གབ་ཚིག་གསར་བསྒྲིགས།༢

རེབ་ཀོང་རྡོ་རྗེ་མཁར་སོགས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-04-23

༡ བདུད་རྩི་གཞོན་ནུའི་རྡུལ་ཕྲན་མགུལ་བ་ལ།།
   ཉི་འོད་དགའ་མས་དམ་དམ་འཁྱུད་པའི་ཚེ།།
   གཞོན་ཤ་ཆགས་པའི་གདོང་གི་མཁུར་ཚོས་ལ།།
   རླུང་གི་རྒྱལ་མཚན་འཁྱུད་དེ་ཅི་ཞིག་ལགས།།

༢ རབ་དཀར་འོ་མའི་མདངས་སུ་སྣང་བའི་ཆོས།།
   ལན་ཚྭ་མིན་ཞིང་བག་ཕྱེ་སྤུངས་པའང་མིན།།
   གཡུ་མདོག་རྩྭ་ལ་རེག་ན་སེར་བོར་བསྒྱུར།།
   ལོ་མར་རེག་ན་ཡལ་གའི་ངོས་ལས་ལྷུང༌།།

༣ དབྱར་གསུམ་མེ་ཏོག་བཞད་ཚེ་བདེ་བར་ཉལ།།
   དགུན་གསུམ་ཁ་བའི་ཁྲོད་དུ་གཉིད་ལ་ཡུར།།
   སྟོན་གསུམ་ལོ་ལེགས་སོག་མའི་ཕོན་པོའི་གསེབ།།
   སྙན་འགྱུར་མགྲིན་གླུ་བར་མེད་སྒྲོག་བགྲོད།།

༤ ལྟ་བས་མི་ངོམས་བུད་མེད་སྒྲེན་མོ་ཞིག།
   ཤ་མདངས་དཀར་བ་པ་སངས་མདངས་ལ་འཁུ།།
   རྣམ་པར་ཤེས་པ་བྲལ་ཡང་རྫུ་འཕྲུལ་མངའ།།
   ཨེ་མ་ལྷ་མོ་མགོ་ལྔ་བ་དེ་སུ།།

༥ མུ་མེད་སྤང་ལྗོངས་དགའ་མའི་གདོང་བ་ན།།
   རྣམ་པར་གཡོ་བའི་སྤྱན་མདོག་སྔོན་པོ་ཅན།།
   སྐྱ་རེངས་ཤར་ཚེ་སྔོ་རེངས་མིག་ཕྱེས་ཏེ།།
   ནམ་མཁའི་གཞོན་ནུར་ཆགས་བརྡ་སྟོན་དེ་གང༌།།

༦ རྨ་ཆེན་གངས་རིའི་སྲས་མོ་མཛེས་མ་ང༌།།
   བཅུ་དྲུག་ལང་ཚོ་ཡོངས་སུ་རྫོགས་ཟིན་པས།།
   འཇོ་སྒེག་ཉམས་འགྱུར་བཅོ་བརྒྱད་སྟོན་བཞིན་པར།།
   ཆུ་གཏེར་གཞོན་ནུའི་ཁྱིམ་དུ་བག་མར་འགྲོ།

༧ དུག་ཅན་པ་ཡི་བུ་རྣམས་དམྱལ་བ་ལས།།
   འདྲེན་ཕྱིར་ཆུ་བོ་སྐལ་ལྡན་ཤིང་རྟ་ང༌།།
   དེ་རིང་ད་གཟོད་རྫ་ལམ་མྱུར་བརྒྱུད་དེ།།
   དགའ་བའི་གླུ་དབྱངས་ལེན་པའི་སྐལ་བ་ཐོས།།

༨ མིག་མངས་རི་མོ་བྲིས་འདྲའི་སྐས་ལམ་སྟེང༌།།
   ལྟོ་ཁོག་མི་ཡིས་ཡོངས་བལྟམས་དུག་སྦྲུལ་ཞིག།
   ཁྲོས་པའི་ང་རོ་ལན་གཅིག་སྒྲོག་དང་ལྷན།།
   དྲི་འཛིན་ཤངས་ལས་རླངས་པའི་སྤྲིན་ནག་འཁྲིགས།།

༩ སྨྲ་ལྕེ་བྲལ་ཡང་གླུ་དབྱངས་ལེན་ལ་མཁས།།
   ཚོན་མདངས་རྣམ་བཀྲའི་ཀླད་རྩས་ཡོངས་སུ་སྦྲེལ།།
   མགོ་མེད་ལུས་པོར་མིག་གིས་ཡོངས་གང་བའི།།
   མཉམ་གཤིབས་གྲོགས་པོ་བཟང་བོའི་གཏམ་ལ་ཉན།།

༡༠ རབ་དཀར་མུ་ཏིག་ཤེལ་གྱི་གུར་ཁང་དུ།།
     གོམ་སྟབས་མི་འགྱུར་དུས་ཀྱི་ཕོ་ཉ་གསུམ།།
     ཉིན་མཚན་ཐུན་དྲུག་མ་ནོར་འབྱེད་པའི་ཕྱིར།།
     དབྱར་དགུན་སྟོན་དཔྱིད་མེད་པར་འགྲོས་ཀྱིས་བྲེལ།།

 

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གབ་ཚིག་གསར་བསྒྲིགས།༢

2009-04-23 རེབ་ཀོང་རྡོ་རྗེ་མཁར་སོགས། ཀློག་གྲངས། མཆན ཡོད།

༡ བདུད་རྩི་གཞོན་ནུའི་རྡུལ་ཕྲན་མགུལ་བ་ལ།།
   ཉི་འོད་དགའ་མས་དམ་དམ་འཁྱུད་པའི་ཚེ།།
   གཞོན་ཤ་ཆགས་པའི་གདོང་གི་མཁུར་ཚོས་ལ།།
   རླུང་གི་རྒྱལ་མཚན་འཁྱུད་དེ་ཅི་ཞིག་ལགས།།

༢ རབ་དཀར་འོ་མའི་མདངས་སུ་སྣང་བའི་ཆོས།།
   ལན་ཚྭ་མིན་ཞིང་བག་ཕྱེ་སྤུངས་པའང་མིན།།
   གཡུ་མདོག་རྩྭ་ལ་རེག་ན་སེར་བོར་བསྒྱུར།།
   ལོ་མར་རེག་ན་ཡལ་གའི་ངོས་ལས་ལྷུང༌།།

༣ དབྱར་གསུམ་མེ་ཏོག་བཞད་ཚེ་བདེ་བར་ཉལ།།
   དགུན་གསུམ་ཁ་བའི་ཁྲོད་དུ་གཉིད་ལ་ཡུར།།
   སྟོན་གསུམ་ལོ་ལེགས་སོག་མའི་ཕོན་པོའི་གསེབ།།
   སྙན་འགྱུར་མགྲིན་གླུ་བར་མེད་སྒྲོག་བགྲོད།།

༤ ལྟ་བས་མི་ངོམས་བུད་མེད་སྒྲེན་མོ་ཞིག།
   ཤ་མདངས་དཀར་བ་པ་སངས་མདངས་ལ་འཁུ།།
   རྣམ་པར་ཤེས་པ་བྲལ་ཡང་རྫུ་འཕྲུལ་མངའ།།
   ཨེ་མ་ལྷ་མོ་མགོ་ལྔ་བ་དེ་སུ།།

༥ མུ་མེད་སྤང་ལྗོངས་དགའ་མའི་གདོང་བ་ན།།
   རྣམ་པར་གཡོ་བའི་སྤྱན་མདོག་སྔོན་པོ་ཅན།།
   སྐྱ་རེངས་ཤར་ཚེ་སྔོ་རེངས་མིག་ཕྱེས་ཏེ།།
   ནམ་མཁའི་གཞོན་ནུར་ཆགས་བརྡ་སྟོན་དེ་གང༌།།

༦ རྨ་ཆེན་གངས་རིའི་སྲས་མོ་མཛེས་མ་ང༌།།
   བཅུ་དྲུག་ལང་ཚོ་ཡོངས་སུ་རྫོགས་ཟིན་པས།།
   འཇོ་སྒེག་ཉམས་འགྱུར་བཅོ་བརྒྱད་སྟོན་བཞིན་པར།།
   ཆུ་གཏེར་གཞོན་ནུའི་ཁྱིམ་དུ་བག་མར་འགྲོ།

༧ དུག་ཅན་པ་ཡི་བུ་རྣམས་དམྱལ་བ་ལས།།
   འདྲེན་ཕྱིར་ཆུ་བོ་སྐལ་ལྡན་ཤིང་རྟ་ང༌།།
   དེ་རིང་ད་གཟོད་རྫ་ལམ་མྱུར་བརྒྱུད་དེ།།
   དགའ་བའི་གླུ་དབྱངས་ལེན་པའི་སྐལ་བ་ཐོས།།

༨ མིག་མངས་རི་མོ་བྲིས་འདྲའི་སྐས་ལམ་སྟེང༌།།
   ལྟོ་ཁོག་མི་ཡིས་ཡོངས་བལྟམས་དུག་སྦྲུལ་ཞིག།
   ཁྲོས་པའི་ང་རོ་ལན་གཅིག་སྒྲོག་དང་ལྷན།།
   དྲི་འཛིན་ཤངས་ལས་རླངས་པའི་སྤྲིན་ནག་འཁྲིགས།།

༩ སྨྲ་ལྕེ་བྲལ་ཡང་གླུ་དབྱངས་ལེན་ལ་མཁས།།
   ཚོན་མདངས་རྣམ་བཀྲའི་ཀླད་རྩས་ཡོངས་སུ་སྦྲེལ།།
   མགོ་མེད་ལུས་པོར་མིག་གིས་ཡོངས་གང་བའི།།
   མཉམ་གཤིབས་གྲོགས་པོ་བཟང་བོའི་གཏམ་ལ་ཉན།།

༡༠ རབ་དཀར་མུ་ཏིག་ཤེལ་གྱི་གུར་ཁང་དུ།།
     གོམ་སྟབས་མི་འགྱུར་དུས་ཀྱི་ཕོ་ཉ་གསུམ།།
     ཉིན་མཚན་ཐུན་དྲུག་མ་ནོར་འབྱེད་པའི་ཕྱིར།།
     དབྱར་དགུན་སྟོན་དཔྱིད་མེད་པར་འགྲོས་ཀྱིས་བྲེལ།།

 

རྩོམ་ཁུངས།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།