གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ངེད་དྲ་བའི་གསལ་བརྡ་གལ་ཆེན་ཞིག

  • མི་བུ།ip:101.248.123.*
    2022-09-22 17:31:04
    ཁྱེད་དྲྭབ་ལ་ཆེད་དུ་ཞུ་རྒྱུར། ཁྱེད་ཅག་གི་ཡིག་ཟམ་དུ་ཅི་ཞིག་བསྐུར་ཡང་ཨ་ལན་དང་གསལ་བཤད་གང་ཡང་མེད་པ་དེ་ང་དང་ང་འདྲ་བའི་ཀློག་པ་པོ་དང་རྩོམ་པ་པོ་སུས་ཀྱང་དང་ལེན་བྱེད་དཀའ་བ་ཞིག་ལགས།  ད་ལྟ་ངའི་སེམས་སུ་དོག་པ་ཞིག་ཡོད་པ་ནི། ཁྱེད་ཅག་གི་དྲྭ་བར་རྩོམ་ཞིག་འགོད་དགོས་ན་ཡིག་ཟམ་དུ་བསྐུར་བ་ཙམ་གྱིས་འགྲིག་གི་མེད་པ་འདྲ།དེ་བས་ངེས་པར་དུ་ཁྱེད་ཅག་དང་ཐད་ཀར་འབྲེལ་བ་ཡོད་པ་དང་ངོ་ཤེས་ཡིན་དགོས་པ་འདྲ། མཐར་རེ་བ་ཞིག་ཞུ་རྒྱུ་ནི།གལ་སྲིད་ཁྱེད་ཅག་གི་དྲྭ་བར་ཉེ་རིང་དང་ཕྱོགས་ཞེན་མེད་པར་ཚད་ལྡན་གྱི་རྩོམ་ཡིག་འགོད་བཞིན་ཡོད་ན་མ་མཐའ་ཡང་ཁྱེད་ཅག་གི་ཡིག་ཟམ་དུ་རྩོམ་ཡིག་འབྱོར་རྗེས་རྩོམ་ཡིག་འགོད་ཆོག་མིན་གང་ཡིན་ཡང་ཨ་ལན་ཞིག་གནང་རོགས་ལགས།
  • ནོར་ལྷ།ip:124.31.244.*
    2019-02-04 17:16:58
    དྲྭ་བ་འདི་ཅིས་ཀྱང་ཚད་དང་ལྡན་པའི་རྩོམ་པ་པོ་སོགས་ལ་དབང་ཞེས་སྨོས་ན་ཉེས་རྒྱུ་མ་རེད་སྙམ་གྱི་ཡོད། གུས་པས་ཀྱང་རྩོམ་ཐོར་རེ་ཡང་བསྐུར་མྱོང་ཡོད།  ཡིན་ཡང་དེ་ལ་རྩོམ་པ་པོ་ཞིག་གི་ངས་མི་ལོ་དུ་མ་ལ་བྱེད་བྲག་སྙན་ངག་རྩོམ་རིག་ལ་འབད་པ་ཡིན་ཞེས་ང་རྒྱལ་དང་བཀའ་བཀྱོན་བགྱིས་ཁུལ་གྱིས་འཁོད་འགྲོ་བ་ཞིག་ཀྱང་ཨེ་ཡིན་ན་སྙམ། གུས་པས་ཀྱང་ཁྱེད་རྣམ་ཚང་གི་དྲྭ་བའི་ནང་དུ་འཁོད་ངེས་ཀྱི་རྩོམ་ནི་ད་ལྟའི་བོད་ཁུལ་དུ་ཡོངས་སུ་གྲགས་པའི་དུས་དེབ། གངས་རྒྱན་མེ་ཏོག་དང་། སྦྲང་ཆར་སོགས་སུ་འཁོད་ལ་ལ་ཞིག་ཡིན་དགོས་པ་ཡིན་ཞེས་བསྙད་པའང་གོ་ཡོད།  རེད་དེ་གོ་ཚོད་ལྟར་ན་གངས་མེ་དང་སྦྲང་ཆར་སོགས་སུ་སྔོན་ཆད་འགོད་མ་མྱོང་བའི་རྩོམ་པ་པོ་ཞིག་གིས་སྙན་ངག་འགོད་དགོས་ན་དཀའ་ཁག་ཅུང་ཞིག་ཡོད་ཚུལ་གླེང་གི་འདུག   ཁྱེད་རྣམ་ཚང་གི་དྲྭ་བ་འདི་དེ་ལྟར་ཡིན་ངེས་ན་ཅིས་ཀྱང་ཁེ་མཚར་བ་ཞིག་མ་ཡིན་ནམ།  རེད་དེ་ཚིག་ཐག་བཅད་ནས་བཤད་ཀྱི་མེད། གུས་པས་ཁྱེད་རྣམ་ཚང་གི་དྲྭ་བ་འདི་ལ་གུས་པ་ཚད་མེད་ཞུ་ཡི་ཡོད། རྒྱུན་ལྡན་ཁྱེད་རྣམ་ཚང་གི་དྲྭ་བའི་ཉིན་སྲིབ་ནས་སྙན་ངག་དང་དེ་མིན་རྩོམ་རིག་སོགས་ལ་ལྟ་ཡི་ཡོད།   འོ་ད་དུང་ཞུ་ཡ་ཞིག་ལ་འདི་ནས་བསམ་འཆར་འཆད་མཁན་མི་ཉུང་བ་ཞིག་ཐོན་འདུག  ཁོང་རྣམ་པ་ཡང་ཁག་ཡོད་ཁག་མེད་རེད།ཡིན་ཡང་དེ་དག་ལ་ལན་རེ་རེ་བཞིན་འབུལ་དགོས་ནའང་དཀའ་ཁག་ཅན་ཞིག་ཡིན་རྒྱུ་རེད་སྙམ་གྱི། རེད་དེ་དེའི་ཐད་ལའང་བསམ་གཞིག་ཅིག་གནང་རོགས་ཞུ་ཡ་དེ་རེད།
  • རོལ་སྐུད།ip:171.209.151.*
    2018-12-19 00:00:09
    བཀུར་འོས་པའི་བོད་ཀྱི་མཆོད་མེ་རྩོམ་རིག་དྲྭ་བའི་རྩོམ་སྒྲིག་པ་རྣམས་པ་ལགས།  
    ཕྲན་གྱི་མིང་ལ་རོལ་སྐུད་དམ་གྲྭ་འོད་གསལ་སྙིང་པོ་ཟེར། ད་ཐེངས་ཁྱེད་ཚང་ལ་ཞུ་རྒྱུར། རང་ཉིད་ལ་མཚོན་ན་སྙན་ངག་ལ་བློ་སེམས་དཀར་བའི་མི་ཞིག་ཡིན་པས་སློབ་སྦྱོང་ཞོར་སྙན་ངག་བྲིས་ནས་ད་ལྟ་མི་ལོ་བདུན་ཙམ་འགྲོ་གི་འདུག  དེ་སྔ་རྩོམ་རིག་གི་དྲི་བསུང་ལྡང་གྱིན་པའི་བོད་ཀྱི་དྲ་ཚིགས་མཐོ་ཤོས། ཀྲུང་གོ་བོད་ཀྱི་དྲྭ་བ། བཙན་པོ་མགར་གྱི་དྲྭ་བ། མཐོང་གྲོལ་དྲྭ་བ། མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་སོགས་དང་། གཞན་ཡང་ཁུལ་སོགས་ཀྱི་ཉིན་རེའི་ཚགས་པར་སྟེང་དུ་རྩོམ་མང་པོ་བཀོད་མྱོང་། ད་དུང་གྲོགས་སྡེ་སྐལ་གྱི་གཙོ་སྒྲིག་བྱས་པའི་དྲྭ་ལམ་སྙན་རྩོམ་འགྲན་བསྡུར་ཆེན་མོ[ དབྱངས་ཅན་དགྱེས་པའི་མཆོད་སྤྲིན] ལས་ཨང་དང་པོའི་བྱ་དགའ་ཐོབ་མྱོང་། ཡིན་ནའང་ཡི་ལོ་འདི་དག་གི རིང་ལ་རང་ཉིད་ལ་རྩིས་འདང་ཆེ་བའི་སྙན་ངག་དག་ལོ་སྔ་ཕྱི་ཐེངས་བཅུ་བདུན་ལ་ཁྱེད་མཆོད་མེ་རྩོམ་རིག་དྲྭ་བར་བསྐུར་ཀྱང་འགོད་ཆོག་མིན་གྱི་ལན་སྤུ་ཉག་ཙམ་ཡང་མ་ཐོན་བྱུང་། དེའི་ཕྱིར་ང་དང་ང་འདྲ་བའི་རྩོམ་རིག་ལ་བློ་སེམས་དཀར་བའི་མི་དག་གི་རེ་བ་དང་འདུན་པ་བསྐང་ཆེད་ཁྱེད་ཚང་གིས་གཟི་བོར་དཔྱད་དེ་ང་ཚོ་ལ ་ཡིག་ཟམ་ནས་ཐ་ན་འགོད་ཆོག་མིན་ཙམ་གསུང་རོགས་ཞེས་ལན་བརྒྱར་ཞུས་པ་ཡིན།  
  • ཀླད་ཁུ།ip:221.207.37.*
    2018-11-01 11:43:35
    བོད་ཀྱི་མཆོད་མེ་དྲ་བའི་བརྟན་པ་རྒྱས་པར་ཤོག
  • གདམ་གip:171.210.218.*
    2018-01-28 21:45:19
    ཁོ་བོའི་དྲ་མིང་ངམ་སྨྱུག་མིང་ལ”གདམ་ག”ཟེར་ལ་དངོས་མིང་ལ་འཇིཊ་མེད་དམ་སྙིང་རྗེ་ཟེར།
    ཉེ་ལམ་ཁོ་བོས”མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ”རུ་འགོད་རོགས་ཞེས་སྙན་ངག་གསར་བ་སྣ་ཚོགས་ཤིག་ཡིག་ཟམ་བརྒྱུད་དེ་ལ་ལར་ཁྱེད་ཅག་གི་སྒྲིག་ལམ་མམ་མདོར་ན་ཚང་དགོས་པ་དག་ཚང་ཞེས་དང་ལ་ལར་ཁས་ལེན་དགོས་ཅི་ཡོད་ཀྱང་ཁས་ལེན་ངེས་ཡིན་པས་འགོད་རོགས་ཞེས་ཐེངས་མང་པོ་ལ་བསྐུར་མོད་དྲ་བར་གཅིག་ཀྱང་བཀོད་མི་འདུག  མ་ཟད་འགོད་རུང་མིན་གྱི་ལན་ཅི་ཡང་མ་ཡོང་ཐལ།  དེ་ལྟར་བྱས་ཚེ་སྟབས་མི་བདེ་བ་རེ་ཟུང་ཡོད་ཕྱིན། ཁོ་བོས་རེ་བ་ཡིན་ན་རྗེས་སུ་འགོད་མི་ཐུབ་པ་དག་ལ་འགོད་མ་ཐུབ་ཅེས་ལན་ཞིག་སློག་རྒྱུའི་རེ་བ་ཡོད།   དེ་མིན་ང་ཚོས་ཁྱེད་ཀྱི་སྒྲིག་ལམ་ནང་བཞིན་རྩོམ་དག་དྲ་་བ་གཞན་དུ་མ་བཀོད་པར་བཞག་ཡོད་པས་འགོད་ཐུབ་མིན་མ་ཤེས་ན་གྱོང་གུད་དམ་རྩོམ་སྤེལ་བ་ལ་གནོད་པ་ཅུང་ཙམ་འདུག་པས་ལན་གསལ་བོ་ཡོད་པར་གལ།
  • paldenip:140.159.2.*
    2016-11-08 09:57:45
    hello!
    i want to join your website but i dont know how to  regist
  • ལ་བཟང་ཚེ་བནip:125.72.90.*
    2016-01-10 21:47:50
    ང་ལ་བཀའ་དྲིན་ཆེ་ཞུ་བའི་ོམ་ཡིག་ཅིག་དགོས
  • ཆབ་རོམ།ip:221.207.37.*
    2015-12-01 00:21:54
    མཆོད་མེ་དྲ་བར་རྟེན་འབྲེལ་ཞུ།  རྒྱུ་མཚན་སྤུས་ཚད་མཐོ་རུ་བཅུག་པས།   རྗེས་མར་མགྲོན་དུ་ཡོང་རྩིས་ཡིན།
  • སྤྲ་ཨ་དབྱངས།ip:139.203.167.*
    2015-09-04 23:02:35
    དྲ་ཚིགས་འདི་ལ་ང་རང་ཧ་ཅང་དུངས།བོད་མི་ཞིག་ཡིན་ཕྱིན།དྲ་ཚིགས་འདི་ལས་བཟང་བ་ཞིག་རང་གིས་ཇུས་འགོད་བྱེད་མི་ཐུབ་རག་བར་དུ་དྲ་ཚིགས་འདི་དང་འདི་ལྟ་བུ་ལ་རྒྱབ་སྐྱོར་བྱེད་འོས་འདོད།དྲ་ཚིགས་འདི་ལ་དྲ་གྲོགས་ཡོངས་ཀྱིས་རྒྱབ་སྐྱོར་བྱེད་པར་ཞུ་ཞུ།
  • འབྲོག་རྩེ་སྣང་སད་ཇོ་ip:117.136.29.*
    2015-06-03 06:52:18
    རྩོམ་ཡིག་གི་རིན་ཐང་ནི་སྤྱི་ཚོགས་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་གི་ཉམས་སྣང་མཚོན་དགོས་པ་ལས།  དེ་དང་བྲལ་ཚེ་ནེ་ཙོའི་མ་ཎི་ལས་མ་འདས།
  • རྣོ་ཚེར།ip:117.114.150.*
    2015-04-19 21:55:06
    ཕལ་ཆེར་ཉིན་རེ་གཉིས་ལས་ཐེངས་རེར་ཡོང་གི་ཡོད། འོན་ཏེ་དེ་འདྲ་ཞིག་ཀློག་རྒྱུ་མི་འདུག









  • ཕུན་ཚོགས་བཀྲ་ཤིས།ip:113.63.239.*
    2015-03-16 21:29:24
    ཡག་པོ་བྲིས་འདུག