སེམས་དཀར་ཁ་ཏ།

ཕྱི་ཁྱ་ཁྱ་འཛམ་བུ་གླིང་ན།།
ནང་ཁྱ་ཁྱའི་དུས་རབས་འདི་ན།།
སེམས་ཁྱ་ཁྱའི་མི་ཚོགས་དཀྱིལ་ན།།
མྱིག་ཁྱ་ཁྱས་བསླུ་བ་མེད་ནོ།།
བློ་ཁྱ་ཁྱས་འགྱུར་བ་མེད་ནོ།།
ང་བོད་པ་ཚང་གི་རྒྱུད་ཡིན།།
ང་འབྲོག་པ་ཚང་གི་བུ་ཡིན།།
སེམས་དད་པ་ཅན་གྱི་མྱི་ཡིན།།
སྐྱབས་བླ་མ་གཙུག་ལ་ལོས་བཀུར།།
ལས་རྒྱུ་འབྲས་རྒྱ་ཁ་ལོས་བརྩི།།
ཆོས་དགེ་སྡུག་སྲང་ཁ་ལོས་བསྲུང་།།
ལས་བྱ་བའི་བླང་དོར་ལོས་ཤེས།།
སྐྱིད་ཕུ་ནུའི་ནང་གཏམ་གླིང་འདི།།
སེམས་རང་འདུག་མེད་ལ་བཙུགས་ནས།།
ལག་རང་འདུག་མེད་ལ་སྒྲིག་ནས།།  
ཁ་འབྱོངས་བདའ་མངགས་ས་ཆེ་ཡིན།།
རྫུན་མཁལ་ཁ་རྩོད་ས་ཆེ་ཡིན།།
ཚིག་ཁ་ལོག་རྒྱག་ས་ཆེ་ཡིན།།  

ས་ཁ་ཐག་རིང་གི་ཕུ་ནུ།།
མདངས་ཞེ་རྩིས་ཟབ་ཀི་གཉེན་ཉེ།།
ཤ་རུས་པ་གཅིག་གི་བདག་པོ།།
སེམས་སྐྱིད་ན་སྐྱིད་ཀི་དགོད་གྲོགས།།
ཞེ་སྡུག་ན་སྡུག་གི་སྨྲེང་གྲོགས།།
སྐྱིད་ཡོད་ན་མྱིག་གི་འཚོ་རོགས།།
སྡུག་ཡོད་ན་སེམས་ཀྱིས་གཉོར་རོགས།།
རུས་རུད་པ་གཅིག་གི་ཕུ་ནུ།།
ཐག་ཉེ་རིང་གཉིས་ཀ་བསྡུས་ནས།།
ལས་སྐྱིད་སྡུག་གཉིས་ཀ་ཞུས་ན།།
ས་མི་གཅིག་ཁ་ཁར་སོང་རུང་།།
ལས་མི་གཅིག་སོ་སོར་གྱེས་རུང་།།
ཕ་ཕུ་ནུའི་ནང་གཏམ་གླིང་ན།།
ལས་སྐྱིད་སྡུག་གཅིག་ལ་མདུད་ཡོད།།
མདངས་ཞེ་རྩིས་གཅིག་ལ་བརྩན་ཡོད།།
ཁ་བསམ་པའི་ཁ་ཕྱོགས་གཅིག་ཡིན།།
འགྱོ་གོམ་པའི་ལེན་ཕྱོགས་གཅིག་ཡིན།།
བློ་རྒྱུ་མའི་རྒྱུན་ཐག་གཅིག་ཡིན།།
ཀི་བཏབ་ན་དཀར་རྒྱ་ལུག་ཡིན།།
འགྱོ་ཟེར་ན་འདོ་རིགས་རྟ་ཡིན།།

ཁ་ཁོག་པ་རླུང་གིས་བཀང་ནས།།
ལུས་འབྱུང་གཞི་ཐབ་ལ་སྦྱར་ནས།།
དོན་བྱེའུ་སྐྱག་འདྲ་ཞིག་རྩད་ནས།།
གཏམ་ཚོན་པོ་འཇིགས་པོ་བཤད་ནས།
ཧ་ཕུ་ནའི་གྱོས་ཁ་མ་དཀྲུགས།།
རུ་སྡེ་བའི་ཆོས་ཁ་མ་རྫོད།།
སྤུན་མིང་སྲིང་སེམས་ཁ་མ་རྨས།།  
བཤད་མི་ཤེས་བཤད་ལ་དགའ་བོས།།
མདོ་མེད་ནས་ཉོག་གཏམ་མ་མངགས།།
དོན་མེད་ནས་ཁ་གཞི་མ་འཐེན།།
ཕ་ཕུ་ནུ་སུན་ག་མ་འཇུག།
དྲའི་བཞུར་རྒྱུན་བརླགས་ག་མ་འཇུག།
དྲ་ཨ་ཏྲ་པ་ཏྲའི་ནང་ལ།།
སེམས་ཨ་འཁོར་རྩ་འཁོར་མ་བྱ།།
ཁ་སྐྱི་མོས་ཁ་འཁྲུག་མ་བཤད།།
ལག་སོར་མོས་སྲིད་འཁྲུག་མ་སྐུར།།
ཕྱི་བལྟས་ན་འཛམ་གླིང་དྲ་རྒྱ།།
 རྒྱམ་ཆེ་ནས་རིག་ས་མེད་རུང་།།
ནང་བལྟས་ན་ནང་གི་དྲ་སྲུང་།།
འབུ་གྱོག་མའི་གྱོག་ཚང་བརྡོལ་འདྲ།།
ཁྱོའི་རྩུབ་གི་གློག་རྣ་གློག་མྱིག།
གློག་ཁྱ་ཁྱ་ཆོ་འཕྲུལ་ཅན་པོར།།
ཆ་གད་དེ་ཤར་རྒྱུ་ཡོད་ནོ།།
སྙན་སེང་སེ་གྱག་རྒྱུ་ཡོད་ནོ།།
བཤད་མི་དགོས་སེམས་ན་ལོས་གསལ།།
འདོན་མི་དགོས་བྲིས་ན་ལོས་མངོན།།

ཤ་དམར་བོ་བརྩིག་གི་རྟིང་བ།།
ཁྲག་དམར་བོ་འབབ་གི་ལྟེ་བ།།
རུས་རུད་པ་དེད་ཀི་རྩ་བ།།
ལུས་འབྱུང་གཞི་སྒྲིག་གི་གཞི་མ།།
སྐྱིད་ཕུ་ནུའི་ནང་གཏམ་གླིང་འདི།།
ལས་ཁམ་པ་ཁོམ་པ་ཡོད་དུས།།
ཁ་ཁོག་པས་འཚམས་འདྲི་ཞུ་ས།།
ཞེ་ཐག་པས་ཁ་ཏ་ལྷོད་ས།།
གཏམ་ཀུ་རེའི་དབུ་རྒྱན་འདོགས་ས།།
གླུ་སྙན་མོའི་སྙན་དབང་གསོ་ས།།   
གཞི་འཁོར་བའི་རླུང་གི་ནང་ན།།
ཁ་ཚུར་འཁོར་རང་དབང་མེད་རུང་།།
སེམས་བསམ་པ་ཚུར་ལ་འཁོར་ནས།།
ཁ་འཇམ་པོའི་ཁ་ཚིག་བསྟན་ནས།།  
དོན་བྱ་བར་གྱོས་ཁ་མཐུན་ན།།
ཕ་ཕུ་ནུའི་གཅེས་པའི་རྟགས་ཡིན།།
མདངས་དུངས་པ་བསྲུང་བའི་ཚུལ་ཡིན།།
ཕྱིར་གྱོས་ཁ་ཤོར་གི་མ་འཇུག།།
ནང་འཕལ་ཁ་འཐོར་གི་མ་འཇུག
བརྩི་ཤེས་ན་ཕུ་ནུའི་གླིང་འདི།།
མགོ་ཐོད་པའི་ཁྲ་ཆུང་མིག་ཡིན།།
བྲང་གྲུ་བཞིའི་དམར་ཆུང་སྲོག་ཡིན།།
ལས་སྐྱིད་སྡུག་བརྟེན་སའི་དཔུང་ཡིན།།
དཔུང་འདི་ཡི་བདག་པོ་ཟེར་ན།།
གླིང་འདི་ཡི་ཆེ་ཆུང་ཀུན་ཡིན།།
ཁ་འཆམ་དགོས་ཁོག་པ་མཐུན་དགོས།།
ཞེ་བསམ་པ་ནང་ལ་འཁོར་དགོས།།
མྱི་ཆེ་ཆུང་བརྩི་འཚོ་ཤེས་དགོས།།
དོན་ཆེ་ཆུང་གོ་དོན་གསལ་དགོས།།
ལས་བྱ་བ་གང་ལ་ཐུག་ན།།
ཁ་ཨོ་ཡ་ཙམ་གིས་མི་ཆོག།
དོན་ཨོ་ཡ་ལག་ལེན་ཡོད་དགོས།།
ལས་ཨོ་ཡ་བསྒྲུབ་རོགས་ཐུབ་དགོས།།
ཁ་མི་དལ་འདོགས་ར་འདི་ཡང་།།
ཞེ་མི་དལ་ཕུ་ནུ་བསམ་ནས།།
སེམས་མི་དལ་ཙམ་ཞིག་བཏགས་ནི།།
དོན་གོ་བ་ཡོད་ན་ཉན་དགོས།།
ཉན་ཤེས་ན་སེམས་དཀར་ཁ་ཏ།།
ལས་གོ་དོན་ལག་ལེན་ཐུབ་དགོས།།
ལེན་ཐུབ་ན་བདུད་རྩི་མན་ངག།
ནང་ཕུ་ནུའི་ཐུགས་ལ་དེ་ཟུངས།།
       ༢༠༢༢–༢–

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སེམས་དཀར་ཁ་ཏ།

2022-03-10 རྨ་འོད།(རྨ་ཆུ) ཀློག་གྲངས། མཆན ཡོད།
ཕྱི་ཁྱ་ཁྱ་འཛམ་བུ་གླིང་ན།།
ནང་ཁྱ་ཁྱའི་དུས་རབས་འདི་ན།།
སེམས་ཁྱ་ཁྱའི་མི་ཚོགས་དཀྱིལ་ན།།
མྱིག་ཁྱ་ཁྱས་བསླུ་བ་མེད་ནོ།།
བློ་ཁྱ་ཁྱས་འགྱུར་བ་མེད་ནོ།།
ང་བོད་པ་ཚང་གི་རྒྱུད་ཡིན།།
ང་འབྲོག་པ་ཚང་གི་བུ་ཡིན།།
སེམས་དད་པ་ཅན་གྱི་མྱི་ཡིན།།
སྐྱབས་བླ་མ་གཙུག་ལ་ལོས་བཀུར།།
ལས་རྒྱུ་འབྲས་རྒྱ་ཁ་ལོས་བརྩི།།
ཆོས་དགེ་སྡུག་སྲང་ཁ་ལོས་བསྲུང་།།
ལས་བྱ་བའི་བླང་དོར་ལོས་ཤེས།།
སྐྱིད་ཕུ་ནུའི་ནང་གཏམ་གླིང་འདི།།
སེམས་རང་འདུག་མེད་ལ་བཙུགས་ནས།།
ལག་རང་འདུག་མེད་ལ་སྒྲིག་ནས།།  
ཁ་འབྱོངས་བདའ་མངགས་ས་ཆེ་ཡིན།།
རྫུན་མཁལ་ཁ་རྩོད་ས་ཆེ་ཡིན།།
ཚིག་ཁ་ལོག་རྒྱག་ས་ཆེ་ཡིན།།  

ས་ཁ་ཐག་རིང་གི་ཕུ་ནུ།།
མདངས་ཞེ་རྩིས་ཟབ་ཀི་གཉེན་ཉེ།།
ཤ་རུས་པ་གཅིག་གི་བདག་པོ།།
སེམས་སྐྱིད་ན་སྐྱིད་ཀི་དགོད་གྲོགས།།
ཞེ་སྡུག་ན་སྡུག་གི་སྨྲེང་གྲོགས།།
སྐྱིད་ཡོད་ན་མྱིག་གི་འཚོ་རོགས།།
སྡུག་ཡོད་ན་སེམས་ཀྱིས་གཉོར་རོགས།།
རུས་རུད་པ་གཅིག་གི་ཕུ་ནུ།།
ཐག་ཉེ་རིང་གཉིས་ཀ་བསྡུས་ནས།།
ལས་སྐྱིད་སྡུག་གཉིས་ཀ་ཞུས་ན།།
ས་མི་གཅིག་ཁ་ཁར་སོང་རུང་།།
ལས་མི་གཅིག་སོ་སོར་གྱེས་རུང་།།
ཕ་ཕུ་ནུའི་ནང་གཏམ་གླིང་ན།།
ལས་སྐྱིད་སྡུག་གཅིག་ལ་མདུད་ཡོད།།
མདངས་ཞེ་རྩིས་གཅིག་ལ་བརྩན་ཡོད།།
ཁ་བསམ་པའི་ཁ་ཕྱོགས་གཅིག་ཡིན།།
འགྱོ་གོམ་པའི་ལེན་ཕྱོགས་གཅིག་ཡིན།།
བློ་རྒྱུ་མའི་རྒྱུན་ཐག་གཅིག་ཡིན།།
ཀི་བཏབ་ན་དཀར་རྒྱ་ལུག་ཡིན།།
འགྱོ་ཟེར་ན་འདོ་རིགས་རྟ་ཡིན།།

ཁ་ཁོག་པ་རླུང་གིས་བཀང་ནས།།
ལུས་འབྱུང་གཞི་ཐབ་ལ་སྦྱར་ནས།།
དོན་བྱེའུ་སྐྱག་འདྲ་ཞིག་རྩད་ནས།།
གཏམ་ཚོན་པོ་འཇིགས་པོ་བཤད་ནས།
ཧ་ཕུ་ནའི་གྱོས་ཁ་མ་དཀྲུགས།།
རུ་སྡེ་བའི་ཆོས་ཁ་མ་རྫོད།།
སྤུན་མིང་སྲིང་སེམས་ཁ་མ་རྨས།།  
བཤད་མི་ཤེས་བཤད་ལ་དགའ་བོས།།
མདོ་མེད་ནས་ཉོག་གཏམ་མ་མངགས།།
དོན་མེད་ནས་ཁ་གཞི་མ་འཐེན།།
ཕ་ཕུ་ནུ་སུན་ག་མ་འཇུག།
དྲའི་བཞུར་རྒྱུན་བརླགས་ག་མ་འཇུག།
དྲ་ཨ་ཏྲ་པ་ཏྲའི་ནང་ལ།།
སེམས་ཨ་འཁོར་རྩ་འཁོར་མ་བྱ།།
ཁ་སྐྱི་མོས་ཁ་འཁྲུག་མ་བཤད།།
ལག་སོར་མོས་སྲིད་འཁྲུག་མ་སྐུར།།
ཕྱི་བལྟས་ན་འཛམ་གླིང་དྲ་རྒྱ།།
 རྒྱམ་ཆེ་ནས་རིག་ས་མེད་རུང་།།
ནང་བལྟས་ན་ནང་གི་དྲ་སྲུང་།།
འབུ་གྱོག་མའི་གྱོག་ཚང་བརྡོལ་འདྲ།།
ཁྱོའི་རྩུབ་གི་གློག་རྣ་གློག་མྱིག།
གློག་ཁྱ་ཁྱ་ཆོ་འཕྲུལ་ཅན་པོར།།
ཆ་གད་དེ་ཤར་རྒྱུ་ཡོད་ནོ།།
སྙན་སེང་སེ་གྱག་རྒྱུ་ཡོད་ནོ།།
བཤད་མི་དགོས་སེམས་ན་ལོས་གསལ།།
འདོན་མི་དགོས་བྲིས་ན་ལོས་མངོན།།

ཤ་དམར་བོ་བརྩིག་གི་རྟིང་བ།།
ཁྲག་དམར་བོ་འབབ་གི་ལྟེ་བ།།
རུས་རུད་པ་དེད་ཀི་རྩ་བ།།
ལུས་འབྱུང་གཞི་སྒྲིག་གི་གཞི་མ།།
སྐྱིད་ཕུ་ནུའི་ནང་གཏམ་གླིང་འདི།།
ལས་ཁམ་པ་ཁོམ་པ་ཡོད་དུས།།
ཁ་ཁོག་པས་འཚམས་འདྲི་ཞུ་ས།།
ཞེ་ཐག་པས་ཁ་ཏ་ལྷོད་ས།།
གཏམ་ཀུ་རེའི་དབུ་རྒྱན་འདོགས་ས།།
གླུ་སྙན་མོའི་སྙན་དབང་གསོ་ས།།   
གཞི་འཁོར་བའི་རླུང་གི་ནང་ན།།
ཁ་ཚུར་འཁོར་རང་དབང་མེད་རུང་།།
སེམས་བསམ་པ་ཚུར་ལ་འཁོར་ནས།།
ཁ་འཇམ་པོའི་ཁ་ཚིག་བསྟན་ནས།།  
དོན་བྱ་བར་གྱོས་ཁ་མཐུན་ན།།
ཕ་ཕུ་ནུའི་གཅེས་པའི་རྟགས་ཡིན།།
མདངས་དུངས་པ་བསྲུང་བའི་ཚུལ་ཡིན།།
ཕྱིར་གྱོས་ཁ་ཤོར་གི་མ་འཇུག།།
ནང་འཕལ་ཁ་འཐོར་གི་མ་འཇུག
བརྩི་ཤེས་ན་ཕུ་ནུའི་གླིང་འདི།།
མགོ་ཐོད་པའི་ཁྲ་ཆུང་མིག་ཡིན།།
བྲང་གྲུ་བཞིའི་དམར་ཆུང་སྲོག་ཡིན།།
ལས་སྐྱིད་སྡུག་བརྟེན་སའི་དཔུང་ཡིན།།
དཔུང་འདི་ཡི་བདག་པོ་ཟེར་ན།།
གླིང་འདི་ཡི་ཆེ་ཆུང་ཀུན་ཡིན།།
ཁ་འཆམ་དགོས་ཁོག་པ་མཐུན་དགོས།།
ཞེ་བསམ་པ་ནང་ལ་འཁོར་དགོས།།
མྱི་ཆེ་ཆུང་བརྩི་འཚོ་ཤེས་དགོས།།
དོན་ཆེ་ཆུང་གོ་དོན་གསལ་དགོས།།
ལས་བྱ་བ་གང་ལ་ཐུག་ན།།
ཁ་ཨོ་ཡ་ཙམ་གིས་མི་ཆོག།
དོན་ཨོ་ཡ་ལག་ལེན་ཡོད་དགོས།།
ལས་ཨོ་ཡ་བསྒྲུབ་རོགས་ཐུབ་དགོས།།
ཁ་མི་དལ་འདོགས་ར་འདི་ཡང་།།
ཞེ་མི་དལ་ཕུ་ནུ་བསམ་ནས།།
སེམས་མི་དལ་ཙམ་ཞིག་བཏགས་ནི།།
དོན་གོ་བ་ཡོད་ན་ཉན་དགོས།།
ཉན་ཤེས་ན་སེམས་དཀར་ཁ་ཏ།།
ལས་གོ་དོན་ལག་ལེན་ཐུབ་དགོས།།
ལེན་ཐུབ་ན་བདུད་རྩི་མན་ངག།
ནང་ཕུ་ནུའི་ཐུགས་ལ་དེ་ཟུངས།།
       ༢༠༢༢–༢–

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།