དམངས་གླུ་ཆུ་མིག་དགུ་སྒྲིལ།༨

རྔ་བ་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-09-25

235

གྲལ་མགོ་སྐོར་ནས་གདན་བཏིངས།།

གོས་རི་མོ་ཅན་གྱི་གདན་ཐོག་ན།།

མགོ་གསེར་ཞྭ་ཅན་གྱི་བླ་མ་བཞུགས།།

འདི་ཡང་ཡང་བཞུགས་གི་སྨོན་ལམ་འདེབས།།

236

སྒོ་མགོའི་གསེར་མཁར་དགུ་ཐོག་རེད།།

གསེར་དགུ་ཐོག་ཉི་མ་རང་ཤར་རེད།།

སྒོ་རྩེ་ཤིང་ལོ་ཡར་འཁྱིལ་རེད།།

ཤིང་ཡར་འཁྱིལ་ཁུ་བྱུག་རང་འཁོར་རེད།།

སྒོ་ཞོལ་མཚོ་མོ་ཡར་འཁྱིལ་རེད།།

མཚོ་ཡར་འཁྱིལ་ཉ་སྲམ་རང་འཁོར་རེད།།

237

ངེད་དོ་ཐོག་གསུང་རབ་ཆོས་ཀྱིས་གང་།།

ཕ་ཨ་ཁུ་བཟང་བོས་བསགས་པ་རེད།།

ངེད་དོ་སྐེད་འབྲུ་དྲུག་ནས་ཀྱིས་གང་།།

འདི་བུ་ཆུང་བཟང་བོས་བསགས་པ་རེད།།

238

རོགས་ངེད་གཉིས་བར་ན་ལ་ཞིག་ཡོད།།

ལ་ཡོད་བསམ་སེམས་ཁྲལ་ང་ལ་མེད།།

དབྱར་ཟླ་གསུམ་འདོ་བ་ཤ་ཡོད་རེད།།

སྐབས་དེ་དུས་ཅི་བྱེད་རང་ལག་རེད།།

 

རོགས་ངེད་གཉིས་བར་ལ་ཆུ་ཞིག་ཡོད།།

ཆུ་ཡོད་བསམ་སེམས་ཁྲལ་ང་ལ་མེད།།

དགུན་ཟླ་གསུམ་ཆུ་བོ་དར་ཆགས་རེད།།

སྐབས་དེ་དུས་ཅི་བྱེད་རང་ལག་རེད།།

 

རོགས་ངེད་གཉིས་བར་ལ་མྱི་ཁ་ཡོད།།

དེ་ཡོད་བསམ་སེམས་ཁྲལ་ང་ལ་མེད།།

གཏམ་མྱི་ཁ་ལངས་རེས་འཇག་རེས་རེད།།

སྐབས་དེ་དུས་ཅི་བྱེད་རང་ལག་རེད།།

239

ཁྱོད་གངས་ཆུ་གཡས་ལུང་བརྒྱུད་ནས་ཤོག།

ང་རྫ་ཆུ་གཡོན་ལུང་བརྒྱུད་ནས་འོང་།།

མདའ་ཆུ་གཉིས་བར་ལ་ཞིང་ཁ་འདེབས།།

འབྲུ་སྟོན་ཐོག་སྨིན་བསྡད་ཡོད་ནི་བྱེད།།

 

ཁྱོད་སྤྲིན་དཀར་ལྷོ་རི་བརྒྱུད་ནས་ཤོག།

ང་སྤྲིན་དམར་བྱང་རི་བརྒྱུད་ནས་འོང་།།

གནམ་སྤྲིན་གཉིས་བར་ནས་སྦྲང་ཆར་འབེབ།།

དབྱར་སྔོན་མོ་ཚེས་བསྡད་ཡོད་ནི་བྱེད།།

 

ཁྱོད་སྨན་ཆུང་གྲོང་སྨད་བརྒྱུད་ནས་ཤོག།

ང་སྟག་ཤར་གྲོང་སྟོད་བརྒྱུད་ནས་འོང་།།

དམའ་གྲོང་གཉིས་བར་ལ་ཨ་མཐུན་སྒྲིག།

གཞིས་འཁོར་བ་བཟུང་བསྡད་ཡོད་ནི་བྱེད།།

240

སྟག་ཤ་ར་ཡག་ལ་དཔའ་སྙིང་འཛོམས།།

མགོ་ཝ་ཞྭ་ཡག་ལ་ཞྭ་ལོང་འཛོམས།།

རྐང་སོག་ལྷམ་ཡག་ལ་ཁྲ་རིས་འཛོམས།།

འཛོམས་གསུམ་འཛོམས་པའི་བཀྲ་ཤིས་ཤོག།

 

སྨན་བུ་མོ་ཡག་ལ་སྐྱེ་གཟུགས་འཛོམས།།

སྐེ་གའུ་ཡག་ལ་ག་ལོང་འཛོམས།།

སྐེད་དངུལ་ཆབ་ཡག་ལ་གཡུ་ཁྲ་འཛོམས།།

འཛོམས་གསུམ་འཛོམས་པའི་བཀྲ་ཤིས་ཤོག།

241

རྟ་སྔོ་སྐྱའི་གོམ་པ་ཐར་ཐོར་རེད།།

སྒ་གསེར་སྒའི་ལྷུ་བཞི་རུག་རུག་རེད།།

བན་བླ་མའི་ཞལ་འདོན་ལྷང་ལྷང་རེད།།

ཆོས་དཔེ་ཆའི་ཡིག་འབྲུ་ཐར་ཐོར་རེད།།

 

ཚིག་བརྒྱ་བཤད་ལོ་མ་ཐར་ཐོར་རེད།།

དོན་སྙིང་སྙིང་བོའི་འབྲས་བུ་རུག་རུག་རེད།།

དམའ་རྒྱ་གྲོང་བརྒྱ་སྡེ་ཐར་ཐར་རེད།།

རོགས་ཨ་མཐུན་བསམ་པ་འགྲིག་འགྲིག་རེད།།

242

རྟ་སྔོ་སྐྱའི་བདག་པོ་བརྒྱ་སྡེ་རེད།།

སྡེ་ལོས་ཡིན་ཕྱུག་པོའི་གསོས་མ་རེད།།

འགྲོས་གོམ་པའི་བདག་པོ་ང་རང་རེད།།

ང་ལོས་ཡིན་ཁྲམ་པའི་བུ་རེད་ཡ།།

 

བོའུ་ཁྲ་རིང་བདག་པོ་བརྒྱ་སྡེ་རེད།།

སྡེ་ལོས་ཡིན་མགར་བའི་བརྡུངས་བཟོ་རེད།།

བོའུ་གཟུ་མོའི་བདག་པོ་ང་རང་རེད།།

ང་ལོས་ཡིན་རྔོན་པའི་བུ་རེད་ཡ།།

 

རོགས་ཆུང་ལོའི་བདག་པོ་བརྒྱ་སྡེ་རེད།།

སྡེ་ལོས་ཡིན་ཕ་མའི་གཅེས་ཕྲུག་རེད།།

ཞེ་དུང་བའི་བདག་པོ་ང་རང་རེད།།

ང་ལོས་ཡིན་ཆུང་འདྲིས་རོགས་རེད་ཡ།།

243

དངུལ་དཀར་གའུ་གྲུ་དྲུག་མ།།

རྒྱ་བྱུར་དཀྲུགས་མའི་ཕྲ་རྒྱན་ཅན།།

རིག་ཚད་མི་ལ་གཡར་གི་མེད།།

སྐེ་གའུ་ཟད་འགྲོ་མ་བསམ་ད།།

ཕྲ་རྒྱ་བྱུར་ལྷུང་ན་གྱོང་ཆེན་རེད།།

 

རྒྱ་གཡུ་དྲུག་དཀར་འོ་མའི་མདོག།

སྟོང་སྐུད་དམར་བོའི་འདོག་ལོང་ཅན།།

རིག་ཚད་མི་ལ་སྟོན་གི་མེད།།

གཡུ་དྲུང་དཀར་བརླག་འགྲོ་མ་བསམ་ད།།

ལོང་སྟོང་སྐུད་ཆད་ན་གྱོང་ཆེན་རེད།།

 

ཆུང་འདྲིས་དགའ་རོགས་སྙིང་དམར་མ།།

ཞེ་མཐུན་སེམས་གི་བརྩེ་བ་ཅན།།

རིག་ཚད་མི་ལ་བཤད་གི་མེད།།

རོགས་ཨ་མཐུན་འགྱུར་འགྲོ་མ་བསམ་ད།།

གཏམ་མྱི་ཁ་ཕོག་ན་གྱོང་ཆེན་རེད།།

244

ཆུང་ཨ་ཆུང་རྩེད་མོ་རྩེ་སྒང་ནས།།

རོགས་ངེད་གཉིས་རྡོ་ལ་རི་མོ་བྲིས།།

རྡོག་ཆག་རུང་རི་མོ་ནོག་ས་མེད།།

 

ཡང་ཆུང་མེ་ཏོག་འཐུ་སྒང་ནས།།

རོགས་ངེད་གཉིས་དར་ལ་མདུད་པ་བརྒྱབས།།

དར་ཆད་རུང་མདུད་པ་གྲོལ་ས་མེད།།

 

ཞེ་མཐུན་འོ་མ་འཐུང་སྒང་ནས།།

རོགས་ངེད་གཉིས་སེམས་གི་བརྩེ་བ་བཞག།

ལུས་འགྱུར་རུང་བསམ་པ་འགྱུར་བ་མེད།།

246

དཔྱིད་ཉི་རིང་བོ་འགྱུར་ལྡོག་མང་།།

དྲོ་རེས་བརྒྱ་ལ་གྲང་རེས་སྟོང་།།

མི་ཚེ་རིང་བོ་སྒང་གཤོང་ཆེ།།

སྐྱིད་རེས་བརྒྱ་ལ་སྡུག་རེས་སྟོང་།།

246

རྫ་སྟོད་མཐོན་པོའི་བྲེ་སེར་འབྲོང་།།

རྫ་རྩྭ་མིན་པ་ཟ་བསམ་མེད།།

རྫ་རྩྭ་ཁ་བས་མནན་ཟེར་ན།།

དེ་དུས་ཅི་དགོས་གཞི་ནས་ལྟ།།

ན་དམར་གཞུང་གི་ཁ་དཀར་རྐྱང་།།

ན་ཆུ་མིན་པ་འཐུང་བསམ་མེད།།

ན་ཆུ་འཁྱག་གིས་བསྡམས་ཟེར་ན།།

དེ་དུས་ཅི་དགོས་གཞི་ནས་ལྟ།།

 

རྒྱ་གྲོང་དཀྱིལ་གི་སྟག་ཤར་བུ།།

ཆུང་འདྲིས་མིན་པ་འདྲིས་བསམ་མེད།།

ཆུང་འདྲིས་བསམ་པ་འགྱུར་ཟེར་ན།།

དེ་དུས་ཅི་དགོས་གཞི་ནས་ལྟ།།

247

ལུག་གཡུང་མོ་གཟས་ལ་མ་འགྲོ་ཟེར།།

སྤྱང་དར་མས་གཟས་ལམ་བཀག་ཡོད་ཟེར།།

ལུག་གཟས་ལ་མི་འགྲོ་ཤེས་ས་མེད།།

རྩྭ་རྩི་ཐོག་ངེད་གཉིས་གཏམ་བཞག་ཡོད།།

སྤྱང་དར་མས་བསད་ན་སྔོན་ལས་རེད།།

 

བྱེའུ་འཇོལ་མོ་ཤིང་རྩེ་མ་འགྲིམ་ཟེར།།

ཁྲ་ཧོར་བས་འགྲོ་ལམ་བཀག་ཡོད་ཟེར།།

བྱེའུ་ཤིང་རྩེ་མི་འགྲིམ་ཤེས་ས་མེད།།

ཤིང་རྩེ་མོ་ངེད་གཉིས་གཏམ་བཤད་ཡོད།།

ཁྲ་ཧོར་བས་བསད་ན་སྔོན་ལས་རེད།།

 

སྟག་ཤ་ར་རྒྱ་གྲོང་མ་འགྲིམ་ཟེར།།

གཏམ་མྱི་ཁས་གྲོང་ཚོ་དཀྲུགས་ཐལ་ཟེར།།

ང་རྒྱ་གྲོང་མི་འགྲིམ་ཤེས་ས་མེད།།

རོགས་ཆུང་འདྲིས་ངེད་གཉིས་གཏམ་བཞག་ཡོད།།

གཏམ་མྱི་ཁས་གཏོར་ན་སྔོན་ལས་རེད།།

248

རྟ་བརྒྱའི་ཐོར་མོ་རག་དཀར་མ།།

ངས་གསེར་སྲབ་གཡུ་མཐུར་ཁྱོད་ལ་སྐོན།།

ཁྱོས་རྒྱུག་གོམ་གཡུང་གསུམ་ང་ལ་སྟོན།།

རྟ་ངེད་གཉིས་གོམ་འགྲོས་འཁོར་ལོ་བསྐོར།།

 

འབྲི་བརྒྱའི་ཐུལ་མ་གྭ་ཁྱ་མ།།

ངས་སྐེ་ལུང་འཆར་ཐག་ཁྱོད་ལ་འདོག།

ཁྱོས་བདུད་རྩིའི་འོ་མ་ང་ལ་གཏོད།།

འབྲི་ང་གཉིས་འོ་ཞོའི་རྒྱ་མཚོ་སྐྱིལ།།

 

རོགས་བརྒྱའི་ཆུང་འདྲིས་སྙིང་དམར་མ།།

ངས་སྙིང་གཏམ་ཚིག་གསུམ་ཁྱོད་ལ་བཤད།།

ཁྱོས་བློ་སྙིང་བྲང་གསུམ་ང་ལ་གཏོད།།

རོགས་འུ་གཉིས་མི་ཚེ་སྐྱིད་ལ་སྐྱེལ།།

249

ང་བྱ་བརྒྱའི་རྒོད་པོ་གཤོག་རིང་མ།།

འཕུར་བཏང་ན་རི་རྩེ་གར་མཐོ་ཡིན།།

བྲག་དཀར་རྫོང་ཞིག་ལ་མ་ཐུག་ན།།

རི་རིག་ཚད་རྩེ་ལ་འབབ་རྒྱུ་མིན།།

 

ང་རྟ་བརྒྱའི་ཐོར་མོ་དྲུག་ཁྱ་མ།།

བརྒྱུག་བཏང་ན་ཐང་ཆེན་གང་བདེ་ཡིན།།

ལམ་སྐྱ་རིང་ཞིག་ལ་མ་ཐུག་ན།།

ཐང་རིག་ཚད་ཐོག་ལ་རྒྱུག་ནི་མིན།།

 

ང་སྡེ་བརྒྱའི་མཛངས་མ་གཤིས་བཟང་མ།།

འདྲིས་བཏང་ན་རོགས་ལོ་གང་ཡག་ཡིན།།

རོགས་གཤིས་བཟང་ཞིག་ལ་མ་ཐུག་ན།།

རོགས་རིག་ཚད་ངོ་མ་ལྟ་ནི་མིན།།

250

ང་ཡར་སོང་དབུས་གཙང་མཐིལ་ལ་སོང་།།

གཙང་ས་སྐྱ་བླ་མའི་མཆོད་ཆ་བརྐུས།།

མཐུ་བྱད་ཁ་ཕོག་སོ་མ་དགོས་ཐལ།།

གཉིད་རྨི་ལམ་ཙམ་ཞིག་མ་འཁྲུག་ཐལ།།

ང་ཕར་སོང་རྒྱ་གྲོང་དཀྱིལ་ལ་སོང་།།

རོགས་ཨ་མཐུན་བཙལ་ཞིང་ཞེ་མཐུན་བསྒྲིགས།།

གཏམ་མྱི་ཁ་ཕོག་སོ་མ་དགོས་ཐལ།།

མཚན་ཁྱི་ཁ་ཙམ་ཞིག་མ་གཙེས་ཐལ།།

 

ང་མར་སོང་རྒྱ་ནག་སྨད་ལ་སོང་།།

རྒྱ་ཟི་ལིང་ཨམ་བན་ཆིབས་རྟ་བརྐུས།།

ཁྲིམས་ཉེས་ཆད་ཕོག་སོ་མ་དགོས་ཐལ།།

སྐད་ཁྲིམས་གཏམ་ཙམ་ཞིག་མ་གོ་ཐལ།།

251

རྟ་འདོ་བ་སོག་པ་རྔོག་སྐྱ་ཅན།།

ཁྱོའི་རྔོག་མའི་རིང་ཐུང་བར་ལ།།

ངས་དམ་ཆེན་སྲུང་རྟགས་བཏགས་ཡོད།།

རྟ་བསམ་པ་ཅན་ཞིག་ཡིན་ན།།

སྒ་གང་ཡིན་རྒྱབ་ལ་མ་ལེན།།

 

རོགས་ཆུང་ལོ་བྱུ་རུའི་རྣ་ཏོག་ཅན།།

ཁྱོའི་ཡ་ཆུང་ལྷ་ཁང་ནང་ལ།།

ངས་མི་འགལ་མནའ་ཞིག་བསྐྱལ་ཡོད།།

རོགས་བསམ་པ་ཅན་ཞིག་ཡིན་ན།།

རོགས་གང་ཡིན་འགྲོག་གི་མ་འདུག།

 

252

རི་མཐོན་པོ་འགོ་སོ་མི་ཕོད་ས།།

སྟོད་གི་གངས་དཀར་ཏི་སེ་རེད།།

ཆུ་ཆེན་པོ་རྐྱལ་རབས་མི་ཆོད་ས།།

སྨད་ཀྱི་རྒྱལ་མོ་རྔུལ་ཆུ་རེད།།

ཐང་ཆེན་པོ་ལམ་ཐག་མི་ཆོད་ས།།

བྱང་གི་ཨ་ཆེན་གཞུང་དྲུག་རེད།།

253

ཁྱོད་ཨ་མཐུན་གར་སོང་གར་བསྡདལ།།

ཞེ་མཐུན་སའི་རོགས་ལོ་རེ་འཁྲིད་རྒྱུ་ཡོད།།

གཞིས་འཁོར་བའི་ཁྱིམ་སོ་བཟུང་ཉིན་མོ།།

ངས་ཨེ་ཡོད་ལྟད་མོ་རྒྱང་ནས་ལྟ།།

254

གནམ་སྔོན་འབབ་རེས་ཐང་རེས་རེད།།

ཆར་ཆད་མེད་ཉི་མ་ལོག་ཆར་རེད།།

ས་དོག་མོ་སྐྱ་རེས་སྔོ་རེས་རེད།།

 

མདོག་འགྱུར་མེད་ལྷ་ཤིང་ཤུག་པ་རེད།།

རོགས་ཨ་མཐུན་ཉལ་རེས་འགྱིང་རེས་རེད།།

བློ་འགྱུར་མེད་ཆེང་འདྲིས་སྙིང་དམར་རེད།།

255

མ་ལྡིང་མ་ལྡིང་ཐང་དཀར་རྒོད།།

ལྡིང་ཆེ་ན་ནམ་མཁའ་སྟོང་བ་རེད།།

མ་འཁྱུག་མ་འཁྱུག་གསེར་མིག་ཉ།།

འཁྱུག་ཆེ་ན་རྒྱ་མཚོ་གཏིང་མེད་རེད།།

མ་འདྲིས་མ་འདྲིས་ཨ་མཐུན་རོགས།།

འདྲིས་མང་ན་རྒྱ་གྲོང་མཐའ་མེད་རེད།།

256

མགོ་ཝ་ཞྭ་ནམ་མཁའི་སྤྲིན་དམར་རེད།།

རླུང་བསེར་བུ་བརྒྱབ་ན་ཇེ་དམར་རེད།།

རྟ་སྔོ་རྒྱ་སྒང་ཁའི་ཕོ་དགོ་རེད།།

སྒང་རེ་རེར་བུད་ན་ཇེ་མགྱོགས་རེད།།

རོགས་ཆུང་ལོ་སེམས་པ་སྒེར་མཐུན་རེད།།

གཏམ་མྱི་ཁ་ཡོང་ན་ཇེ་མཐུན་རེད།།

227

དཀར་ཆུང་ལུ་གུའི་ཚར་ཆུང་རེད།།

གོན་མྱོང་ད་དྲོན་པོ་ཡོད་ལེ་མིན།།

གཡང་མོ་ལུག་གི་མཁལ་ཚིལ་དེ།།

ཟ་མྱོང་ད་ཞིམ་པོ་ཡོད་ལེ་མིན།།

རྒྱ་གྲོང་དཀྱིལ་གི་རོགས་ལོ་དེ།།

མཐོང་མྱོང་ད་འཇོན་ཐང་ཡོད་ལེ་མིན།།

དཀར་ཆུང་ལུ་གུའི་ཚར་ཆུང་དེ།།

སྐེ་གོང་ང་མེད་དུས་མི་དྲོ་གི།

གཡུང་མོ་ལུག་གི་མཁལ་ཚིལ་དེ།།

དང་ཁ་མེད་དུས་མི་འཇུག་གི།

རྒྱ་གྲོང་དཀྱིལ་གི་རོགས་དེ།།

འཇོན་ཐང་མེད་དུས་མི་ཐོབ་གི།

258

ཁུ་བྱུག་སྔོན་མོའི་དྲུག་འགྱུར་དེ།།

དབྱར་ལ་སྙན་རུང་དགུན་ལ་མེད།།

བྱེའུ་ཆུང་འཇོལ་མོའི་གསུང་སྐད་དེ།།

དབྱར་དགུན་མེད་པའི་སྐྱིད་ཅིག་ཡོད།།

 

བྱང་སྟོད་རྩྭ་སྐྱ་གཙང་བོ་དེ།།

དབྱར་ལ་ཆེ་རུང་དགུན་ལ་འཁེང་།།

ཡར་སྟོད་ཡར་ཆབ་གཙང་བོ་དེ།།

རྒྱུན་ཆད་མེད་པའི་སྐྱིད་ཅིག་ཡོད།།

 

ཤེས་མེད་རོགས་ལོ་ཨ་གསར་ཅན།།

ན་ནིང་མཐུན་རུང་ད་ལོ་འགྲས།།

ཤེས་ཡོད་རོགས་དགའ་ཁྲེལ་གཞུང་ཅན།།

འགྱ་འགྱུར་མེད་པའི་སྐྱིད་ཅིག་ཡོད།།

259

གསལ་ཉི་མས་ང་ལ་གསུང་གི་ར།།

ནུབ་རི་གཉིས་བར་ནས་སྒུག་སྡོད་གསུངས།།

སྒུག་མེད་གི་ཉི་མ་ཁྲེལ་མེད་རེད།།

ཁག་མེད་གི་གླིང་བཞི་བསྐོར་རྒྱ་ཆེ།།

 

བྱ་ཁུ་ལོས་ང་ལ་གསུང་གི་ར།།

ཤིང་ཤུག་པའི་རྩེ་ནས་སྒུག་སྡོད་གསུངས།།

སྒུག་མེད་གི་ཁུ་ལོ་ཁྲེལ་མེད་རེད།།

ཁག་མེད་གི་མོན་ཡུལ་ས་ཐག་རིང་།།

 

རོགས་ཆུང་ལོས་ང་ལ་གསུང་གི་ར།།

གྲོང་སྟོད་སྨད་བར་ནས་སྒུག་སྡོད་གསུངས།།

སྒུག་མེད་གི་ཆུང་ལོ་ཁྲེལ་མེད་རེད།།

ཁག་མེད་གི་བརྒྱ་སྡེའི་མྱི་ཁ་རྒོད།།

260

རྟ་མ་ཁྱེར་སྔོ་རྒྱ་གོམ་འགྲོས་ཅན།།

འཁྱེར་མྱོང་ལེའི་རྟ་དང་ཁྱད་པར་མེད།།

བོའུ་མ་ཁུར་ཁྲ་རིང་རྒྱང་ཤོམ་ཅན།།

ཁུར་མྱོང་བའི་བོའུ་དང་ཁྱད་པར་མེད།།

རོགས་མ་འདྲིས་ན་ཟླ་སྙིང་དམར་མ།།

འདྲིས་མྱོང་གི་རོགས་དང་ཁྱད་པར་མེད།།

261

ས་ངན་ཞིང་ལ་ལོ་ཏོག་མེད།།

སོན་འབྲུ་དྲུག་བཏབ་ཚད་འཕྲོ་བརླག་རེད།།

རྒྱུ་ངན་ཇ་ལ་ཁུ་བ་མེད།།

མར་དཀར་སེར་བཏབ་ཚད་འཕྲོ་བརླག་རེད།།

གཤིས་ངན་རོགས་ལ་ཡིད་ཆེས་མེད།།

ཚིག་སྙིང་གཏམ་བཤད་ཚད་འཕྲོ་བརླག་རེད།།

 

 

རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དམངས་གླུ་ཆུ་མིག་དགུ་སྒྲིལ།༨

2009-09-25 རྔ་བ་ཁུལ་ས་གནས་ལོ་རྒྱུས་གཞུང་ལས་ཁང་། ཀློག་གྲངས། མཆན ཡོད།

235

གྲལ་མགོ་སྐོར་ནས་གདན་བཏིངས།།

གོས་རི་མོ་ཅན་གྱི་གདན་ཐོག་ན།།

མགོ་གསེར་ཞྭ་ཅན་གྱི་བླ་མ་བཞུགས།།

འདི་ཡང་ཡང་བཞུགས་གི་སྨོན་ལམ་འདེབས།།

236

སྒོ་མགོའི་གསེར་མཁར་དགུ་ཐོག་རེད།།

གསེར་དགུ་ཐོག་ཉི་མ་རང་ཤར་རེད།།

སྒོ་རྩེ་ཤིང་ལོ་ཡར་འཁྱིལ་རེད།།

ཤིང་ཡར་འཁྱིལ་ཁུ་བྱུག་རང་འཁོར་རེད།།

སྒོ་ཞོལ་མཚོ་མོ་ཡར་འཁྱིལ་རེད།།

མཚོ་ཡར་འཁྱིལ་ཉ་སྲམ་རང་འཁོར་རེད།།

237

ངེད་དོ་ཐོག་གསུང་རབ་ཆོས་ཀྱིས་གང་།།

ཕ་ཨ་ཁུ་བཟང་བོས་བསགས་པ་རེད།།

ངེད་དོ་སྐེད་འབྲུ་དྲུག་ནས་ཀྱིས་གང་།།

འདི་བུ་ཆུང་བཟང་བོས་བསགས་པ་རེད།།

238

རོགས་ངེད་གཉིས་བར་ན་ལ་ཞིག་ཡོད།།

ལ་ཡོད་བསམ་སེམས་ཁྲལ་ང་ལ་མེད།།

དབྱར་ཟླ་གསུམ་འདོ་བ་ཤ་ཡོད་རེད།།

སྐབས་དེ་དུས་ཅི་བྱེད་རང་ལག་རེད།།

 

རོགས་ངེད་གཉིས་བར་ལ་ཆུ་ཞིག་ཡོད།།

ཆུ་ཡོད་བསམ་སེམས་ཁྲལ་ང་ལ་མེད།།

དགུན་ཟླ་གསུམ་ཆུ་བོ་དར་ཆགས་རེད།།

སྐབས་དེ་དུས་ཅི་བྱེད་རང་ལག་རེད།།

 

རོགས་ངེད་གཉིས་བར་ལ་མྱི་ཁ་ཡོད།།

དེ་ཡོད་བསམ་སེམས་ཁྲལ་ང་ལ་མེད།།

གཏམ་མྱི་ཁ་ལངས་རེས་འཇག་རེས་རེད།།

སྐབས་དེ་དུས་ཅི་བྱེད་རང་ལག་རེད།།

239

ཁྱོད་གངས་ཆུ་གཡས་ལུང་བརྒྱུད་ནས་ཤོག།

ང་རྫ་ཆུ་གཡོན་ལུང་བརྒྱུད་ནས་འོང་།།

མདའ་ཆུ་གཉིས་བར་ལ་ཞིང་ཁ་འདེབས།།

འབྲུ་སྟོན་ཐོག་སྨིན་བསྡད་ཡོད་ནི་བྱེད།།

 

ཁྱོད་སྤྲིན་དཀར་ལྷོ་རི་བརྒྱུད་ནས་ཤོག།

ང་སྤྲིན་དམར་བྱང་རི་བརྒྱུད་ནས་འོང་།།

གནམ་སྤྲིན་གཉིས་བར་ནས་སྦྲང་ཆར་འབེབ།།

དབྱར་སྔོན་མོ་ཚེས་བསྡད་ཡོད་ནི་བྱེད།།

 

ཁྱོད་སྨན་ཆུང་གྲོང་སྨད་བརྒྱུད་ནས་ཤོག།

ང་སྟག་ཤར་གྲོང་སྟོད་བརྒྱུད་ནས་འོང་།།

དམའ་གྲོང་གཉིས་བར་ལ་ཨ་མཐུན་སྒྲིག།

གཞིས་འཁོར་བ་བཟུང་བསྡད་ཡོད་ནི་བྱེད།།

240

སྟག་ཤ་ར་ཡག་ལ་དཔའ་སྙིང་འཛོམས།།

མགོ་ཝ་ཞྭ་ཡག་ལ་ཞྭ་ལོང་འཛོམས།།

རྐང་སོག་ལྷམ་ཡག་ལ་ཁྲ་རིས་འཛོམས།།

འཛོམས་གསུམ་འཛོམས་པའི་བཀྲ་ཤིས་ཤོག།

 

སྨན་བུ་མོ་ཡག་ལ་སྐྱེ་གཟུགས་འཛོམས།།

སྐེ་གའུ་ཡག་ལ་ག་ལོང་འཛོམས།།

སྐེད་དངུལ་ཆབ་ཡག་ལ་གཡུ་ཁྲ་འཛོམས།།

འཛོམས་གསུམ་འཛོམས་པའི་བཀྲ་ཤིས་ཤོག།

241

རྟ་སྔོ་སྐྱའི་གོམ་པ་ཐར་ཐོར་རེད།།

སྒ་གསེར་སྒའི་ལྷུ་བཞི་རུག་རུག་རེད།།

བན་བླ་མའི་ཞལ་འདོན་ལྷང་ལྷང་རེད།།

ཆོས་དཔེ་ཆའི་ཡིག་འབྲུ་ཐར་ཐོར་རེད།།

 

ཚིག་བརྒྱ་བཤད་ལོ་མ་ཐར་ཐོར་རེད།།

དོན་སྙིང་སྙིང་བོའི་འབྲས་བུ་རུག་རུག་རེད།།

དམའ་རྒྱ་གྲོང་བརྒྱ་སྡེ་ཐར་ཐར་རེད།།

རོགས་ཨ་མཐུན་བསམ་པ་འགྲིག་འགྲིག་རེད།།

242

རྟ་སྔོ་སྐྱའི་བདག་པོ་བརྒྱ་སྡེ་རེད།།

སྡེ་ལོས་ཡིན་ཕྱུག་པོའི་གསོས་མ་རེད།།

འགྲོས་གོམ་པའི་བདག་པོ་ང་རང་རེད།།

ང་ལོས་ཡིན་ཁྲམ་པའི་བུ་རེད་ཡ།།

 

བོའུ་ཁྲ་རིང་བདག་པོ་བརྒྱ་སྡེ་རེད།།

སྡེ་ལོས་ཡིན་མགར་བའི་བརྡུངས་བཟོ་རེད།།

བོའུ་གཟུ་མོའི་བདག་པོ་ང་རང་རེད།།

ང་ལོས་ཡིན་རྔོན་པའི་བུ་རེད་ཡ།།

 

རོགས་ཆུང་ལོའི་བདག་པོ་བརྒྱ་སྡེ་རེད།།

སྡེ་ལོས་ཡིན་ཕ་མའི་གཅེས་ཕྲུག་རེད།།

ཞེ་དུང་བའི་བདག་པོ་ང་རང་རེད།།

ང་ལོས་ཡིན་ཆུང་འདྲིས་རོགས་རེད་ཡ།།

243

དངུལ་དཀར་གའུ་གྲུ་དྲུག་མ།།

རྒྱ་བྱུར་དཀྲུགས་མའི་ཕྲ་རྒྱན་ཅན།།

རིག་ཚད་མི་ལ་གཡར་གི་མེད།།

སྐེ་གའུ་ཟད་འགྲོ་མ་བསམ་ད།།

ཕྲ་རྒྱ་བྱུར་ལྷུང་ན་གྱོང་ཆེན་རེད།།

 

རྒྱ་གཡུ་དྲུག་དཀར་འོ་མའི་མདོག།

སྟོང་སྐུད་དམར་བོའི་འདོག་ལོང་ཅན།།

རིག་ཚད་མི་ལ་སྟོན་གི་མེད།།

གཡུ་དྲུང་དཀར་བརླག་འགྲོ་མ་བསམ་ད།།

ལོང་སྟོང་སྐུད་ཆད་ན་གྱོང་ཆེན་རེད།།

 

ཆུང་འདྲིས་དགའ་རོགས་སྙིང་དམར་མ།།

ཞེ་མཐུན་སེམས་གི་བརྩེ་བ་ཅན།།

རིག་ཚད་མི་ལ་བཤད་གི་མེད།།

རོགས་ཨ་མཐུན་འགྱུར་འགྲོ་མ་བསམ་ད།།

གཏམ་མྱི་ཁ་ཕོག་ན་གྱོང་ཆེན་རེད།།

244

ཆུང་ཨ་ཆུང་རྩེད་མོ་རྩེ་སྒང་ནས།།

རོགས་ངེད་གཉིས་རྡོ་ལ་རི་མོ་བྲིས།།

རྡོག་ཆག་རུང་རི་མོ་ནོག་ས་མེད།།

 

ཡང་ཆུང་མེ་ཏོག་འཐུ་སྒང་ནས།།

རོགས་ངེད་གཉིས་དར་ལ་མདུད་པ་བརྒྱབས།།

དར་ཆད་རུང་མདུད་པ་གྲོལ་ས་མེད།།

 

ཞེ་མཐུན་འོ་མ་འཐུང་སྒང་ནས།།

རོགས་ངེད་གཉིས་སེམས་གི་བརྩེ་བ་བཞག།

ལུས་འགྱུར་རུང་བསམ་པ་འགྱུར་བ་མེད།།

246

དཔྱིད་ཉི་རིང་བོ་འགྱུར་ལྡོག་མང་།།

དྲོ་རེས་བརྒྱ་ལ་གྲང་རེས་སྟོང་།།

མི་ཚེ་རིང་བོ་སྒང་གཤོང་ཆེ།།

སྐྱིད་རེས་བརྒྱ་ལ་སྡུག་རེས་སྟོང་།།

246

རྫ་སྟོད་མཐོན་པོའི་བྲེ་སེར་འབྲོང་།།

རྫ་རྩྭ་མིན་པ་ཟ་བསམ་མེད།།

རྫ་རྩྭ་ཁ་བས་མནན་ཟེར་ན།།

དེ་དུས་ཅི་དགོས་གཞི་ནས་ལྟ།།

ན་དམར་གཞུང་གི་ཁ་དཀར་རྐྱང་།།

ན་ཆུ་མིན་པ་འཐུང་བསམ་མེད།།

ན་ཆུ་འཁྱག་གིས་བསྡམས་ཟེར་ན།།

དེ་དུས་ཅི་དགོས་གཞི་ནས་ལྟ།།

 

རྒྱ་གྲོང་དཀྱིལ་གི་སྟག་ཤར་བུ།།

ཆུང་འདྲིས་མིན་པ་འདྲིས་བསམ་མེད།།

ཆུང་འདྲིས་བསམ་པ་འགྱུར་ཟེར་ན།།

དེ་དུས་ཅི་དགོས་གཞི་ནས་ལྟ།།

247

ལུག་གཡུང་མོ་གཟས་ལ་མ་འགྲོ་ཟེར།།

སྤྱང་དར་མས་གཟས་ལམ་བཀག་ཡོད་ཟེར།།

ལུག་གཟས་ལ་མི་འགྲོ་ཤེས་ས་མེད།།

རྩྭ་རྩི་ཐོག་ངེད་གཉིས་གཏམ་བཞག་ཡོད།།

སྤྱང་དར་མས་བསད་ན་སྔོན་ལས་རེད།།

 

བྱེའུ་འཇོལ་མོ་ཤིང་རྩེ་མ་འགྲིམ་ཟེར།།

ཁྲ་ཧོར་བས་འགྲོ་ལམ་བཀག་ཡོད་ཟེར།།

བྱེའུ་ཤིང་རྩེ་མི་འགྲིམ་ཤེས་ས་མེད།།

ཤིང་རྩེ་མོ་ངེད་གཉིས་གཏམ་བཤད་ཡོད།།

ཁྲ་ཧོར་བས་བསད་ན་སྔོན་ལས་རེད།།

 

སྟག་ཤ་ར་རྒྱ་གྲོང་མ་འགྲིམ་ཟེར།།

གཏམ་མྱི་ཁས་གྲོང་ཚོ་དཀྲུགས་ཐལ་ཟེར།།

ང་རྒྱ་གྲོང་མི་འགྲིམ་ཤེས་ས་མེད།།

རོགས་ཆུང་འདྲིས་ངེད་གཉིས་གཏམ་བཞག་ཡོད།།

གཏམ་མྱི་ཁས་གཏོར་ན་སྔོན་ལས་རེད།།

248

རྟ་བརྒྱའི་ཐོར་མོ་རག་དཀར་མ།།

ངས་གསེར་སྲབ་གཡུ་མཐུར་ཁྱོད་ལ་སྐོན།།

ཁྱོས་རྒྱུག་གོམ་གཡུང་གསུམ་ང་ལ་སྟོན།།

རྟ་ངེད་གཉིས་གོམ་འགྲོས་འཁོར་ལོ་བསྐོར།།

 

འབྲི་བརྒྱའི་ཐུལ་མ་གྭ་ཁྱ་མ།།

ངས་སྐེ་ལུང་འཆར་ཐག་ཁྱོད་ལ་འདོག།

ཁྱོས་བདུད་རྩིའི་འོ་མ་ང་ལ་གཏོད།།

འབྲི་ང་གཉིས་འོ་ཞོའི་རྒྱ་མཚོ་སྐྱིལ།།

 

རོགས་བརྒྱའི་ཆུང་འདྲིས་སྙིང་དམར་མ།།

ངས་སྙིང་གཏམ་ཚིག་གསུམ་ཁྱོད་ལ་བཤད།།

ཁྱོས་བློ་སྙིང་བྲང་གསུམ་ང་ལ་གཏོད།།

རོགས་འུ་གཉིས་མི་ཚེ་སྐྱིད་ལ་སྐྱེལ།།

249

ང་བྱ་བརྒྱའི་རྒོད་པོ་གཤོག་རིང་མ།།

འཕུར་བཏང་ན་རི་རྩེ་གར་མཐོ་ཡིན།།

བྲག་དཀར་རྫོང་ཞིག་ལ་མ་ཐུག་ན།།

རི་རིག་ཚད་རྩེ་ལ་འབབ་རྒྱུ་མིན།།

 

ང་རྟ་བརྒྱའི་ཐོར་མོ་དྲུག་ཁྱ་མ།།

བརྒྱུག་བཏང་ན་ཐང་ཆེན་གང་བདེ་ཡིན།།

ལམ་སྐྱ་རིང་ཞིག་ལ་མ་ཐུག་ན།།

ཐང་རིག་ཚད་ཐོག་ལ་རྒྱུག་ནི་མིན།།

 

ང་སྡེ་བརྒྱའི་མཛངས་མ་གཤིས་བཟང་མ།།

འདྲིས་བཏང་ན་རོགས་ལོ་གང་ཡག་ཡིན།།

རོགས་གཤིས་བཟང་ཞིག་ལ་མ་ཐུག་ན།།

རོགས་རིག་ཚད་ངོ་མ་ལྟ་ནི་མིན།།

250

ང་ཡར་སོང་དབུས་གཙང་མཐིལ་ལ་སོང་།།

གཙང་ས་སྐྱ་བླ་མའི་མཆོད་ཆ་བརྐུས།།

མཐུ་བྱད་ཁ་ཕོག་སོ་མ་དགོས་ཐལ།།

གཉིད་རྨི་ལམ་ཙམ་ཞིག་མ་འཁྲུག་ཐལ།།

ང་ཕར་སོང་རྒྱ་གྲོང་དཀྱིལ་ལ་སོང་།།

རོགས་ཨ་མཐུན་བཙལ་ཞིང་ཞེ་མཐུན་བསྒྲིགས།།

གཏམ་མྱི་ཁ་ཕོག་སོ་མ་དགོས་ཐལ།།

མཚན་ཁྱི་ཁ་ཙམ་ཞིག་མ་གཙེས་ཐལ།།

 

ང་མར་སོང་རྒྱ་ནག་སྨད་ལ་སོང་།།

རྒྱ་ཟི་ལིང་ཨམ་བན་ཆིབས་རྟ་བརྐུས།།

ཁྲིམས་ཉེས་ཆད་ཕོག་སོ་མ་དགོས་ཐལ།།

སྐད་ཁྲིམས་གཏམ་ཙམ་ཞིག་མ་གོ་ཐལ།།

251

རྟ་འདོ་བ་སོག་པ་རྔོག་སྐྱ་ཅན།།

ཁྱོའི་རྔོག་མའི་རིང་ཐུང་བར་ལ།།

ངས་དམ་ཆེན་སྲུང་རྟགས་བཏགས་ཡོད།།

རྟ་བསམ་པ་ཅན་ཞིག་ཡིན་ན།།

སྒ་གང་ཡིན་རྒྱབ་ལ་མ་ལེན།།

 

རོགས་ཆུང་ལོ་བྱུ་རུའི་རྣ་ཏོག་ཅན།།

ཁྱོའི་ཡ་ཆུང་ལྷ་ཁང་ནང་ལ།།

ངས་མི་འགལ་མནའ་ཞིག་བསྐྱལ་ཡོད།།

རོགས་བསམ་པ་ཅན་ཞིག་ཡིན་ན།།

རོགས་གང་ཡིན་འགྲོག་གི་མ་འདུག།

 

252

རི་མཐོན་པོ་འགོ་སོ་མི་ཕོད་ས།།

སྟོད་གི་གངས་དཀར་ཏི་སེ་རེད།།

ཆུ་ཆེན་པོ་རྐྱལ་རབས་མི་ཆོད་ས།།

སྨད་ཀྱི་རྒྱལ་མོ་རྔུལ་ཆུ་རེད།།

ཐང་ཆེན་པོ་ལམ་ཐག་མི་ཆོད་ས།།

བྱང་གི་ཨ་ཆེན་གཞུང་དྲུག་རེད།།

253

ཁྱོད་ཨ་མཐུན་གར་སོང་གར་བསྡདལ།།

ཞེ་མཐུན་སའི་རོགས་ལོ་རེ་འཁྲིད་རྒྱུ་ཡོད།།

གཞིས་འཁོར་བའི་ཁྱིམ་སོ་བཟུང་ཉིན་མོ།།

ངས་ཨེ་ཡོད་ལྟད་མོ་རྒྱང་ནས་ལྟ།།

254

གནམ་སྔོན་འབབ་རེས་ཐང་རེས་རེད།།

ཆར་ཆད་མེད་ཉི་མ་ལོག་ཆར་རེད།།

ས་དོག་མོ་སྐྱ་རེས་སྔོ་རེས་རེད།།

 

མདོག་འགྱུར་མེད་ལྷ་ཤིང་ཤུག་པ་རེད།།

རོགས་ཨ་མཐུན་ཉལ་རེས་འགྱིང་རེས་རེད།།

བློ་འགྱུར་མེད་ཆེང་འདྲིས་སྙིང་དམར་རེད།།

255

མ་ལྡིང་མ་ལྡིང་ཐང་དཀར་རྒོད།།

ལྡིང་ཆེ་ན་ནམ་མཁའ་སྟོང་བ་རེད།།

མ་འཁྱུག་མ་འཁྱུག་གསེར་མིག་ཉ།།

འཁྱུག་ཆེ་ན་རྒྱ་མཚོ་གཏིང་མེད་རེད།།

མ་འདྲིས་མ་འདྲིས་ཨ་མཐུན་རོགས།།

འདྲིས་མང་ན་རྒྱ་གྲོང་མཐའ་མེད་རེད།།

256

མགོ་ཝ་ཞྭ་ནམ་མཁའི་སྤྲིན་དམར་རེད།།

རླུང་བསེར་བུ་བརྒྱབ་ན་ཇེ་དམར་རེད།།

རྟ་སྔོ་རྒྱ་སྒང་ཁའི་ཕོ་དགོ་རེད།།

སྒང་རེ་རེར་བུད་ན་ཇེ་མགྱོགས་རེད།།

རོགས་ཆུང་ལོ་སེམས་པ་སྒེར་མཐུན་རེད།།

གཏམ་མྱི་ཁ་ཡོང་ན་ཇེ་མཐུན་རེད།།

227

དཀར་ཆུང་ལུ་གུའི་ཚར་ཆུང་རེད།།

གོན་མྱོང་ད་དྲོན་པོ་ཡོད་ལེ་མིན།།

གཡང་མོ་ལུག་གི་མཁལ་ཚིལ་དེ།།

ཟ་མྱོང་ད་ཞིམ་པོ་ཡོད་ལེ་མིན།།

རྒྱ་གྲོང་དཀྱིལ་གི་རོགས་ལོ་དེ།།

མཐོང་མྱོང་ད་འཇོན་ཐང་ཡོད་ལེ་མིན།།

དཀར་ཆུང་ལུ་གུའི་ཚར་ཆུང་དེ།།

སྐེ་གོང་ང་མེད་དུས་མི་དྲོ་གི།

གཡུང་མོ་ལུག་གི་མཁལ་ཚིལ་དེ།།

དང་ཁ་མེད་དུས་མི་འཇུག་གི།

རྒྱ་གྲོང་དཀྱིལ་གི་རོགས་དེ།།

འཇོན་ཐང་མེད་དུས་མི་ཐོབ་གི།

258

ཁུ་བྱུག་སྔོན་མོའི་དྲུག་འགྱུར་དེ།།

དབྱར་ལ་སྙན་རུང་དགུན་ལ་མེད།།

བྱེའུ་ཆུང་འཇོལ་མོའི་གསུང་སྐད་དེ།།

དབྱར་དགུན་མེད་པའི་སྐྱིད་ཅིག་ཡོད།།

 

བྱང་སྟོད་རྩྭ་སྐྱ་གཙང་བོ་དེ།།

དབྱར་ལ་ཆེ་རུང་དགུན་ལ་འཁེང་།།

ཡར་སྟོད་ཡར་ཆབ་གཙང་བོ་དེ།།

རྒྱུན་ཆད་མེད་པའི་སྐྱིད་ཅིག་ཡོད།།

 

ཤེས་མེད་རོགས་ལོ་ཨ་གསར་ཅན།།

ན་ནིང་མཐུན་རུང་ད་ལོ་འགྲས།།

ཤེས་ཡོད་རོགས་དགའ་ཁྲེལ་གཞུང་ཅན།།

འགྱ་འགྱུར་མེད་པའི་སྐྱིད་ཅིག་ཡོད།།

259

གསལ་ཉི་མས་ང་ལ་གསུང་གི་ར།།

ནུབ་རི་གཉིས་བར་ནས་སྒུག་སྡོད་གསུངས།།

སྒུག་མེད་གི་ཉི་མ་ཁྲེལ་མེད་རེད།།

ཁག་མེད་གི་གླིང་བཞི་བསྐོར་རྒྱ་ཆེ།།

 

བྱ་ཁུ་ལོས་ང་ལ་གསུང་གི་ར།།

ཤིང་ཤུག་པའི་རྩེ་ནས་སྒུག་སྡོད་གསུངས།།

སྒུག་མེད་གི་ཁུ་ལོ་ཁྲེལ་མེད་རེད།།

ཁག་མེད་གི་མོན་ཡུལ་ས་ཐག་རིང་།།

 

རོགས་ཆུང་ལོས་ང་ལ་གསུང་གི་ར།།

གྲོང་སྟོད་སྨད་བར་ནས་སྒུག་སྡོད་གསུངས།།

སྒུག་མེད་གི་ཆུང་ལོ་ཁྲེལ་མེད་རེད།།

ཁག་མེད་གི་བརྒྱ་སྡེའི་མྱི་ཁ་རྒོད།།

260

རྟ་མ་ཁྱེར་སྔོ་རྒྱ་གོམ་འགྲོས་ཅན།།

འཁྱེར་མྱོང་ལེའི་རྟ་དང་ཁྱད་པར་མེད།།

བོའུ་མ་ཁུར་ཁྲ་རིང་རྒྱང་ཤོམ་ཅན།།

ཁུར་མྱོང་བའི་བོའུ་དང་ཁྱད་པར་མེད།།

རོགས་མ་འདྲིས་ན་ཟླ་སྙིང་དམར་མ།།

འདྲིས་མྱོང་གི་རོགས་དང་ཁྱད་པར་མེད།།

261

ས་ངན་ཞིང་ལ་ལོ་ཏོག་མེད།།

སོན་འབྲུ་དྲུག་བཏབ་ཚད་འཕྲོ་བརླག་རེད།།

རྒྱུ་ངན་ཇ་ལ་ཁུ་བ་མེད།།

མར་དཀར་སེར་བཏབ་ཚད་འཕྲོ་བརླག་རེད།།

གཤིས་ངན་རོགས་ལ་ཡིད་ཆེས་མེད།།

ཚིག་སྙིང་གཏམ་བཤད་ཚད་འཕྲོ་བརླག་རེད།།

 

 

རྩོམ་ཁུངས། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།