ཨ་མའི་ངག་རྒྱུན།(ཁག་གཉིས་ཡོད)

རྔ་བ་སྦྲ་དུངས་སེམས། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2016-11-06

                                 སྒོ་ང་བཅག་པ།                          

ང་ཡི་ཨ་མ་སྐྱེས་གཟུགས་དེ་འདྲ་ལེགས་རྒྱུ་མེད་ཀྱང་། བྱམས་སེམས་ཆེ་ཞིང་དགེ་བའི་ཕྱོགས་སུ་རྟག་ཏུ་འབད་པ་བྱེད། ཉིན་ཞིག་ངས་ནུ་མོ་སྒྲོན་དཀར་འཁྲིད་དེ་ནོར་རྫི་བྱེད་དུ་སོང་། ལམ་བར་ནས་བྱིའུ་མ་ཞིག་གིས་སྒོ་ང་གསུམ་ན་འབུར་ཞིག་གི་རྩིབ་ཏུ་བཞག་འདུག་པ་མཐོང་། ནུ་མོ་ངེད་གཉིས་སྒོ་ང་གསུམ་པོ་ལག་ཏུ་བཟུང་ནས་ནོར་རྫིར་མ་སོང་བར་ཡུན་རིང་བོ་ཞིག་ཏུ་བརྩེས། མཉམ་མ་བཞག་ས་ནས་སྒོ་ང་གཅིག་ལག་ནས་ཤོར་ཏེ་ས་རུ་ལྷུང་ནས་བཅག བྱིའུ་མ་ངེད་གཉིས་ཀྱི་མཐའ་འཁོར་ནས་ཡར་རྒྱུག་མར་རྒྱུག་བྱེད་ཅིང་ངག་ནས་སྐད་སྣ་ཚོགས་བསྒྲགས། མཐར་སྒོ་ང་གཉིས་ཕྱིར་ཚང་ནང་དུ་བཞག་ནས་ནོར་རྫིར་སོང་། ནུབ་མོར་ནུབ་ཇ་འཐུང་བའི་སྐབས་ན་ནུ་མོས་གློ་བུར་ཏུ། ཨ་མ་དེ་རིང་ཕུ་བོས་བྱ་སྒོང་གཅིག་བཅག་བཞག་ཐལ་ཟེར། ཨ་མས་བཞིན་གྱི་འཛུམ་མདངས་གློ་བུར་དུ་ཕྱིར་བསྡུས་ཏེ་ཁྲོ་བའི་ཉམས་ཤིག་ངང་གིས་ཨ་མའི་གདོང་ལ་ཤར། ངས་སྐྲག་སྣང་དང་བཅས་མགོ་བོ་ཡར་འགྱོག་མ་ཕོད་པར་མགོ་བོ་བསྒུར་བསྒུར་བྱས་ནས་བསྡད། ཨ་མ་ཡར་ལངས་ཏེ་ངག་ནས་མ་ཎི་འདོན་ཞོར་མཆོད་ཁང་ནང་ནས་སྒྲོན་མེ་གཅིག་བླངས་ཏེ་སྟོན་པའི་འབག་སྐུ་དང་ཨ་ལགས་ཚང་གི་སྐུ་འདྲ་མདུན་ནས་མཆོད་མེ་དེ་བསྒྲོན། ཨ་མས་རང་གི་སྤྱན་མིག་གཉིས་བཙུམས་ཤིང་ལག་པའི་ཐལ་མོ་སྦྱར་ཏེ་ཡུན་རིང་བོ་ཞིག་ལ་མ་ཎི་དང་སཏྭ་བཏོན་སོང་། བར་ཞིག་ནས་ང་དང་ནུ་མོ་ངེད་གཉིས་ལ་འདིར་ཤོག་ཟེར། ངེད་གཉིས་ཀྱང་སྐྲག་སྣང་ལྷན་དུ་དལ་མོར་ཨ་མ་དང་མཆོད་ཁང་མདུན་དུ་སོང་། ཨ་མས་ཕྲེང་བ་གཉིས་ཁྱེར་ཡོང་སྟེ་ངེད་གཉིས་ཀྱི་ལག་ཏུ་བཞག་སྟེ་ད་མ་ཎི་ཁྲི་རེ་ཐོན། དེ་སུས་དག་འདོན་མ་བྱས་ན་དོ་དགོང་རྨི་ལམ་དུ་བྱིའུ་ཕྲུག་གི་ཨ་མ་ཡོང་སྟེ་ཁྱོད་གཉིས་ཀྱི་མིག་ཁྱེར་འགྲོ་ནི་རེད། དག་འདོན་བྱས་ན་བྱིའུ་ཕྲུག་གི་ཨ་མས་ཁྱོད་གཉིས་རྙེད་ནི་མ་རེད་ཟེར་བཞིན་སྔར་ལྟར་མ་ཎི་བཏོན། ངས་ཀྱང་ངོ་མ་བྱིའུ་ཕྲུག་གི་ཨ་མ་དོ་དགོང་རྨི་ལམ་དུ་ཡོང་ནས་ངའི་མིག་ཁྱེར་འགྲོ་བར་འདོད་ནས་མ་ཎི་དག་འདོན་བྱས། ཕྱི་ཉིན་ང་ནོར་རྫིར་འགྲོ་སྐབས་ཨ་མས་དེ་རིང་ནས་བཟུང་བྱ་སྒོང་སོགས་ཀྱིས་རྩེད་སྤྱད་བྱེད་མི་ཉན། དེ་དག་གི་ཨ་མ་ཡོང་ནས་རང་གི་བུ་ཕྲུག་སུས་བསད་ན་མིག་ཁྱེར་འགྲོ་ནི་རེད།མདང་དགོང་ཁྱོས་མ་ཎི་མང་བོ་བདོན་པའི་རྒྱུ་མཚན་གྱིས་བྱིའུ་ཕྲུག་གི་ཨ་མ་མ་ཡོང་བ་རེད། གལ་ཏེ་མདང་དགོང་ཁྱོས་མ་ཎི་བཏོན་མེད་ན་བྱིའུ་ཕྲུག་གི་ཨ་མ་ཡོང་སྟེ་ཁྱོའི་མིག་ཁྱེར་སོང་ཡོད་པ་རེད་ཟེར་བཞིན་ཨ་མའི་ཞལ་རས་དཀྱིལ་ལ་སྔར་གྱི་འཛུམ་མདངས་ཀྱི་མེ་ཏོག་དེ་བཞད་སོང་། ཉིན་དེ་ནས་བཟུང་ཁོ་བོས་སྒོ་ང་གཅིག་ཀྱང་རྩེད་ཆས་བྱས་མ་མྱོང་ལ། བྱིས་པ་གཞན་གྱིས་དེ་ལྟར་བྱས་ན་མ་བྱེད་ཅེས་སྐུལ་མ་དང་ཨ་མའི་སློབ་གསོ་དེ་བཏང་བ་ཡིན།

ཆུ་འདྲེ་རྒན་མོ་དང་ཆུ་ནག་ཆུ།

ང་ཆུང་དུས་ཆུ་རྩེད་ལ་ཧ་ཅང་དགའ་ལ།ངེད་ཚང་གི་རུ་འདབས་ན་ཆུ་ནག་ཆུ་ཞེས་ཆུ་ཆུང་ཆུང་ཞིག་ཡོད། ཡིན་ན་ཡང་རབ་ཁ་སོགས་མིན་ན་བྱིས་པ་ཆུང་ཆུང་དག་དེ་རུ་སོང་ན་ཉེན་ཁ་ཧ་ཅང་ཆེ།ང་དང་ཁྱིམ་མཚེས་བྱིས་པ་དག་རྒྱུན་དུ་རྩེ་གི་འགྲོ་མྱོང་།ཕ་མ་ཚོས་བཀག་ཀྱང་མ་ཁོགས་པར་རྒྱུན་དུ་རྩེ་རུ་འགྲོ་མྱོང་།ཉིན་ཞིག་མ་ཡུམ་གྱིས་ངེད་མིང་སྲིང་ལ་དག་ལ་གནའ་གཏམ་ཞིག་དང་འབྲེལ་ཏེ་འདི་ལྟར་བཤད་སོང་། སྔར་གནས་འདི་ན་ཁྱིམ་ཚང་ཕྱུག་པོ་ཞིག་ཡོད། བུ་གཉིས་ཡོད་ལ། དེ་གཉིས་ཁྱོད་ཅག་དང་འདྲ་བར་ཆུ་རྩེད་བྱེད་རྒྱུར་ཧ་ཅང་དགའ། ཉིན་ཞིག་སྤུན་གཉིས་ཀ་ཆུ་ནག་ཆུ་ཁར་ཆུ་རྩེད་བྱེད་ཀྱིན་པའི་སྐབས་ན་གློ་བུར་དུ་རྒན་མོ་ངོ་གདོང་ནག་པོ་སྐྲ་ཟིང་ཟིང་ཅན་འཇིགས་ཤིང་སྐྲག་པ་ཞིག་གིས་སྤུན་གཉིས་ཀ་ཁྲིད་སོང་། ཉིན་མང་བོར་ཕ་མ་དང་གཉེན་ཉེ་དག་གིས་བཙལ་ཡང་རྙེད་མ་སོང་། ཟླ་བ་གཅིག་གི་རྗེས་ནས་བྱིས་པ་དེ་གཉིས་རོ་ཆུ་མཐའ་རུ་འཕངས་འདུག ཁྱིམ་ཚང་གིས་ལྟ་དུས་བྱིས་པ་དེ་གཉིས་ཀྱི་ཁག་པའི་ནང་གི་རྒྱུ་མ་དང་སྙིང་མཆིན་པ་སོགས་ཚང་མ་ཁྱེར་སོང་བ་མ་ཟད་ཤ་དང་རུས་པའི་གསེང་ནས་ཁྲག་ཀྱང་འཐུང་འདུག ཅེས་མ་ཡུམ་གྱི་ཞལ་ངོ་ལ་སྐྱོ་ཉམས་ཤིག་དང་སྔམ་པ་ལྕི་ཡེར་བ་ཞིག་ཀྱང་བྱས། མུ་མཐུད་དུ་བཤད་རྒྱུར། རྒན་མོ་སྐྲ་ཟིང་ཟིང་ཅན་དེ་ནི་ཆུ་འདྲེ་རྒན་མོའམ་ཆུ་འདྲེ་ཡིན་ནི་རེད། ཁོ་མོ་རྒྱུན་དུ་ཆུ་ནང་ན་བསྐུངས་ཏེ་བསྡད་ཡོད་པ་རེད། སུ་ཚང་གི་བྱིས་པ་ཁ་མ་ཉན་པར་ཆུ་རྩེད་བྱེད་ཀྱིན་ཡོང་ན་བྱིས་པ་དེ་དག་ཁྱེར་ནས་ཁོ་རང་གི་ཁྱིམ་ལ་སོང་སྟེ་བསད་ནས་སྙིང་དང་རྒྱུ་མ་མཆིན་པ་སོགས་བླངས། ལུས་ཀྱི་ཁྲག་ཡོད་ཚད་འཐུང་སྟེ་རོ་ཆུ་ལ་བསྐུར་འཇོག་པ་རེད། ཁྱོད་ཅག་ཀྱང་ད་ཕྱིད་ཆད་ཁ་མི་ཉན་པར་ད་རུང་ཆུ་རྩེད་བྱེད་དུ་སོང་ན། ཆུ་འདྲེ་རྒན་མོ་ཡོང་སྟེ་ཁྱེར་འགྲོ་བ་ཡིན། གལ་ཏེ་ཁྱེར་སོང་ན་ངེད་ཅག་གིས་བཙལ་ཀྱང་རྙེད་ནི་མ་རེད། ཆུ་འདྲེ་རྒན་མོའི་འདུག་ས་ཆུ་འོག་ན་ཡོད་ནི་རེད། ཅེས་གཏམ་རྒྱུད་ཐུང་ཐུང་འདི་དང་འབྲེལ་ཏེ་ཆུ་ཁར་མ་འགྲོ་ཞེས་བཤད་སོང་།སྐབས་ཐོག་དེར་ངོ་མ་བདེན་པར་སྣང་སྟེ་གཏམ་རྒྱུད་འདི་ཐོས་པ་ནས་ཆུ་ཁར་རྩེ་རུ་འགྲོ་མ་ཕོད། དེ་རིང་རེས་འཁོར་ནང་ནས་ལམ་ཁ་དེར་བརྒྱུད་སྐབས། དྲ་མ་ཕྱེས་ནས་ལྟ་དུས་ཆུ་ནག་ཆུ་ངོ་མ་ཆུང་ཆུང་ཞིག་རེད། ཁོ་བོས་ད་གཟོད་ཨ་མའི་ཐབས་ཤེས་དེ་རྟོགས་སོང་། གལ་ཏེ་ཨ་མའི་ཐབས་ཤེས་དེ་མེད་ན་ངའི་རྣམ་ཤེས་ཆུ་ནག་ཆུ་དང་འགྲོགས་ཏེ་བསྡད་ཡོད་ན་ཐང་། ཨ་མའི་གཏམ་རྒྱུད་ཐུང་ཐུང་འདིས་ང་བདེ་བླག་ངང་ནར་སོན་དུ་བཅུག་སོང་།

༢༠༡༥་༡༢་༣༠་ཉིན།

རྩོམ་སྒྲིག་པ། ལྷ་སྐྱིད།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཨ་མའི་ངག་རྒྱུན།(ཁག་གཉིས་ཡོད)

2016-11-06 རྔ་བ་སྦྲ་དུངས་སེམས། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།