གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《བདག་གི་བསམ་ཚུལ་སྣ་ཚོགས།

  • ཨ་ཕ།ip:223.220.107.*
    2015-01-13 19:36:02
    ཕྲག་དོག་ཅིག་ཡེ་ནས་དགོས་དོན་མེད།   ངེད་གཉིས་ཀྱི་ལམ་ཁ་སོ་སོ་ཡིན།       མང་བོ་མང་བོ་ཞིག་ལབ་ཀྱིན་ཡོད་པ་མ་གཏོགས་མི་གཤིས་ནི་ཁྱོད་རང་ཉིད་ལ་འོས་ཤིང་འཚམ་པ་ཉིད་ཡིན་ལ།   འཚོ་བའི་ནང་ན་བཅོ་ས་བཅོས་ས་མི་འགྲོ་བའི་ལོ་ལོན་འགའ་རེ་ཡོད་པ་དེ་ཚོ་དང་འདྲ་བར་དེ་འདྲའི་གནམ་ལ་ཡང་ལྡིང་དགོས་དོན་མེད།   གནད་ཐོག་ལ་འཁེལ་སོང་ན་དེ་འདྲ་ཡིན་ཡང་སྲིད།    དཔའ་བོ་ཞིག་གི་ཚུགས་ཀ་སྟོན་མི་དགོས།     ཐང་གི་སྙན་ཚིག་དེ་ཚོའི་ནང་ན་འཕག་ར་བྱས་བསྡད་ཡོད་པ་བསྐྱུར་ནས་༼ཤན་ཤུགས་ཐེབས་མི་ནུས་༽ཟེར།    ༼  ཡང་འཛམ་གླིང་གི་རྩོམ་མཁན་ཚང་མའི་རྩོམ་དེ་འདྲ་ཞེ་གཅིག་༽ཡིན་ཟེར།   འོ་ན་ཁྱོད་འཛམ་གླིང་ན་མེད་པ་ཡིན་ནམ།     ཅུང་ཤེས་པ་ཙམ་པོ་དེ་གཞན་གྱི་ཚིག་སྣེ་ཞིག་ཐོས་པར་ཞེ་སྡང་གི་མདོག་ལ་མི་བརྗེ་བར་ལྷོད་ལྷོད་གྱིས།      ༼ཧ་ཧ ༽ཟེར་མི་དགོས་དེ་ནི་གནས་ལུགས་མི་ཤེས་ཤིང་།   མང་ཚོགས་ཀྱི་རྒྱུ་ནོར་སྟེང་ན་འགྲེང་ཡོད་པའི་དེང་གི་དཔོན་པོ་རྒྱགས་པ་ཚོའི་བྱེད་སྟངས་ཡིན། ངས་ནི་ཁྱོད་དང་ཁོ་ཚོའི་བར་ན་ཧེ་བག་ཡོད་པར་འདོད་ཡོད།      ཨ་ཕ།
  • སེང་།ip:221.207.37.*
    2015-01-13 10:31:49
    ཧ་ཧ། ད་ནི་རྟ་རྐུན་ཁྱོད་ཀྱིས་རྟ་བདག་ང་ལ་རྐུ་འཛུགས་རྒྱུ་ཡིན་ནམ། ཆུ་ངོགས་གཏམ་རྒྱུད་ནང་ན་འབོལ་རྩོམ་ཡང་ཡོད་དམ། ཕྲག་པ་དོག་པའི་གཏམ་མ་བཤད། ང་ལ་གཞན་གྱི་རྩོམ་ཤན་ཐེབས་མི་ནུས། གལ་ཏེ་ཐེབས་སྲིད་ན་དགའོ། ། ཐུའུ་བཀྭན་གྱི་སྙན་ངག་མང་པོར་རྒྱ་ནག་གི་རྩོམ་ཤན་ཐེབས་ཡོད། ཙོང་ཁ་པའི་རྩོམ་སོགས་ལ་རྒྱ་གར་གྱི་རྩོམ་ཤན་ཐེབས་ཡོད། ས་པཎ་གྱི་ལེགས་བཤད་སོགས་རྒྱ་གར་པ་ཚོའི་ལུགས་ཀྱི་བསྟན་བཅོས་ལ་དཔེ་བྱས་ནས་བྱུང་། འཛམ་གླིང་གི་རྩོམ་མཁན་ཚང་མའི་རྩོམ་དེ་འདྲ་ཞེ་གཅིག་ཡིན། ཤན་ཕར་ཐེབས་ཚུར་ཐེབས་ཀྱིས་འཕེལ་ཞིང་རྒྱས། དར་ཞིང་བདོ་བར་གྱུར་ཏོ།། དགེའོ།། དགེའོ།།
  • ཨ་ཕ།ip:36.100.83.*
    2015-01-11 22:27:26
    ད་ནི་གོང་རོལ་ཏུ་ཆུ་ངོགས་གཏམ་རྒྱུད་ཀྱི་ཚིགས་བཅད་དེ་ཚོ་ཐོན་འདུག      ཅི་བྱ།   གསར་རྩོམ་ཟེར།   དེ་ཡང་དེ་ཀ་ཙམ་རེད་ལ།    ལད་ཟློས་ལ་རང་གཤིས་ཡོད་ན་བཟང་།     ཚང་མ་བཤུས་ནས་ངོམ་སྲོལ་ཡོད་དམ།    རོགས་གཅེས།  ཁྱོད་ཀྱི་རྩོམ་ལ་ལ་ཞིག་ལ་བོད་ཀྱི་ཤ་རུས་ཁྲག་གསུམ་གྱི་དྲི་བྲོ་ཡི་འདུག    དེ་ཁྱོད་ཀྱི་ཁྱད་ཆོས་རེད།    ཡིན་ཡང་རྒྱའི་རྩོམ་རྙིང་དེ་ཚོའི་ལད་ཟློས་ཉུང་དུ་ཆུགས།     དུས་རབས་གསར་བ་རེད།    མཚོན་ཐབས་གསར་བ་ལག་ལེན་བྱོས།  གསར་རྟགས་མ་སྟོན།  ལོ་རྒས་ན་འགྱོད་ས་ཡོད་ངེས།   ཐག་རིང་མི་དགོས།   ཁྱོད་རང་ཉིད་ཀྱང་རང་ལ་གསང་བ་ཞིག་ཡིན།   ལོ་རེ་རེའི་བསམ་ཚུལ་ཡང་མི་གཅིག    དེ་བཞིན་འབྲི་ལུགས་ཀྱང་འགྱུར་ངེས།   ངས་ནི་གོང་གི་དེ་ཁོ་ན་གཞི་བྱས་ཏེ་བཤད་པ་མིན།    སྤྱིར་ཁྱོད་ལ་ལབ་པ་ཡིན།  
  • གྲེ་ལོip:111.11.188.*
    2014-12-24 13:49:02
    རྩོམ་གྱི་བརྗོད་བྱེད་སྙན་ཡང་བརྗོད་བྱ་ལུགས་ལྡོག་ཏུ་འགྱུར་བས་སྤྱི་ཚོགས་ལ་ཕན་ཆ་དེ་བས་ཀྱང་ངོ།།དེའི་ཕྱིར་ང་ལ་དྲི་བ་ཞིག་ནི་སྐུ་ཞབས་ཁྱེད་ཀྱིས་རྩོམ་འབྲི་བའི་རྩ་བའི་དམིགས་ཡུལ་གང་ཞིག་བཟུང་ཡོད།
  • གཅན་གཟན།ip:114.69.245.*
    2014-12-19 13:10:13
    སྙན་ངག་པ་སེང་རྡོར་ལགས་ཀྱིས་ངོ་མས་སྙན་མོ་དང་ཞིབ་མོ་ཞིག་བྲིས་འདུག
  • འབྲོག་བན་ཆུང་།ip:110.166.254.*
    2014-12-18 19:32:00
    རིག་པ་ཆུ་ལ་ཆུ་བཞག་པ་རེད།
  • དཔྱིད་སེར།ip:110.166.254.*
    2014-12-18 19:28:52
    ཡགས