ཕེབས་གནང


    ༢༠༡༥•༦•༢༨ ནམ་ཕྱེད་ཡོལ་རྗེས། ས་དགྱ་ནག་ཁྲི་འདུ་ནས།  ཡི་གེ་བ་ཁ་བ་སྙིང་ལྕགས་ལགས་སྐྱེན་ལམ་དུ་འདས་པར་མྱ་ངན་གྱི་ཚུལ་དུ་དབལ་ཤུལ་བུ་ཆུང་ནས་གུས་པས་ཕུལ།


              གྱེས་ཚིག
                                         གཟི།

        རྡུལ་རླུང་གིས་གཟིར་བའི་ལྗོན་པ་འདི་དག་ལ
        མཚར་སྡུག་དང་ཁ་དོག་མི་འདུག

        སྡུག་བསྔལ་གྱིས་མནར་བའི་གཙང་བོ་འདི་དག་ལ
        རྦ་རླབས་དང་བཞུར་རྒྱུན་མི་འདུག

        ཞེན་ཆཊ་དང་བརྩེ་བ་ཡོད་ཚད་འཁྲིས་སུ་གཡུགས་ནས
        ཁྱེད་རང་ངལ་གསོ་ཐུབ་པར་སྨོན

        ཁྱེད་རང་ཁྲི་ཤོར་རྒྱལ་མོ་ལས་ཀྱང་དྭངས་ཤིང་གཙང

                                2015.6.27དགོང་མོ། རྡོ་སྟོད་དུ།