གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《སྙན་ངག་པ་འདས་པོ་རྨ་སྔགས་ཆོས་དགའི་རྩོམ་ཡིག་བདམས་བཀོད།

  • སྨོན་པ།ip:182.130.21.*
    2018-03-06 13:41:33
    ཁྱོད་རང་ནམ་ཡང་བདེ་བོ་ཡོད་པར་སྨོན།
  • ཨ་མཚོ།ip:117.157.152.*
    2018-03-02 08:17:02
    ཞེ་བསམ་པའི་གཏིང་ནས་གདུང་ཀི  ཁྱེད་རང་བཞུད་པ་སྔ་དྲགས་པས། མཐོ་སྒང་གི་སྐྱེས་མ་ཚོའི་མིག་ཆུའི་ནང་གི་གསང་བ་སུ་ལ་བརྗོད་ཨང་། ལན་བུའི་ནང་གི་སེམས་གཏམ་སུ་ལ་བཤད། ཤ་རུས་ཅན་པོ། རེ་བ་ཅན་པོ། ཁྱེད་ཀྱི་ཡིག་འབྲུ་རེ་རེར་འོད་ཀྱི་གཤོག་པ་ཐོགས་ཡོད། ཁྱེད་ཀྱི་ཚིག་རྐང་རེ་རེར་བོད་ཅན་པར་བཅངས་པའི་སྙིང་གི་ཚིལ་ཞགས་འཁྱིལ་ཡོད། གཞུང་ཡོད་ཁྲེལ་ལྡན་གྱི་ཁྱེད།  ས་ནུབ་བྱང་གི་གླག་རྒོད་ཁྱོད། ཚེ་ཕྱི་མར་སླར་ཡང་གངས་རིའི་ཞིང་ནས་སྐྱེས་པའི་སྨོན་ལམ།
  • མིང་མེད།ip:171.210.170.*
    2018-02-28 15:32:35
    མི་ཞིག་འདས་པ་ཙམ་གྱིས་བརྩམས་ཆོས་ཀྱི་རིན་ཐང་ཇེ་ཆེར་སོང་བ་མ་རེད། བརྒྱ་ལ་སོང་ཡོད་ན་དེ་ནི་ཀློག་མཁན་ཚོས་ཇེ་ཆེར་གཏང་བ་རེད། དཔེ་འབྱོར་ལ་མི་འབྱོར་བ་ཞིག་བཞག་ན། མི་ཞིག་མ་ཤི་བར་དེ་ལ་སྐད་ཆ་འདྲི་ནི་ཡོད་པ་མ་རེད། དེ་བཞིན་རྩོམ་པ་པོ་སོ་སོའི་བརྩམས་ཆོས་དྲ་བ་དང་དུས་དེབ་ལ་བཀོད་ནས་ཚང་མས་དུས་གཅིག་ལ་ཀློག་ཟེར་ན་དཀའ་མོད།  རྩོམ་མཁན་ཞིག་ཚེ་ལས་འདས་རྗེས་ཁོང་གི་བརྩམས་ཆོས་བཀླག་མྱོང་མཁན་དང་མ་མྱོང་མཁན་ཚང་མས་ཁོང་ལ་གདུང་སེམས་མཉམ་བསྐྱེད་དམ་རྗེས་དྲན་གྱི་ཚུལ་དུ་དུས་གཅིག་ལ་ཁོང་གི་བརྩམས་ཆོས་བཀླགས་ན་དེ་ནི་ཡི་རངས་བྱེད་དགོས་པའི་ལས་ཞིག་ཏུ་འདོད། དེ་མིན་བརྩམས་ཆོས་ལ་རིན་ཐང་ཡོད་མེད་ནི་གཞན་ཞིག་ཏུ་བགྲོ་རྒྱུའོ།
  • བུ་ཆུང་།ip:42.93.190.*
    2018-02-28 14:53:31
    མི་ཞིག་འདས་པ་ཙམ་གྱིས་ཁོའི་བརྩམས་ཆོས་ཀྱི་རིན་ཐང་ཇེ་ཆེར་འགྲོ་དོན་ཅི་རེད།  
    གལ་ཏེ  མི་འདི་ད་དུང་འདས་ཡོད་ཚེ   ཁོའི་རྩོམ་འདི་དག་མཆོད་མེ་ནས་ཀློག་ཐུབ་རྒྱུ་མ་རེད  བརྩམས་ཆོས་ནམ་ཡང་བརྩམས་རྐྱང་བའི་ངོས་ནས་བལྟས་ན་འགྲིག